དེ་རིང་ནི2025ལོའི་ཟླ11པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-05 08:36:19   |   151

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ11པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་།

  • ཟླ11པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་མའེ་ཅ་ལ་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་ཐད་ཡ་མའེ་ཅའི་ཙུང་ཏུའུ་ཨའེ་ལུན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

2.jpg

  • ལྷ་གྲུ་ཉི་ཤུ་པ་དང་ལྷ་གྲུ་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་འཁོར་ལམ་ཐོག་གི་རྩིས་སྤྲོད་རྩིས་ལེན་ལེགས་འགྲུབ་བྱུང་བ་དང་། ལྷ་གྲུ་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་དེ་རིང་སའི་གོ་ལར་ཕྱིར་ལོག་རྒྱུ་རེད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོའི་ངང་འཕར་ནས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར59362.2ཟིན་ཡོད། དེ་དུས་མཚུངས་ལས7.6%འཕར་ཡོད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས161.66ཟིན་པ་དང་ཁེ་ལས་ཀྱི་ཡིད་རྟོན་ཆུ་ཚད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

  • 2026ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་གི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པའི་ནང་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་ཉིན་དགུ་དང་རྒྱལ་སྟོན་གྱི་ངལ་གསོ་ཉིན་བདུན་ཡིན།

  • ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭས2024-2025ལོ་འཁོར་གྱི་ཆུ་འདྲེན་ལས་འགན་ལེགས་འགྲུབ་བྱུང་། རིམ་རྩིས་བྱས་ན་བྱང་ཕྱོགས་སུ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར64.73ཟིན་པ་དང་། ཕན་པ་ཐོབ་མཁན་མི་དུང་ཕྱུར1.18ཙམ་ཟིན་ཡོད།

  • ཚེས4ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཧོ་ལན་ཕྱོགས་ཀྱིས་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་བསྐྱོད་དེ་ཨན་ཧྲི་གློག་འདྲེན་ཕྱེད་གཟུགས་ཀྱི་གནད་དོན་ལ་དགེ་མཚན་ལྡན་པའི་ཐག་གཅོད་བྱེད་ཐབས་འཚོལ་རྒྱུའི་རེ་བ་ཡོད་ཅེས་བཤད།

    སྤྱི་ཚོགས།

  • ལོ་འཁོར་འདིའི་ཆེས་ཆེ་བའི“རིམ་འདས་ཟླ་བ”དེ་དགོང་མཁའ་དབྱིངས་སུ་མངོན་རྒྱུ་ཡིན་པ་དང་། ཆུ་ཚོད21:19སྔ་རྗེས་སུ་ཟླ་བ་ཁ་གང་རྒྱུ་རེད།

  • ཀོང་ཀྲོའུ་ནས་ཧྲེན་ཀྲེན་བར་གྱི་ལྕགས་ལམ་གྱི་ལམ་ཐིགIདངⅡཡི་སྤུས་ཚད་མཐོར་གཏོང་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་། དེ་རིང་ནས་བཟུང་ཤུགས་འགྲེམ་མེ་འཁོར་དེ་ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ200ཐོག་འཁོར་སྐྱོད་བྱ་རྒྱུ་དང་། འགྲུལ་བ་མ་་བའི་དུས་མཚམས་སུ་སྐར་མ5ཡི་ནང་ཐེངས་གཅིག་གཏོང་རྒྱུ་རེད།

3.jpg

  • རྒྱལ་ནང་གིC919སྟེ་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་བརྗོད་དོན་བྱས་ཏེ་ཚོན་རིས་བྱུགས་པའི་གནམ་གྲུ་ཐོག་མ་དེ་འཕུར་སྐྱོད་བྱས། སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་རིང་གནམ་གྲུ་དེ་གཙོ་བོ་ཀོང་ཀྲོའུ་ནས་ཧྲང་ཧའེ་ཧུང་ཆའོ་བར་གྱི་མཁའ་ལམ་ཐོག་འཕུར་རྒྱུ་རེད།

  • སྐབས138པའི་ཀོང་ཀྲོའུ་ཚོང་འདུས་ཚེས4ཉིན་མཇུག་གྲིལ། སྐབས་འདིའི་འགྲེམ་ཚོགས་ཐོག་རིམ་རྩིས་བྱས་ན་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི31ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • འབར་མ་བྱང་རྒྱུད་ཀྱི་པེ་ཚང་ཉེས་གསོག་ཚོགས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། པའེ་སུའོ་ཁྲེང་དང་པའེ་དབྱིང་ཚང་སོགས་ཞུ་སྦྱོར་ཕྱི་མ5ལ་སྲོག་ཁྲིམས་བཅད།

  • ཉེ་ཆར་འཛད་སྤྱོད་པས་ཅང་ཞི་ནན་ཁྲང་སོགས་ས་ཁུལ་དུ་ཁ་པར་གཱ་གཉེར་བར་ཁ་པར་གྱི་གྲོན་དངུལ་མཐོན་པོ་སྤྲོད་དགོས་པ་སོགས་ཀྱི་གནད་དོན་འདུག་ཅེས་བཤད། ཅང་ཞི་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཚེས4ཉིན་བརྡ་ཁྱབ་བཏང་ནས་འབྲེལ་ཡོད་ཁེ་ལས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དག་ཐེར་བྱ་རྒྱུའི་འགན་དཀྲིས་ཡོད།

  • ད་ལོའི་དགུན་དུས། ཧར་པིན་གྱིས་རྒྱ་ཁྱོན་ཁྲི་བརྒྱ་ལས་བརྒལ་བའི་གངས་འཁྱག་གནས་སྐོར་མཛེས་ལྗོངས་ཁུལ་གསུམ་གཏོད་རྒྱུ་རེད། དེའི་ནང་ཧར་པིན་གྱི་གངས་འཁྱགས་འཛམ་གླིང་གླིང་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི120བར་ཆེ་རུ་གཏོང་རྒྱུ་ཡིན་པ་དེ་སྐབས་རིམ་བྱུང་གི་མཐོ་ཤོས་སུ་སླེབས་རྒྱུ་རེད།

  • ནང་སོག་གི་མཐོ་གནོན་གློག་དྲས་རིམ་རྩིས་བྱས་ན་གློག་ཕྱིར་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར8000ལས་བརྒལ་ཡོད་ཅིང་། དེ་ནི་ཁྱིམ་ཚང་དུང་ཕྱུར2.8ཀྱི་ལོ་ཧྲིལ་པོའི་གློག་སྤྱོད་ཚད་འགན་ལེན་བྱས་པ་དང་མཚུངས།

4.jpg

  • ཀོའུ་ཀོང་རྟེན་མཛོད་ཁང་གིས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ་རིག་དངོས166འགྲེམ་སྟོན་བྱས། སྤྱི་དམངས་ཀྱིས“ས་འོག་གི་ཙི་ཅིན་མཁར” མཐོང་ཐུབ།

  • ཚེས4ཉིན་ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་མན་དབྱང་རྟེན་གཞི་ཚོད་ལྟའི་འཁོར་སྐྱོད་བྱེད་མགོ་ཚུགས་པ་དང་། “ཆན་ཞི”དང“ཡ་ཞང”སོགས་དོམ་ཁྲ13དེ་གར་སྡོད་རྒྱུ་ཡིན་པ་དང་གོ་སྐབས་དང་བསྟུན་ནས་སྤྱི་དམངས་ལ་སྒོ་ཕྱེ་རྒྱུ་རེད།

    སྲིད་ཇུས།

  • 《དར་མའི་བདེ་ཐང་བརྟག་དཔྱད་རྣམ་གྲངས་ཀྱི་འོས་སྦྱོར་མཛུབ་ཁྲིད(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས། དེས་བདེ་ཐང་བརྟག་དཔྱད་ཀྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ཞིབ་བཤེར་བྱ་ཡུལ་གྱི་བདེ་ཐང་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་ཞིང་ཆེན་ཡོངས་སུ་སློབ་གྲྭ་ཆུང་འབྲིང་གི་དཔྱིད་སྟོན་གུང་གསེང་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ས་གནས་ཁག་གིས་བབ་བསྟུན་ངང་ཇུས་གཞི་བཟོ་རྒྱུ་རེད།

  • ཁྲུང་ཆིང་གིས་བྱེད་ཐབས་བཅུ་བཏོན་ནས་སྤུས་ཚད་མཐོ་བའི་སྒོ་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་བཏང་སྟེ། སློབ་ཆུང་དང་དམའ་འབྲིང་གི་ཕུལ་བྱུང་རྐང་རྩེད་སྤོ་ལོའི་ཤེས་ལྡན་མི་སྣ་སློབ་ཁུལ་ལས་བརྒལ་ནས་ལུགས་མཐུན་ངང་འཁོར་སྐྱོད་དང་སྒྲིག་གཞི་ཚང་བའི་སྒོ་ནས་སློབ་རིམ་འཕར་ཆོག་པ་ཁ་གསལ་བཏོན་ཡོད།

    དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ནུབ་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ནང་སོག་གི་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ཨ་ལེ་ཐའེ་ས་ཁུལ་དང་། ཐེན་ཧྲན་རི་རྒྱུད། དབྱི་ལི་ལུང་གཞུང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་ཆག་འབབ་རྒྱུ་རེད། ས་ཆ་ཁ་ཤས་སུ་ཁངས་ཆག་ཆེན་པོ་འབབ་རྒྱུ་རེད། ཡུན་ནན་གྱི་ནུབ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཡུན་ནན་ལྷོ་ནུབ་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།