དེ་རིང་ནི2025ལོའི་ཟླ11པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-10 09:23:29   |   52

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་ཚེས9ཉིན་གྱི་དགོང་མོར་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་གནང་།

2.jpg

  • ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་རུ་རྒྱལ་ཡོངས་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ་དང་། སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབད་འཐབ་ཧུར་ཐག་དང་གྲུབ་འབྲས་བཟང་པོ་སླར་ཡང་བླངས་ཏེ་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ལྕག་སྐུལ་གནང་།

3.jpg

  • ཟླ11པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཀྲུང་གོའི་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་མཁན་གྱི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་མཚན་འཛིན་ཀྲུའུ་ཞི་པ་ཧོ་དང་མཇལ་འཛོམས་གནང་།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། ཚེས8ཉིན་བར་རྒྱལ་ཡོངས་ཀྱི་དགུན་གྲོ་བཅུ་ཆ་དྲུག་ལྷག་ཙམ་བཏབ་ཟིན་པ་དང་དགུན་དུས་ཀྱི་སྐེ་ཚེ་བཅུ་ཆ་དགུ་ལྷག་ཙམ་བཏབ་ཟིན།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ‘ལོ་ལྔའི་འཆར་གཞི་བཅོ་ལྔའི’《རྩ་གནད》འཆར་འགོད་སྤུས་ཚད་མཐོ་བའི་སྒོ་ནས་བཟོ་བ་དང་། ‘ལོ་ལྔའི་འཆར་གཞི་བཅོ་ལྔའི’འཆར་འགོད《རྩ་གནད》ལ་བློ་ཇུས་འདོན་པའི”བྱེད་སྒོ་སྤེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་ཞིབ་ཕྲའི་བྱེད་ཐབས་དང་གྲོས་མགོ་བསྡུ་རུབ་བྱས།

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བཅུ་པར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དུས་མཚུངས་ལས0.2%འཕར་ཡོད།

4.png

  • ཚེས9ཉིན་གྱི་ཆུ་ཚོད05:01སྟེང་། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཧྲན་ཏུང་ཧའེ་དབྱང་ཉེ་འགྲམ་གྱི་མཚོ་ཁོངས་སུ་རྒྱང་སྐྱོད་ཨང་བཅུ་གཅིག་པའི་རྒྱང་ཚོར་དྲུག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་ཨང་སོ་གཉིས་པའི་སྐར་མ01པ་དང་། སྐར་མ02པ་དང་། སྐར་མ03པ་བཅས་བར་སྣང་དུ་འཕེན་གཏོང་བྱས་ཤིང་། སྲུང་སྐར་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱོད།

5.png

  • ཚེས9ཉིན་གྱི་ཆུ་ཚོད11:32སྟེང་། ཤུགས་མདའ་དང་པོའི་རྒྱང་རིང་དགུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཤར་རླུང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་དུ་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། དེས་ཁྲུའུ་ཐེན་ཨང་གཉིས་པའི་ལག་རྩལ་ཚོད་ལྟའི་སྲུང་སྐར01དང་སྲུང་སྐར02བདེ་བླག་ངང་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ། འཕུར་སྐྱོད་ཚོད་ལྟའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

  • ཀྲུང་གོའི་ཐེངས42པའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་སྒྲུབ་པའི“གངས་འབྲུག”རྟགས་ཅན་དང་། “གངས་འབྲུག་ཨང2པ”རྟགས་ཅན་སྔ་རྗེས་སུ་པེ་ཅིན་ཆུ་ཚོད་ཀྱི་ཚེས8དང9ཉིན་ཐིག་དམར་བརྒལ་ནས་སའི་གོ་ལའི་ཕྱེད་ལྷོ་མར་བསྐྱོད།

    སྤྱི་ཚོགས།

6.png

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང26པ་སྟེ། “རྨ་བྱ”ཡི་ལྟེ་གནས་དེ་ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པར་ཧྥི་ལི་ཕིན་གྱི་ལུའེ་སུང་གླིང་ཕྲན་ཤར་རྒྱུད་ཀྱི་མཚོ་འགྲམ་དུ་གནས་པ་དང་། སྔོན་དཔག་བྱས་ན་ཚེས12ཉིན་གྱི་ཐོ་རེངས་སུ་ཤུགས་ཚད་རིམ་བཞིན་ཆུང་དུ་ཕྱིན་ནས་ཐའེ་ཝན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དུ་སླེབས་རྒྱུ་རེད།

  • 《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་སྙན་ཞུ2025》ལས་མངོན་པ་ལྟར་ན། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་སྤྱོད་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད་ལ་སྡུར་གྲངས་ཀྱིས60%ཟིན་ཡོད།

7.png

  • སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཞུང་ལམ་རྐང་འཁོར་གྱི་སྐྱེས་པའི་མི་སྒེར་གྱི་འགྲན་བསྡུར་ཚེས8ཉིན་གཉེར། དེ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་རྒྱལ་མཚམས་སྒྲོལ་བའི་འགྲན་བསྡུར་གཉེར་ཐེངས་དང་པོ་དེ་རེད།

  • ཚེས8ཉིན་བར། ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཤང་ཀང་འགྲན་ཁུལ་གྱི་སྤ་སེ35%ཙམ་བཙོངས་ཟིན་པ་དང་བཙོངས་ཚད་ཁྲི10ལས་བརྒལ་ཡོད།

9.png

  • ས་གནས་དེ་གའི་ཚེས8ཉིན་གྱི་དགོང་མོར། 2025ལོའི་རང་མོས་རྣམ་པའི་འཁོར་ལོ་ཆུང་བའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་སྤྱི་གླིང་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེར་སྤེལ་བ་དང་ཀྲུང་གོའི་རུ་ཁག་གིས་ཨང་དང་པོ་ནས་གསུམ་པའི་བར་བླངས།

  • ཧའེ་ནན་གླིང་ཕྲན་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་གསར་པ་ལག་བསྟར་བྱེད་པའི་གཟའ་འཁོར་དང་པོར།(ཟླ11ཚེས1ནསཚེས7ཉིན་བར)ཧའེ་ཁོའུ་འགག་སྒོས་ཁྱོན་དཔྱ་ཁྲལ་རྩ་ཆག་བཏང་ནས་ཉོ་སྒྲུབ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར5.06ཟིན་པ་དེ་དུས་མཚུངས་ལས34.86%འཕར་ཡོད།

10.png

  • ཚེས9ཉིན། ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱི་དུས་གཏན་གནམ་གྲུ་MU563ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་རྒྱ་གར་གྱི་རྡི་ལི་རུ་འཕུར། དེས་རྒྱལ་ནང་མཁའ་འགྲུལ་སྤྱི་གཉེར་གྱིས་དངོས་སུ་ཀྲུང་གོ་དང་རྒྱ་གར་གྱི་མཁའ་ལམ་སླར་གསོ་བྱས་པ་མཚོན།

11.gif

  • ཉེ་ཆར་ཧྲན་ཞི་ཐའེ་ཡོན་གྱི་བྱིས་པ་ཞིག་གིས་ཟ་མ་ཟ་སྐབས་སེམས་ཆུང་མ་བྱས་པར་ཀ་རས་མིད་པ་བཀག་པའི་སྐབས་སུ། ཚོང་ཁང་ནང་དུ་ཞོར་ལས་ལས་བཞིན་པའི་སློབ་ཆེན་སློབ་མ་ཁྲེན་རང་གིས་འཕྲལ་མར་ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་ཐབས་སྤྱད་དེ་བྱིས་པ་བསྐྱབས་པས་སྐར་མ་ཕྱེད་ཀའི་རྗེས་སུ་ཀ་ར་ཕྱིར་བཏོན་ནས་ཉེན་ཁ་ལས་ཐར།

    སྲིད་ཇུས།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས་བཟོ་སྐྲུན་ལས་རིགས་དང་། ཨར་སྐྲུན་ལས་རིགས། དེང་རབས་ཞབས་ཞུའི་ལས་རིགས་བཅས་ཁྱབ་ཁོངས་ཀྱི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས(ཁེར་རྐྱང་བཟོ་ཚོང་དུད་ཚང་ཚུད་པ)ལ་དམིགས་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྲིད་ཇུས་བཏོན།

  • ཁྲུང་ཆིང་གིས་སྲིད་ཇུས་དང་བྱེད་ཐབས25བཏོན་ཏེ་གསར་གཏོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་འགོག་རྐྱེན་བསལ་ནས་གསར་གཏོད་སྨན་རིགས“སྨན་ཁང་དང་། སྨན་ཐོ། སྨན་བཅོས་འགན་བཅོལ་བཅས་ནང་འཇུག་རྒྱུར”རྒྱབ་སྐྱོར་བྱས།

  • ཅང་སུའུ་ཡིས་བྱ་ཐབས་བཀྲམ་སྟེ། ཞིང་འབྲེལ་གྱི་ཆེད་དོན་མ་དངུལ་བསྡུ་སྒྲིལ་བྱས་ཏེ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་གཏོང་དང་མཁོ་འདོན་འགན་ལེན། ཞིང་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་གཅིག་སྡུད་ཐོག་གཏོང་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

12.png

  • ཤིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ནུབ་བྱང་ས་ཁུལ་གྱི་བྱང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་ནས་ཁངས་ཆེན་འབབ་རྒྱུ་རེད། དེའི་ཁྲོད་མཚོ་སྔོན་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། ཧུའུ་ནན་གྱི་ནུབ་རྒྱུད་དང་། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཡུན་ནན་གྱི་ལྷོ་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།