དེ་རིང་ནི2025ལོའི་ཟླ11པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-12 09:12:55   |   29

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 2025ལོའི་ཟླ11པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁའེ་སེ་ལིན·ཁང་ནུའོ་ལི་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཨིར་ལན་གྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

  • ཞིང་ལས་གནས་ཚུལ་བཀོད་གཏོང་ལ་གཞིགས་ན། ཚེས10ཉིན་བར་རྒྱལ་ཡོངས་ཀྱི་དགུན་གྲོ་བཅུ་ཆ་བདུན་ཙམ་བཏབ་ཡོད།

  • ཉེ་ཆར། 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་དངོས་སུ་བྱེད་མགོ་ཚུགས།

  • ལྷ་གྲུ་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཕྱིར་ལོག་པའི་ལས་འགན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བཞིན་ཡོད།

2.png

  • ཚེས11ཉིན། རྒྱང་སྐྱོད་ཨང་བརྒྱད་པའི་རྒྱང་ལམ་ཀ་པ་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་བདེ་བླག་ངང་སྐྱེལ་འདྲེན་བྱས་པ་དང་འཆར་གཞི་ལྟར་ན་དུས་དང་བསྟུན་ནས་འཕེན་གཏོང་བྱ་རྒྱུ་རེད།

  • ཟླ་བཅུ་པར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་དེ་རླངས་འཁོར་གསར་པའི་ཕྱིར་ཚོང་བྱེད་ཚད་ཀྱི51.6%ཟིན་པ་དང་། བསྡུར་ཚད་ཀྱིས་རླངས་འཁོར་ཕྱིར་ཚོང་གི་ཕྱེད་ཀ་བཟུང་ཡོད།

  • ཀྲུང་གོ་མདོག་ལྡན་ལྕགས་རིགས་བཟོ་ལས་མཐུན་ཚོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་ལོ་མཇུག་བར་རང་རྒྱལ་གྱི་བསྐྱར་སྐྱེས་མདོག་ལྡན་ལྕགས་རིགས་ཀྱི་ཐོན་ཚད་ཏུན་ཁྲི2000ལས་ཐོག་མར་བརྒལ་རྒྱུ་རེད།

3.png

  • རང་རྒྱལ་གྱིས་རྒྱལ་སྤྱིའི་སྔོན་ཐོན་ཚད་རྡུལ་འཕྲོ་ནུས་ཚད་འཇལ་ཚོད་ལྟ་ཁང་བཙུགས་ནས་ཉིང་རྡུལ་ནུས་པ་དང་། གསོ་རིག་དངོས་ཁམས། རྨང་གཞིའི་ཚན་རིག་ཞིབ་འཇུག་འཕེལ་རྒྱས་སོགས་ལ་བློས་འགེལ་ཆོག་པའི་རྨང་གཞི་བཏིང་ཡོད།

  • ཧྥི་ལི་ཕིན་ལ་རྒྱ་མཚོའི་རླུང་འཚུབ་ཀྱི་འཇབ་རྒོལ་ཐེངས་མང་ཕོག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། ཀྲུང་གོ་ཕྱོགས་ཀྱིས་མི་ཆོས་རིང་ལུགས་དང་ཧྥི་ལི་ཕིན་མི་དམངས་ལ་བཅངས་པའི་མཛའ་བརྩེ་མཚོན་ཕྱིར་ཧྥི་ལི་ཕིན་ཕྱོགས་ལ་དངུལ་དང་དངོས་ཟོག་གི་རོགས་སྐྱོར་བྱས།

    སྤྱི་ཚོགས།

  • རྒྱ་མཚོའི་རླུང་འཚུབ“རྨ་བྱ”རང་རྒྱལ་གྱི་ཉེ་སར་བཅར་བཞིན་ཡོད་པ་དང་། ཚེས11ནས13ཉིན་བར་ཀྲེ་ཅང་དང་། ཧྥུ་ཅན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་སྲིད།

  • རང་རྒྱལ་གྱི་སོལ་རླངས་གསོག་འཇོག་མཛོད་ཆེ་ཤོས་ཏེ་ཀྲུང་གོ་རྡོ་སྣུམ་ཤིན་ཅང་སྣུམ་ཞིང་ཧུའུ་ཐུའུ་པི་སོལ་རླངས་གསོག་འཇོག་མཛོད་ཀྱིས་ད་ལོའི་དགུན་དུས་ཀྱི་སོལ་རླངས་སྔོག་འདོན་བྱེད་མགོ་བརྩམས། དེས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རང་བྱུང་སོལ་རླངས་གི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་སྤྱི་བསྒྲགས་བྱས་པར་གཞིགས་ན། ཟླ11པའི་ཚེས1ཉིན་བར་རིམ་རྩིས་བྱས་ན་སྐྱེ་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཞབས་ཞུ611ཐོ་འགོད་སྙན་སེང་ཞུས་པ་དང་། སྐྱེ་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཀྱི་བྱེད་ནུས306ཐོ་འགོད་བྱས་ཡོད། 
    ཚེས11ཉིན་ནས་བཟུང་ཀྲེ་ཅང་ཞིང་ཆེན་རྟེན་མཛོད་ཁང་དུ་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱ་རྒྱུ་རེད།

  • ཤིན་ཅང་ཝུའུ་ལུའུ་མུའུ་ཆིའི་ཏ་པན་གྲོང་ཁྱེར་དུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར2000ཅན་གྱི་རང་བྱུང་སོལ་རླངས་འཚོལ་ཞིབ་བྱུང་།

4.jpg

  • ཀྲུང་གོ་ཚོང་ལས་མཁའ་འགྲུལ་སྤྱི་གཉེར་གྱིC919གནམ་གྲུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་འབྱོར་ནས2025ལོའི་ཏི་པའེ་ཡི་མཁའ་འགྲུལ་འགྲེམས་སྟོན་ནང་ཞུགས་རྒྱུ་རེད།

  • ཧྥུ་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་བཅོས་སྣུམ་ལྐོག་ཚོང་བརྒྱབ་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། བཅོས་སྣུམ་ཏུན་ཁྲི19.32ལྐོག་ཚོང་བརྒྱབ་པའི་དཔང་རྟགས་ར་སྤྲོད་བྱས། གྱོད་འབྲེལ་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར16.46ཙམ་ཟིན་ཡོད།

5.gif

  • འདས་ཟིན་པའི་གཟའ་འཁོར་གཅིག་གི་རིང་ལ། ཉི་མའི་འོད་བཀྲ་བསྟུད་མར་བྱུང་བ་དང་། རླུང་སྤྲིན་ཨང་གསུམ་པའི་སྲུང་སྐརHཡིས་ཟུར་སྣེ་ཡངས་པའི་འོད་བརྙན་ཆས་ལ་བརྟེན་ནས་སའི་གོ་ལའི་ཁབ་ལེན་ཚ་འགྱུར་ཀྱི་སྣེ་འོད་དེ་འཕྲེད་ཐིག་དམའ་བའི་ས་ཁུལ་དུ་མཆེད་པའི་བརྒྱུད་རིམ་ཟིན་ཐོར་བཀོད་ཡོད།

    སྲིད་ཇུས།

  • དམངས་སྲིད་པུས《དགེ་སྒྲུབ་རྩ་འཛུགས་ཀྱི་ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་ཇུས་གཞིའི་ཐོ་འགོད་མཛུབ་ཁྲིད(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ་དང་། དགེ་སྒྲུབ་རྩ་འཛུགས་ཀྱིས་ཡོངས་བསྒྲགས་ངང་ཞལ་འདེབས་བསྡུ་བའི་ཉིན་བཅུའི་གོང་བླང་བྱ་ལྟར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་ལ་ཡོངས་བསྒྲགས་ཐོག་ཞལ་འདེབས་བསྡུ་བའི་ཇུས་གཞི་ཐོ་འགོད་བྱེད་དགོས།

  • ཆུ་བེད་པུས《གཙང་པོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་ཀྱི་ལག་རྩལ་ཚད་གཞི》ཁྱབ་བསྒྲགས་བྱས། གཙང་པོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་དེ་གཙང་པོ་དང་མཚེའུ་ཡི་ཆུ་ལོག་སྔོན་འགོག་ནུས་པའི་ངེས་གནས་གཞིར་འཛིན་པ་དང་། ཆུ་ལོག་འཕེལ་རིམ་དང་གཙང་པོ་དང་མཚེའུ་ཡི་འགྱུར་ལྡོག་གི་གཞི་རྩའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་དབྱེ་འབྱེད་གཏན་འཁེལ་བྱེད་དགོས་པ་ལས་ཆུ་ལོག་གསོག་རྒྱུག་གི་བར་མཐོངས་ཆུང་དུ་གཏོང་མི་རུང་བ་ཁ་གསལ་བཏོན་ཡོད།

  • ཧྲེན་ཀྲེན་གྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་ཚད་ལྡན་དུ་བཏང་ནས“ཁྲིམས་བསྟར་ལྟ་སྐུལ་ཨང་བཤེར”བཏོན་པ་དང་། སྲིད་འཛིན་ཁྲིམས་བསྟར་གྱི“ཨང་རྟགས་བཤེར་ནས་ཁེ་ལས་སུ་འགྲོ་བ”ཡི་བླང་བྱ་བཏོན་ཏེ་འབྱུང་རྩ་ནས“གང་བྱུང་དུ་ཞིབ་བཤེར་བྱེད་པ” དང་“གང་འདོད་ཁྲིམས་བསྟར་བྱེད་པ”གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན།

    དེ་རིང་གི་གནམ་གཤིས།

1.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཁུལ་ལ་ལར་ཁངས་ཆེན་འབབ་རྒྱུ་རེད། ཀྲེ་ཅང་གི་ཤར་རྒྱུད་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།