དེ་རིང་ནི2025ལོའི་ཟླ11པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-06 09:29:16   |   49

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥི་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ལ་པ་ལ་ཝུའུ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས། ཀྲུང་ཧྥི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ50འགོར་བར་རྟེན་འབྲེལ་ཞུས་པ་རེད།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་དགུན་གྲོ་འདེབས་ཚད་བཅུ་ཆ་བཞི་ལས་བརྒལ་ཡོད་པ་རེད།

01.jpg

  • ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཚེས5ཉིན་ཧྲང་ཧའེ་ནས་འཚོགས་མགོ་བརྩམས།

  • སློབ་གསོ་པུ་སོགས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག《དུས་རབས་གསར་པའི་མཐོ་རིམ་སློབ་ཆེན་གྱི་གཞོན་ནུ་དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ནས། མཐོ་རིམ་སློབ་ཆེན་དགེ་རྒན་གྱི་གདེང་འཇོག་སྒྱུར་བཅོས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།

  • ཟླ10པར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་སྟོན་གྲངས113.2ཟིན་པ་དང་། དུས་མཚུངས་ལས1.2%འཕར་ནས་བསྟུད་མར་ཟླ་དྲུག་ལ་འཕར་ཡོད་པ་རེད།

  • དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར506ཡིན་པ་དང་། དུས་མཚུངས་ལས3.1%འཕར་ཡོད།

  • ཚེས5ཉིན་ནས་བཟུང་ཀྲུང་གོ་མི་དམངས་དངུལ་ཁང་གིས་སྒོར་དུང་ཕྱུར7000མར་བཏང་ནས་ཉོ་སྒྲུབ་བྱེད་ཐབས་སྤེལ་བ་དང་། དུས་ཡུན་ཟླ་བ3ཡིན་པ་རེད།

  • སྔོན་གྱི་འཆར་གཞི་ལྟར་ན་ཟླ11པའི་ཚེས5ཉིན་ལག་བསྟར་བྱེད་རྒྱུ་ཡིན་པའི་ཧྲིན་ཀྲོའུ་ཨང་ཉི་ཤུ་པ་ཕྱིར་ལོག་པའི་ལས་འགན་ཕྱིར་འགྱངས་བྱེད་རྒྱུ་རེད།

02.jpg

  • ཚེས5ཉིན་བར། ནུབ་རྒྱུད་ཀྱི་སྐམ་མཚོ་ཐོག་གི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱིས་ད་ལོ་རིམ་རྩིས་བྱས་ན་སྐྱེལ་འདྲེན་བྱས་ཚད་དངོས་ཟོག་ཚད་ལྡན་སྒམ་ཁྲི120ལས་བརྒལ་བ་དང་། དུས་མཚུངས་ལས63.2%འཕར་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས5ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་“གཡོ་མཚམས་འཇོག་པའི”ཉིན36པར་སླེབས་ནས། དུས་ཚོད་རིང་ཤོས་ཀྱི་ཟིན་ཐོ་བཏོད།

སྤྱི་ཚོགས།

03.jpg

  • ཚེས5ནས9ཉིན་བར། ཅུང་ཆེ་བའི་མཁའ་རླུང་གྲང་མོས་ནུབ་ནས་ཤར་ཕྱོགས་སུ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་མུ་མཐུད་ཤུགས་རྐྱེན་ཐེབས་པ་དང་། ས་ཁུལ་ཁག་གཅིག་ཏུ་དྲོད་ཚད་མར་ཆག་ཚད་ཏུའུ10℃ལས་བརྒལ།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི3762དང་མི7316ཁྲིམས་སྦྱོར་བྱས་ཡོད།

  • ཚེས5ཉིན་སྐབས35པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། བརྩམས་ཆོས377ལ་བྱ་དགའ་ཐོབ་ཡོད།

  • 2025ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་གྱི་དབུ་ཚོགས་དེ་ཚེས6ནས9ཉིན་བར་ཀྲེ་ཅང་ཐུང་ཤང་ཝུའུ་ཀྲེན་དུ་འཚོགས་རྒྱུ་རེད།

  • 2025ལོར་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་འདུ་འགོད་ཀྱི་འབུམ་རམས་པའི་ཆེད་དོན་འཆར་གཞི་ཉེ་ཆར་ལག་ལེན་བསྟར་མགོ་ཚུགས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས5ཉིན་གྱི་ཕྱི་དྲོར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས43པའི་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ལོ་རེའི་ཟླ3པའི་ཚེས21ཉིན“རྒྱལ་སྤྱིའི་ཐའེ་ཅི་དྲག་རྩལ་ཉིན་མོ”ཡིན་པ་ཁྱབ་བསྒྲགས་བྱས།

04.jpg

  • ཡོངས་བསྒྲགས་ངང་གདན་ཞུ་བྱས་པ་བརྒྱུད། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཞིབ་འཇུག་བྱས་ནས་ཧྲའོ་ཅ་དབྱི་ཀྲུང་གོ་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོར་གདན་ཞུ་བྱས་པ་རེད།

  • ཚེས5ཉིན། ཀོང་ཏུང་ཀྲུའུ་ཧའེ་དང་ཨའོ་མོན་འབྲེལ་མཐུད་བྱེད་པའི་ཧེང་ཆིན་འགག་སྒོས་རིག་ནུས་མྱུར་བགྲོད་ལམ་དངོས་སུ་ལག་བསྟར་བྱས་པ་རེད།

  • ཚེས5ཉིན་ཧོ་ནན་ཕིང་ཏིང་རི་བོའི་གྲུ་ཁ་དངོས་སུ་གཉེར་སྐྱོང་བྱས་པ་དང་། ཕིང་ཏིང་རི་བོ་ཧོ་ནན་གྱི་ཟོག་འདྲེན་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར4པར་གྱུར་ཡོད།

  • ཉེ་ཆར། ཉིང་ཞ་ཝུའུ་ཀྲུང་ཐུང་ཞིན་རྫོང་གི་མི་དམངས་ཉེན་རྟོག་པ་དབྱང་གོ་ལིན་གྱིས་སྣུམ་སྣོད་རླངས་འཁོར་གཙང་སེལ་གྱི་རོགས་སྐྱོབ་ཉེན་རྟོག་པའི་གནས་ཚུལ་ཐག་གཅོད་བྱེད་རིང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་གཞུང་དོན་དུ་རང་སྲོག་བློས་བཏང་བ་དང་ལོ34ཡིན།

སྲིད་ཇུས།

  • ཧྥུའུ་ཅན་གྱིས་བརྡ་ཐོ་བཏང་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི“ཐེངས་གཅིག་ལ་ཐོ་འགོད་དོ་དམ་ཐེངས་གཅིག་བྱེད་པའི་སྨན་བཅོས་བརྒྱུད་རིམ་”གྱི་དམངས་ཕན་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད།

  • ཧུའུ་ནན་གྱིས་བརྡ་ཐོ་བཏང་ནས་རིག་ནུས་འཕྲུལ་མིས་གློག་ལྡན་ལས་སྒྲུབ་དང་། འོད་ཤུགས་གཙང་འཁྲུགས། ལམ་ཐིག་སྐོར་ཞིབ་སོགས་ཉེན་ཁ་ཆེ་བའི་ལས་གནས་སུ་སྤྱོད་ཤུགས་ཆེ་རུ་བཏང་ཡོད།

  • ཧྲན་ཤིས་ཀྱིས་བརྡ་ཐོ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཐད“མང་སྤྲོད་མང་ཐོབ་དང་། ཡུན་རིང་སྤྲད་ན་མང་ཐོབ”ཀྱི་སྐུལ་ལྕག་ལམ་སྲོལ་ལ་སྔར་བས་ཤུགས་སྣོན་བྱས་ནས་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ལོ་དེའི་རིམ་པ་མཐོ་རུ་གཏོང་ཐུབ་པ་མངོན་འགྱུར་བྱས་ཡོད།

དེ་རིང་གི་གནམ་གཤིས།

05.jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་རི་ཁུལ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་དབུས་བྱང་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། ཞིན་ཅང་གི་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་དྲག་ཁངས་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཁངས་ཆེན་པོ་འབབ་རྒྱུ་རེད། ནང་སོག་གི་ནུབ་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་འབབ་རྒྱུ་དང་། དེའི་ནང་ཡུན་ནན་གྱི་ལྷོ་ནུབ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཏུ་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།