དེ་རིང་ནི2025ལོའི་ཟླ11པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-11 09:06:10   |   59

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ལ་ས་ནེ་ཝ་ཐ་ལ་གློག་འཕྲིན་བཏང་ནས་ཁོང་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཀྲུང་དབྱང་དྲིལ་སྒྲོག་པུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ཏེ་རྩོམ་འབྲི་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭའི་གཙོ་གནད་སློབ་དེབ《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་རགས་བཤད》ཅེས་པའི་དེབ་དེ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《དམངས་ཁྲོད་ཀྱི་མ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》པར་འགྲེམ་བྱས་ཏེ་དམིགས་སའི་རང་བཞིན་གྱི་སྲིད་ཇུས་བྱེད་ཐབས་ཁག13བཏོན་ཡོད།

  • སློབ་གསོ་པུས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་བརྒྱད་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས“མྱུར་སྐྱོབ་རླངས་འཁོར་རྫུས་མ”སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན།

1.jpg

  • ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་ལོ་གཅིག་གི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར834.9ཟིན། སྐབས་གོང་མ་ལས4.4%འཕར་ཡོད་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་ཚན་རྩལ་དུས་དེབ་སྡོམ་འབོར་རིགས5325བར་འཕར་ནས་སྤྱི་ཡོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།

2.png

  • ཚེས10ཉིན། རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བཅུ་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་ཁག13བདེ་བླག་ངང་འཕེན་གཏོང་བྱས་པ་དང་། སྲུང་སྐར་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་སླེབས་ཡོད།

  • ཚེས8ཉིན་ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་བརྡ་ཁྱབ་བཏང་སྟེ། ཉེ་དུས་ཨ་རིའི་མངའ་སྡེའི་བྱིས་པ་མང་པོར་ཤ་དུག་དབྱུག་སྲིན་གྱི་དུག་ཕོག་པའི་སྙན་ཞུ་བྱས་ཡོད།

    སྤྱི་ཚོགས།

3.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས10ཉིན་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང26པ་སྟེ“རྨ་བྱ”ཚེས12ཉིན་གྱི་ཕྱི་དྲོ་ནས་དགོང་མོའི་བར་ཐའེ་ཝན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དུ་སླར་ཡང་ཐོན་རྒྱུ་རེད།

  • ཚེས10ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་སིལ་ཚོང་རིན་གོང་སོ་སོར་ཏུན་རེར་སྒོར125དང120སྤར་ཡོད།

  • ཚེས10ཉིན་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་ད་ལོའི་སྟོན་དགུན་དུས་སུ་རང་རྒྱལ་གྱི་ཆམ་རིམས་ཕོག་མང་ཤོས་ཀྱི་དུས་ཚིགས་དེ་ཟླ12པའི་ཟླ་དཀྱིལ་དང་ཟླ་སྨད། ཟླ་དང་པོའི་ཟླ་སྟོད་བཅས་རེད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝུའེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་དང་། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ལིའུ་ཁོན་རེན་གྱིས་གོ་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པས་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཅུ་ཀྲང་གཞོན་པ་ལི་ཁྲུན་ལེའང་ཏང་ཁོངས་ནས་ཕྱིར་ཕུད།

4.jpg

  • ཚེས10ཉིན། ཅང་སུའུ་རུ་ཁག་གིས་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་མི་བཞི་སྐྱ་གཉིས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས། འདི་ནི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་རྗེས་སུ་བྱུང་བའི་གསེར་གྱི་རྟགས་མ་ཐོག་མ་ཡིན།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས10ཉིན་གྱི་ཆུ་ཚོད2:12བར། 2025ལོའི་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར450ལས་བརྒལ་ཡོད།

5.jpg

  • ཧྲན་ཞི་དབྱང་ཆོན་གཏེར་ཁུལ་དུ་ཉིན་ཤས་གོང་རྩ་ཆེའི་གནའ་བོའི་ཁམ་དཀར་རྩི་ཤིང་གི་འགྱུར་རྡོ་ཁག་གཅིག་རྙེད། དེ་ད་ལྟའི་བར་དུ་ལོ་དུང་ཕྱུར2.8ཙམ་སོང་ཡོད།

6.jpg

  • ཉེ་ཆར་རྩ་ཆེའི་རྩི་ཤིང་གཞན་བརྟེན་མེ་ཏོག་ཡུན་ནན་ཕུའུ་ཨེར་ཅིང་མའེ་རི་བོའི་སྟེང་དུ་སྐྱེས་ཡོད།

    སྲིད་ཇུས།

  • ཅང་སུའུ་ཡིས་བསམ་འཆར་བཏོན་ནས་ལུས་རྩལ་ར་བའི་སྒྲིག་བཀོད་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ལུས་རྩལ་ར་བའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་རེད།

  • ཁྲུང་ཆིང་གིས་བྱེད་ཐབས18བཏོན་ནས་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་གཙང་བཤེར་བྱ་རྒྱུ་རེད། དེའི་ནང་རླངས་འཁོར་ནང་འཇུག་ལས་སྒོའི་ཐོ་འགོད་ལས་རིམ་ལྷོད་དུ་གཏོང་བ་དང་། སྒོར་རྐྱང་གིས་ཁང་པ་ཉོས་པའི་སྤྱི་གསོག་མ་དངུལ་ལེན་པའི་ཆ་རྐྱེན་ལྷོད་དུ་གཏོང་བ་སོགས་ཚུད་ཡོད།

  • སི་ཁྲོན་གྱིས་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། མཐོ་རིམ་སློབ་གྲྭར་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་འབྲེལ་ཡོད་ཆེད་ལས་སམ་ཡང་ན་སློབ་ཚན་འཛུགས་རྒྱུར་སྐུལ་ལྕག་བྱས་ཏེ་འབྲེལ་ཡོད་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས།

    དེ་རིང་གི་གནམ་གཤིས།

7.jpg

  • ཤིན་ཅང་གི་བྱང་རྒྱུད་དང་བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བ་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཡུན་ནན་གྱི་ཤར་རྒྱུད། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཀྲེ་ཅང་གི་དབུས་ཤར་རྒྱུད། ཧྥུ་ཅན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། ཐའེ་ཝན་གླིང་ཕྲན་དུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།