དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-13 09:05:39   |   65

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ11པའི་ཚེས12ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་དང་མཇལ་འཛོམས་གནང་།

  • ཟླ11པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • མིག་སྔའི་བར་རྒྱལ་ཡོངས་ཀྱི་འབྲུ་རིགས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་རིམ་རྩིས་བྱས་ན་སྟོན་འབྲུ་ཏུན་དུང་ཕྱུར1ལྷག་ཙམ་ཉོ་སྒྲུབ་བྱས་ཡོད།

  • ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་རྒྱལ་ཡོངས་སྲིད་གཞུང་ཉོ་སྒྲུབ་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར33750.43ལ་སླེབས་ཡོད།

  • སློབ་གསོ་པུ་སོགས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། ཚན་རིག་དང་། ལག་རྩལ། ལས་གྲྭ། རྩིས་རིག་བཅས་གཙོ་གནད་དུ་བཟུང་སྟེ་སློབ་གྲྭ་ཆུང་འབྲིང་གི་ཚན་རྩལ་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་བཏོན་ཡོད།

2.jpg

  • ད་ལོའི“ཟླ11པའི་ཚེས11ཉིན”གྱི་བྲིན་འཚོང་དུས་སུ་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་སླར་ཡང་ཟིན་ཐོ་ལས་བརྒལ། ཟླ10པའི་ཚེས21ཉིན་ནས་ཟླ11པའི་ཚེས11ཉིན་བར། རྒྱལ་ཡོངས་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་ཁྱོན་མྱུར་སྐྱེལ་ཐུམ་སྒྲིལ་དུང་ཕྱུར139.38བླངས་ཡོད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ཕྱིར་གཏོང་བྱེད་པའི་རྒྱུན་མཁོའི་དངོས་རྫས་དང་། རྩེད་ཆས་དང་། སྲོག་ཆགས་ཀྱི་བཟོ་དབྱིབས་རྩེད་ཆས་བཅས་སྒོར་དུང་ཕྱུར500ལས་བརྒལ་བ་དང་རིག་ནུས་ཅན་གྱི་རྒྱལ་ཁབ་ཀྱི་ཚོང་ཟོག་མང་པོ་ཞིག་ཕྱི་རྒྱལ་དུ་བྲིན་བཞིན་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཐའེ་ཝན་གྱི་སྤུན་ཟླས་སྐམ་ས་ཆེ་མོའི་འབྲེལ་ཡོད་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་པ་ནི་དེའི་ཁྲིམས་མཐུན་དབང་ཆ་ཡིན་པ་དང་། འབྲེལ་ཡོད་རེ་ཞུའི་གནས་ཚུལ་དང་ལག་ཁྱེར་གྱི་ཆ་འཕྲིན་ལ་ཁྲིམས་ལྟར་སྲུང་སྐྱོང་ནན་པོ་བྱེད་པ་ཁ་གསལ་བཏོན།

  • འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ལོ་འཁོར་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། 2024ལོར་ཀྲུང་གོའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི180ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

    སྤྱི་ཚོགས།

3.jpg

  • ཚེས13ནས17ཉིན་བར། མཁའ་རླུང་གྲང་མོ་དེ་ཞིན་ཅང་གི་ནུབ་ནས་ཤར་དང་བྱང་ནས་ལྷོ་ཕྱོགས་སུ་སླེབས་ནས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། ས་ཁུལ་མང་ཆེ་བར་སྔ་རྗེས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ6མར་ཆག་རྒྱུ་རེད།

4.jpg

  • ཚེས12ཉིན་གྱི་དགོང་མོར། པེ་ཅིན་བྱང་ཕྱོགས་སུ་སྣེ་འོད་འཆར། གློ་ཁ་དང་ལྗང་མདོག་རབ་རིབ་ཅིག་མིག་གིས་མཐོང་ཐུབ། སྔོན་དཔག་བྱས་ན་དེ་རིང་ནས་རྩིས་པའི་ཉིན་གསུམ་གྱི་ནང་རང་རྒྱལ་དུ་སྣེ་འོད་འཆར་སྲིད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་དང་བཟོ་འཕྲིན་པུ་སོགས་སྡེ་ཚན་གྱིས་རླངས་འཁོར་ལས་རིགས་ཀྱི་དྲ་རྒྱའི་ཟང་ཟིང་གི་གནས་ཚུལ་བཅོས་སྒྲིག་བྱས་ནས་དཔེ་མཚོན་གྱོད་གཞི་ཁག་གཅིག་གི་བརྡ་ཁྱབ་བཏང་།

  • ཀྲུང་གོ་གཏོང་སྤྲོད་ཞིབ་རྩིས་མཐུན་ཚོགས་ཀྱིས་གཏོང་སྤྲོད་ཞབས་ཞུའི་གཙོ་གཟུགས་ཀྱིས“གསང་གྲངས་མི་དགོས་པའི་གཏོང་སྤྲོད”ལས་སྒོའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། རང་ཤུགས་ཀྱིས“གསང་གྲངས་མི་དགོས་པའི་གཏོང་སྤྲོད”ལག་བསྟར་བྱེད་པ་གཏན་འགོག་བྱེད་དགོས་པའི་གྲོས་མགོ་བཏོན།

  • རྒྱལ་སྤྱིའི་ཕིང་ཕང་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས2025ལོའི་ཕིང་ཕང་སྤོ་ལོའི་མཉམ་བསྲེས་ཚོགས་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས། ཝང་ཁྲུའུ་ཆིན་དང་སུན་དབྱིང་ཧྲ་ཡིས་སྣེ་ཁྲིད་པའི་རྒྱལ་ཁབ་ཕིང་ཕང་སྤོ་ལོའི་ཚོགས་པ་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

  • སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མང་ཚོགས་ཀྱི་གངས་འཁྱགས་དུས་ཚིགས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཅི་ལིན་ཁྲང་ཁྲུན་དུ་སྤེལ་རྒྱུ་རེད། དེ་དུས་སུ་ཅི་ལིན་ཞིང་ཆེན་གྱིས་གངས་འཁྱག་འཛད་སྤྱོད་འཛིན་ཤོག་སྒོར་དུང་ཕྱུར1སྤྲོད་རྒྱུ་རེད།

5.jpg

  • རང་རྒྱལ་གྱི་བར་སྣང་རླུང་ནུས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་ལྟེ་བའི་སྒྲིག་ཆས་ཐོག་མ་སྟེ། འཛམ་གླིང་ཐོག་ཆེས་ཆེ་ཤོས་ཡིན་པའི་སྨི་ངོས་གྲུ5000ཡོད་པའི་བར་སྣང་རླུང་ཤུགས་གློག་འདོན་རླུང་འཛིན་གདུགས་ནང་སོག་ཨ་ལ་ཧྲན་ཙུའོ་ཆིའི་ཚོད་ལྟའི་ར་བར་མཁའ་དབྱིངས་སུ་འཕུར།

  • ཉེ་ཆར།“རླངས་འཁོར་ཁྲི་རིམ་པའི”ཐོན་ནུས་ལྡན་པའི་གློག་སྒུལ་ཐད་འཕུར་འཕུར་སྐྱོད་རླངས་འཁོར་གྱི་བཟོ་གྲྭ་ཐོག་མ་དེ་ཀོང་ཀྲོའུ་རུ་ཚོད་ལྟའི་ཐོན་སྐྱེད་བྱེད་པའི་དུས་མཚམས་སུ་སླེབས་ཡོད།

  • ཚེས12ཉིན་འབར་མ་མའོ་ཝ་ཏིའི“ཨེ་ཞི་གྲོང་གསར”ཉེས་གསོག་ཚོགས་པའི་ཉེས་ཅན་གཙོ་བོ་ཧྲེ་ཀྲི་ཅང་ཐེ་ལན་ནས་རང་རྒྱལ་དུ་བདེ་བླག་ངང་སྐྱེལ་ཡོད།

    སྲིད་ཇུས།

  • ཧྲང་ཧའེ་ཡིས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ལས་སྒྲིག་གཞི་དང་། ཁེ་ལས་བྱ་གཞག་ཚན་པ། ཐོག་ཁང་། གླིང་ཁུལ་སོགས་སུ་ནང་ཁུལ་གྱི་གསང་སྤྱོད་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།

  • ཡུན་ནན་གྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། ལས་ཁུངས་དང་བྱ་གཞག་ཚན་པས་སྣེ་ཁྲིད་དེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱ་སྤྱོད་བཀོད་སྒྲིག་བྱ་རྒྱུ་རེད།

  • ཀྲེ་ཅང་ཧང་ཀྲོའུ་ཡིས་སྲིད་ཇུས་ཁག16བཏོན་ནས་བཟོ་ཚོང་ལས་རིགས་ཀྱི་ས་ཆ་སྤྱོད་པའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། དེའི་ནང་གསོག་འཇོག་ཁང་པའི་སྤྱོད་སྒོ་གནས་སྐབས་བརྗེ་སྒྱུར་བྱས་ཆོག་པ་དང་། བོགས་གཏོང་ཁང་པ་དང་། “རྒན་གཅིག་ཆུང་གཅིག”སོགས་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཐོན་ལས་དང་ལས་རིགས་ལ་སྤྱད་ཆོག

    དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། དབྱི་ལི་ལུང་ཤུར། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད་དང་ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།