དེ་རིང་ནི2025ལོའི་ཟླ11པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-04 08:58:52   |   192

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། སི་ཕེན་གྱི་རྒྱལ་བོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པས་ཟླ11ཚེས10ནས་ཚེས13ཉིན་བར། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཟླ10ཚེས30ཉིན་བར། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་དགུ་བསྡུས་ཟིན་པ་དང་། དགུན་གྲོ་འདེབས་ཚད་བཅུ་ཆ་གཉིས་དང་ཕྱེད་ཀ་ལས་བརྒལ་ཡོད།

  • སློབ་གསོ་པུས་ཡིག་ཆ་བཀྲམ་ནས་མཐོ་རིམ་སློབ་གྲྭའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་མིང་ཐོ་འགོད་པའི་ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི7.9ཟིན་པ་དང་། དུས་མཚུངས་ལས5.6%འཕར་ཡོད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་འཕྲུལ་མིའི་ལས་རིགས་ཀྱི་གཉེར་སྐྱོང་ཡོང་འབབ་དུས་མཚུངས་ལས29.5%འཕར་ཡོད།

  • ཚེས3ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་སྤྱི་བསྒྲགས་སྤེལ་ནས། སྒོ་དབྱེ་དང་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གསར་གཏོད་བྱེད་ཐབས་ཁག10ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྤྱི་བདེ་པུ་སོགས་སྡེ་ཚན་དྲུག་གིས་བརྡ་ཐོ་བཏང་ནས་དུས་ཡུན་ལོ་གཅིག་གི་ཁྲིམས་འགལ་མྱུར་སྐྱོབ་རླངས་འཁོར་ལ་མཉམ་འབྲེལ་ཐོག་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་གཏན་འབེབས་བྱས་པ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་དང་ལྷོ་ཁོ་རེ་ཡ་དངུལ་ཁང་བར་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་ལ་མུ་མཐུད་མིང་རྟགས་བཀོད་པ་དང་། བརྗེ་རེས་ཀྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར4000རེར་ཧན་སྒོར་དུང་ཕྱུར་ཁྲི70ཡིན་པ་དང་། གྲོས་མཐུན་གོ་ཆོད་དུས་ཡུན་ལོ་ལྔ་ཡིན་ལ་ཕྱོགས་གཉིས་པོ་མོས་མཐུན་བྱུང་ན་དུས་ཡུན་ཇེ་རིང་དུ་བཏང་ཆོག་པ་རེད།

01.jpg

  • ཚེས3ཉིན། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། རྒྱང་ཚོར་ཨང་ཞེ་དྲུག་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་དེ་སྔོན་དུ་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་ཐུབ་ཡོད།

  • ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་སོགས་རྒྱལ་ཁབ་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་དེ2026ལོའི་ལོ་མཇུག་བར་རིང་དུ་གཏོང་རྒྱུ་དང་། 2025ལོའི་ཟླ11ཚེས10ཉིན་ནས2026ལོའི་ཟླ12ཚེས31ཉིན་བར། སུའེ་ཏེན་ལ་ཐོངས་མཆན་འགོད་མི་དགོས་པ་གཏན་འབེབས་བྱས་པ་རེད།

སྤྱི་ཚོགས།

  • ཚེས5ནས9བར། ཅུང་ཆེ་བའི་མཁའ་རླུང་གྲང་བོས་ནུབ་ནས་ཤར་ཕྱོགས་སུ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་པ་དང་། ཞིན་ཅང་གི་ནུབ་བྱང་རྒྱུད་དང་ནང་སོག་གི་ནུབ་རྒྱུད་དང་བྱང་ཤར་རྒྱུད། བྱང་ཤར་ས་ཁུལ་གྱི་བྱང་རྒྱུད། ཤར་རྒྱུད་ས་ཁུལ་གྱི་ས་ཆ་ལ་ལར་དྲོད་ཚད10℃ཡན་མར་ཆག་རྒྱུ་རེད།

  • 2026ལོར་དམག་དཔུང་གི་ཞི་བའི་ལས་མི་བསྡུ་བའི་རྒྱུགས་ལེན་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ། རྒྱུགས་སྤྲོད་སློབ་མས་ཚེས3ཉིན་གྱི་ཆུ་ཚོད8ནས་ཚེས9ཉིན་གྱི་ཆུ་ཚོད18བར་དམག་དཔུང་ཤེས་ལྡན་མི་སྣའི་དྲ་བར་ཞུགས་ནས་དྲ་ཐོག་ནས་མིང་ཐོ་འགོད་པ་རེད།

  • ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཚེས5ནས10ཉིན་བར་ཧྲང་ཧའེ་རུ་གཉེར་རྒྱུ་ཡིན་པ་དང་། ད་ལོའི་འགྲེམས་སྟོན་རྒྱ་ཁྱོན་དང་འགྲེམས་ཞུགས་ཁེ་ལས་ཀྱི་སྡོམ་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རིན་གཞོན་པ་སུང་ཁྲའོ་ཧྭ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པ་ཏང་གི་སྒྲིག་ཁོངས་ནས་ཕྱིར་འབུད་བྱས་པ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རིན་གཞོན་པ་ཞུས་ཞན་ཕིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པ་ཏང་གི་སྒྲིག་ཁོངས་ནས་ཕྱིར་འབུད་བྱས་པ་རེད།

  • ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཀྲུའུ་ཞི་གཞོན་པ་ཝང་ཅན་ཅུན་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས་སྐབས་བཅོ་ལྔ་པའི་ཕིང་ཕང་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དུས་མཚམས་སྐོར་གྱི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་དང་། ད་ཐེངས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཁོངས་མིའི་ཚོ་ཆུང་དང་གཞོན་ནུའི་ཚོ་ཆུང་ཕན་ཚུན་འགྲན་བསྡུར་བྱེད་པའི་རྣམ་པ་ཐོག་མར་སྤྱོད་རྒྱུ་རེད།

02.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས25ཉིན་ཀྲུང་གོའི་ཅིན་ཅུས་ཟློས་གར་སྒྱུ་རྩལ་གྱི་སྤྱིར་བཏང་དྲན་གསོའི་དངུལ་སྒོར་གཅིག་འགྲེམས་སྤེལ་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།

  • རང་རྒྱལ་གྱི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་མེ་ཤུགས་གློག་འདོན་བཟོ་གྲྭ་སྟེ་པེ་ལུན་གློག་ཁང་གིས་ཚེས3ཉིན་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་ཏུའུ་དུང་ཕྱུར400ལས་བརྒལ་རྒྱུ་རེད།

  • ཚེས3ཉིན། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི“ལིའུ་ཀྲོའུ་ནས་ཆིན་ཀྲོའུ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ”གྱི་ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་ཆེད་གཏོང་མེ་འཁོར་ཐོག་མར་བཏང་བ་རེད།

སྲིད་ཇུས།

  • 《ཚོང་སྤྱོད་གཙང་སྦྲ་འཕྲུལ་མིའི》རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ5ཚེས1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་དང་ཚད་ལྡན་སྤྱོད་ཁོངས་ནི་ཁྲོམ་ར་དང་། མགྲོན་ཁང་ཆེན་མོ། ལས་སྒྲུབ་ཐོག་ཁང་། ས་འོག་རླངས་འཁོར་འཇོག་ས་སོགས་ཚོང་སྤྱོད་ཁོར་ཡུག་ཁྲོད་སྤྱོད་པའི་གཙང་སྦྲའི་འཕྲུལ་མི་ཡིན་པ་རེད།

  • སི་ཁྲོན་གྱིས2026ལོའི་ཟླ1ཚེས1ཉིན་ནས2026ལོའི་ཟླ12ཚེས31ཉིན་བར། ཆ་རྐྱེན་དང་མཐུན་པའི་བཤས་ཕྱུགས(ནོར)སྐྱེ་འཕེལ་ཐུབ་པའི་གསོ་ཚགས་ཕྱུགས་རར(དུད་ཚང)ཕྱུགས་ཟོག་གཅིག་ལ་སྒོར300ཡི་ཚད་གཞི་ལྟར་སྐུལ་ལྕག་དངུལ་སྟེར་རྒྱུ་ཁ་གསལ་བཏོན་ཡོད།

  • ཧུའུ་ནན་གྱིས་ཡིག་ཆ་བཀྲམ་ནས་མི་བཀོལ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གཉེན་སྒྲིག་གུང་གསེང་གི་རྨང་གཞིའི་ཐོག ལས་བཟོའི་གཉེན་སྒྲིག་གུང་གསེང་ཉིན20བར་རིང་དུ་གཏོང་རྒྱུར་སྐུལ་ལྕག་བྱས་པ་རེད།

དེ་རིང་གི་གནམ་གཤིས།

03.jpg

  • ལྷོ་ནུབ་ས་ཁུལ་དང་། ཅང་ནན་ས་ཁུལ། ཧྭ་ནན་སོགས་སུ་ཆར་བ་འབབ་རྒྱུ་དང་། དེའི་ནང་ཡུན་ནན་གྱི་དབུས་ནུབ་རྒྱུད་དང་། ཧུའུ་ནན་གྱི་དབུས་རྒྱུད་དང་ལྷོ་རྒྱུད། ཅང་ཞིའི་དབུས་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་ས་ཁུལ་དུ་དྲག་ཆར་ཆེན་པོའམ་ཡང་ན་དྲག་ཆར་ཆེས་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།