དེ་རིང་ནི2025ལོའི་ཟླ11པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-07 09:31:21   |   36

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་ལས་དོན་སྙན་ཞུར་གསན་སྐབས་ནན་གྱི་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཚད་གཞི་མཐོ་བའི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་དགོས་ཟེར།

  • ཟླ11ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་སྨི་ཡ·སུའུ་ལུའུ་ཧུའུ·ཧ་སང་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཐན་ཙན་ནི་ཡའི་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

  • ཟླ11ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ས་མོ་ཡའི་རང་བཙན་རྒྱལ་ཁབ་ཀྱི་གཙོ་བདག་ཐུའུ་དབྱི་མ་ལའེ་ཨ་ལི་ཧྥ་ནུའོ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་སཱ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འགོར་བར་རྟེན་འབྲེལ་ཞུས་པ་རེད།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་གིས་ཟླ11ཚེས13ནས17ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཟླ་མཇུག་བར། རང་རྒྱལ་གྱི་ནུས་གསོག་འཕྲུལ་འཁོར་གསར་པའི་གཞི་ཁྱོན་སྟོང་ཝ་དུང་ཕྱུར1ལས་བརྒལ་ཡོད།

  • ཚེས6ཉིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དགུ་པའི་བར། རང་རྒྱལ་གྱི་རིགས་ཁག་གི་རྩ་འཛུགས་སྒྲིག་གཞིའི་སྡོམ་འབོར་དུང་ཕྱུར2.02ཟིན་པ་དང་། དེའི་ནང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས63%བཟུང་ཡོད།

  • ཁྲུང་ཆིང་གྲོང་ཁྱེར་གྱིས་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱས་ནས་ལེང་ཅང་ཁུལ་གསར་བཙུགས་པ་དང་། ཅང་པེ་ཆུས་དང་ཡུས་པེ་ཁུལ་མེད་པར་བཅོས།

  • རང་རྒྱལ་གྱིས་སྣེ་ཁྲིད་དེ་བཟོས་པའི་གོ་ལ་ཧྲིལ་པོའི་བཟོ་ལས5Gརྒྱལ་སྤྱིའི་ཚད་གཞི་དང་པོ《བཟོ་ལས་དྲ་རྒྱའི5Gའཕྲིན་གཏོང་ལག་རྩལ་གྱི་སྤྱི་སྤྱོད་བླང་བྱ་》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

02.jpg

  • ཉེ་ཆར། ཐེན་ཝུན་ཨང་རྟགས་དང་པོའི་སྐོར་དཀྲིས་ཆས་ཀྱིས་དབྱེ་འབྱེད་མཐོ་བའི་པར་ཆས་སྤྱད་དེ་སྐར་མའི་གོ་ལའི་ཨ་ཐེ་ལ་སིར་གྲུབ་འབྲས་ཐོབ་པའི་ངང་ལྟ་ཞིབ་ཚད་ལེན་བྱས་པ་རེད།

  • རྒྱ་མཚོའི་རླུང་འཚུབ“མཚོ་སྐྱར”གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས6ཉིན་ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོ་སི་ཡིས་རྒྱལ་ཡོངས་གནོད་འཚེའི་གནས་སུ་སླེབས་པའི་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

03.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་འཐིབ་པའི་ཉེན་བརྡ་སེར་པོའི་མུ་མཐུད་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་སྔ་དྲོར། ཧོ་པེ་དང་ཧྲན་ཤིས་སོགས་ས་ཁུལ་ཁག་གཅིག་ཏུ་མཐོང་ཚད་སྨི500མེད་པའི་སྨུག་པ་སྟུག་པོ་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་མཐོང་ཚད་སྨི200མེད་པའི་སྨུག་པ་ཆེན་པོ་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11ཚེས20ཉིན་ནས་བཟུང་ནང་ལོག་གིས་སྤུན་ཟླ་ཐའེ་དབན་བའི་ལག་ཁྱེར་ནུས་ལྡན་ཐེངས་གཅིག་སྤྲོད་ཆོག་པའི་འགག་སྒོ100བར་མང་དུ་བཏང་པ་རེད།

  • ཚེས5ཉིན། ཆུ་ཚོད24ཡི་རིང་ཐད་ཀར་རྒྱལ་མཚམས་སྒྲོལ་ནས་ཞིབ་བཤེར་བྱེད་མི་དགོས་པའི་སྲིད་ཇུས་ཁུན་མིང་དུ་དོན་འཁྱོལ་བྱས་པ་རེད།

  • རང་རྒྱལ་གྱི་ཀོང་ཤིས་བྱང་རྒྱུད་ཀྱི་མཚོ་ཁུག་མཚོ་ཁོངས་ཀྱི་སྣུམ་རླངས་ལས་སྟེགས་ཆེ་ཤོས་ཏེ་ཝེ་ཀྲོའུ་11-4CEPDལས་སྟེགས་ཀྱིས་འཕྱོ་རྟེན་སྒྲིག་སྦྱོར་བྱས་ཡོད།

04.jpg

  • ཚེས6ཉིན། རང་རྒྱལ་གྱི་རིམ་པ་གཉིས་ལྡན་གྱི་གསེག་འཐེན་དཔྱང་ཐག་མཉམ་ལས་མ་ལག་གི་ཟམ་ཆེན་ཐོག་མ་སྟེ། ཐུང་ལིན་འབྲི་ཆུ་གསུམ་པོ་ཟམ་པ་དངོས་སུ་ཤར་གཏོང་ཐུབ་ཡོད།

  • ཚེས6ཉིན་ནས་བཟུང་། ཆིན་ཐམ་གྲོང་ཁྱེར་དབར་གྱི་ལྕགས་ལམ་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པའི་དུམ་བུ་འཁོར་སྐྱོད་ཚོད་ལྟའི་དུས་མཚམས་སུ་སླེབས་ནས་ལམ་ཐིག་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་པར་མཐའ་མའི་ཚད་ལྟ་བྱེད་ཀྱི་ཡོད།

  • ཀན་སུའུ་ཞིང་ཆེན་ཕིང་ལེའང་གྲོང་ཁྱེར་ལི་ཏུང་ཆུས་སུ་ཡེ་མེ་པའེ་ཡུན་བྲག་རྡོའི་གཏེར་ཁུངས་ཆེ་གྲས་ཤིག་བདེ་བླག་ངང་འཚོལ་ཞིབ་ཐུབ་པ་དང་། ཐོན་ཁུངས་སྡོམ་འབོར་ཏུན་དུང་ཕྱུར7ཡོད།

  • རང་རྒྱལ་གྱི་ཚན་རིག་པས་རང་བྱུང་རྩི་ཤིང་ཁྲོད་ཞི་ཐུའུ་གཞི་རྒྱུའི་སྐྱེ་དངོས་གཏེར་ཁར་འགྱུར་བའི་སྣང་ཚུལ་ཐོག་མར་ཤེས་རྟོགས་བྱུང་ནས། མ་འོངས་པའི་ཞི་ཐུའུ་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་བྱེད་པར་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད།

05.jpg

  • ཉི་མའི་འོད་ཁྲ་ཐོན་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས7ནས9ཉིན་བར། ས་ཁབ་ལེན་འགུལ་སྐྱོད་ཅུང་ཆེན་པོ་ཐོན་སྲིད་པ་དང་། རང་རྒྱལ་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་སྣེ་འོད་མཐོང་ཐུབ་པའི་གོ་སྐབས་ཡོད།

  • ཧོ་ནན་གྱི་ཀྲུའུ་མ་ཏེན་གྱི་ཁྱིམ་མི་ལྔ་མཚན་གུང་ལ་རི་མགོ་ནས་ལམ་འཆུག་པ་དང་།  ལི་ཧུའེ་ཡིས་རི་མགོའི་གློག་འོད་མཐོང་ནས་མྱུར་མོར་རི་མགོར་འགོས་ནས་སྐྱོབ་ཐབས་བྱས་ཏེ་ཉེན་ཁ་ཡོད་པའི་མི་ལྔ་པོ་བདེ་འཇགས་ས་ཁུལ་དུ་ཁྲིད་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་ནས་ཀྲུང་ལུགས་སྨན་རྫས་ཀྱི་ཐང་སྨན་དང་ཀྲུང་ལུགས་སྨན་རྫས་སྡེབ་སྦྱོར་རིལ་བུ་སོགས་གནས་སྐབས་ཨང་རྟགས་སྤྲོད་པའི་ཁྱབ་ཁོངས་ནང་བཅུག་མེད་པའི་སྨན་རྫས་ཕུད་སྨན་རྫས་གཞན་དག་རྩ་དོན་ཐོག་སྨན་རྫས་གཉེར་སྐྱོང་ལྷུ་ཚིགས་ནང་བཞག་མི་ཆོག་པ་རེད།

  • ཧྲའན་ཤིས་ཀྱིས་ཡིག་ཆ་བཀྲམ་ནས་བྱིས་པའི་ཕན་བདེའི་སྒྲིག་གཞིས་ཐོ་བཀོད་བྱིས་པ་གསོ་སྐྱོང་དང་སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཁན་སོགས་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་མི་སྣ་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། “སྨན་བཅོས་འགན་བཅོལ་དངུལ་ཁུག་”སོགས་གྲོན་དངུལ་སྤྲོད་པའི་ཐབས་ལམ་གསར་སྣོན་བྱེད་རྒྱུ་རེད།

  • ཧུའུ་ནན་གྱིས་ཡིག་ཆ་བཀྲམ་ནས་མི་བཀོལ་ཚན་པས་ཁྲིམས་གྱིས་གཏན་འཁེལ་བྱས་པའི་བུ་བཙའི་ཆ་རྐྱེན་འཛོམས་པའི་བུད་མེད་ལས་བཟོ་པར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཕྲུ་གུ་སྐྱེ་བའི་ངལ་གསོ་ལོངས་སུ་སྤྱོད་པའི་རྨང་གཞིའི་ཐོག་ཕྲུ་གུ་སྐྱེ་བའི་ངལ་གསོ་ཉིན188བར་རིང་དུ་གཏོང་རྒྱུའི་སྐུལ་ལྕག་བྱས་པ་རེད།

དེ་རིང་གི་གནམ་གཤིས།

06.jpg

  • ཞིན་ཅང་པེ་ཅང་གི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་རྨ་ནུབ། ནང་སོག་གི་དབུས་ནུབ་རྒྱུད། ཧོ་པེའི་བྱང་རྒྱུད། ཧེ་ལུང་ཅང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་འབྲིང་བར་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཤིན་ཅང་གི་ཤར་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཁངས་འབབ་རྒྱུ་རེད། ནང་སོག་གི་ནུབ་རྒྱུད་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་འབྲིང་བར་འབབ་རྒྱུ་རེད། དེའི་ནང་ཨན་ཧུའེ་ཡི་དབུས་ལྷོ་རྒྱུད་དང་། ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།