དེ་རིང་ནི2025ལོའི་ཟླ11པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-14 09:13:00   |   31

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོ་མོ་ལུའོ་ཡི་ཙུང་ཐུང་ཨ་ཀྲ་ལི་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས།

  • ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་རིག་པའི་གཞོན་ནུ་མཁས་ཅན་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོ་ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་བྱེད་མཁན་གྱི་ཕོ་ཉ་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གནང་།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས12ཉིན་བར་རྒྱལ་ཡོངས་ཀྱི་དགུན་གྲོ་འདེབས་འཛུགས་བྱེད་ཚད་བཅུ་ཆ་བདུན་ཟིན་པ་དང་ཕྱེད་ཀ་ལེགས་འགྲུབ་ཟིན་ཡོད།

  • ཀྲུང་དབྱང་དངུལ་ཁང་གིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི14.97མང་དུ་ཕྱིན་ཡོད། དེའི་ནང་ཁེ་ལས(བྱ་བཞག)ཚན་པའི་དངུལ་བུན་སྒོར་དུང་ཕྱུར་ཁྲི13.79འཕར་ཡོད།

  • ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར10094.7བཏང་ནས་ཆུ་བེད་རྣམ་གྲངས་སྣ་ཚོགས་ཁྲི4.6ལག་བསྟར་བྱས།

  • ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་ནུབ་རྒྱུད་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་བརྒྱུད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.35ཟིན་པ་དེ་དུས་མཚུངས་ལས17.9%འཕར་ཡོད།

  • ཚེས13ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨན་ཧྲི་ཕྱེད་འདྲེན་གཟུགས་ཀྱི་གནད་དོན་ལ་ལན་བརྒྱབ་པ་སྟེ། ཧོ་ལན་ཕྱོགས་ཀྱིས་ངོ་བོའི་རང་བཞིན་དང་དགེ་མཚན་ལྡན་པའི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་གང་མགྱོགས་འདོན་པ་དང་འབྲེལ་བྱ་སྤྱོད་དངོས་སྤེལ་ནས་འབྱུང་རྩ་ནས་གོ་ལ་ཧྲིལ་པོའི་ཕྱེད་འདྲེན་གཟུགས་ཀྱི་ཐོན་སྐྱེད་མཁོ་འདོན་འབྲེལ་ཐག་གི་བདེ་འཇགས་དང་བརྟན་ལྷིང་སླར་གསོ་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

1.png

  • ཚེས13ཉིན་ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་གཟབ་ནན་གྱིས་བསྒྲགས་དོན། ངེས་པར་དུ་ལོ་རྒྱུས་ཀྱི་ཉེས་གསོག་འགན་འཁྲིར་ངོས་ཟིན་བྱས་ཏེ། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཚད་བརྒལ་ནོར་འཁྲུལ་གྱི་གཏམ་སྤྱོད་འཕྲལ་མར་མཚམས་འཇོག་དགོས་པ་དང་། ཐའེ་ཝན་གྱི་གནད་དོན་ཐད་གང་བྱུང་སྒྲུབ་ཚེ་མེ་རྩེ་རང་ལ་འཁོར་བའི་ཉེན་ཁ་ཡོད་ཅེས་བཤད།

  • ཚེས12ཉིན་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ལོ་འཁོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་སྟེ། ཀྲུང་གོའི2024ལོའི་གོ་ལ་ཧྲིལ་པོའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་སོགས་ཤེས་བྱའི་བདག་དབང་ཁག་གསུམ་རེ་ཞུ་བྱེད་ཚད་ཚང་མ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

    སྤྱི་ཚོགས།

  • གྲང་རྒྱུན་གྱི་ཤུགས་རྐྱེན་འོག་ཚེས14ནས17ཉིན་བར་རང་རྒྱལ་གྱི་བྱང་ཕྱོགས་དང་དབུས་ཤར་རྒྱུད་ས་ཁུལ་གྱི་དྲོད་ཚད་ཡོངས་ཁྱབ་ཏུ་ཧྲེ་ཧྲི་ཏུའུ6ནས10བར་མར་ཆག་རྒྱུ་དང་། ནང་སོག་གི་དབུས་ནུབ་རྒྱུད་དང་། ཧྲའན་ཞིའི་ལྷོ་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་སོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ12ནས14བར་མར་ཆག་རྒྱུ་རེད།

  • ཚེས13ཉིན། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མགོ་ཚུགས་རྗེས་ཀྱི་ཉིན་བཞི་པའི་འགྲན་བསྡུར་ཉིན་མོ་ལ་སླེབས་ཤིང་། ཉིན་ཧྲིལ་བོར་སྡོམ་པས་གསེར་གྱི་རྟགས་མ27བླངས།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ལོ་བཞིར་བསྟུད་མར6Gལག་རྩལ་ཚོད་ལྟ་བྱས་པ་དང་མིག་སྔར་དུས་མཚམས་དང་པོའི6Gལག་རྩལ་ཚོད་ལྟ་ལེགས་གྲུབ་བྱུང་ཡོད།

  • ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་རིག་གཞུང་དཔྱད་རྩོམ་ཉོ་འཚོང་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཐོའི་ཨང་གྲངས་ཁག་ཅིག་ལ་རྡུང་རྡེག་ཚ་ནན་བཏང་།

  • སློབ་གསོ་པུས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་ཁྱད་ལྡན་སློབ་གྲྭ་འཛུགས་པའི་ལས་དོན་སྤེལ་རྒྱུ་དང་། དེའི་ནང་ལུས་རྩལ་བདེ་ཐང་རིགས་ཀྱི་སློབ་གྲྭ9000འཛུགས་རྩིས་ཡོད།

  • ཚེས12ཉིན་ཅང་སུའུ་ཀྲང་ཅ་ཀང་ཧྥུང་ཧོང་ཧྲན་ཝུན་ཁྲང་ཀེ་ལ་མེ་སྐྱོན་བྱུང་བ་དང་མི་སྣ་ཤི་རྨས་བྱུང་མེད། མཐའ་འཁོར་གྱི་ནགས་ཁུལ་ལ་ཤུགས་རྐྱེན་བཟོས་མེད། ས་གནས་དེ་གས་བརྡ་ཁྱབ་བཏང་བ་ལྟར་ན། བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན་ད་ཐེངས་ཀྱི་མེ་སྐྱོན་ནི་གནས་སྐོར་བས་སྤོས་སྒྲོན་སྤྱོད་དུས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རེད།

  • ཚེས13ཉིན་ཧྥུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་བྱ་དགའ་སྤྲོད་པའི་བརྡ་ཁྱབ་བཏང་སྟེ། ཐའེ་ཝན་གྱི་དྲ་དཔོན་གྲགས་ཅན་ཝུན་ཙི་ཡུས(དྲ་མིང་ལ“པ་ཇུང”)དང་ཁྲེན་པོ་ཡོན(དྲ་མིང་ལ“ཕུའུ་ནན་སྤྱང་ཀི”)གཉིས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བསྡུ་རུབ་བྱས།

  • ཚེས13ཉིན་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་པའི་གྲུ་ལམ་མཚོན་རྟགས་གྲུ་གཟིངས་ཆེ་གྲས་ཏེ། “མཚོ་སྐོར176”གྲུ་གཟིངས་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ལྷོ་རྒྱ་མཚོའི་མཚོ་འགྲུལ་འགན་ལེན་ལྟེ་གནས་སུ་དངོས་སུ་སྐྱེལ།

2.png

  • ཉེ་ཆར་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་ཞིབ་འཇུག་སུའོ་ཡིས་རང་བརྟེན་ཞིབ་བཟོ་བྱས་པའི3Dཡིས་པར་འདེབས་བྱེད་པའི་སྤུས་ཡང་སྟབས་བདེའི་སྒུལ་བྱེད་འཕྲུལ་འཁོར་གྱི་རྐྱང་གཏོང་འཕུར་སྐྱོད་ཚོད་ལྟ་ཐེངས་དང་པོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

    སྲིད་ཇུས།

  • པེ་ཅིང་གིས2026ལོ་འཁོར་གྱི་གཞུང་ཞབས་པ་བསྡུ་བའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས། གཞུང་ཞབས་པའི་རྒྱུགས་སྤྲོད་ཆོག་པའི་ལོ་ཚད་ཀྱི་ཚད་གཞི་ལོ38བར་རྒྱ་སྐྱེད་བཏང་ཡོད།

  • ཁྲུང་ཆིང་གིས་ལས་བཟོ་པས་རང་ཉིད་ཀྱི་མ་དངུལ་སྤྱད་དེ་སྤྲོད་ཐེངས་གཅིག་གིས་རང་ཉིད་སྡོད་སའི་སྡོད་ཁང་ཉོས་ན། ཁང་པ་ཉོས་པའི་ཉིན་ནས་ལོ་ཕྱེད་འགོར་རྗེས་ལོ་རེར་སྡོད་ཁང་སྤྱི་གསོག་མ་དངུལ་ཐེངས་རེ་བླངས་ཆོག་པ་དང་། ལེན་པའི་དུས་ཚད་ལོ་གཉིས་ནས་ལོ་ལྔའི་བར་རྒྱ་སྐྱེད་བཏང་བ་ཁ་གསལ་བཟོས།

  • ཧྥུ་ཅན་གྱིས་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་དང་མཁྲེགས་ཆས་ཞིབ་འཇུག་གསར་སྤེལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཐོན་རྫས་ཀྱི་ལག་རྩལ་གསར་གཏོད་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་མི་ཐབས་རིག་ནུས་ཀྱི་སྤུས་ལེགས་ཐོན་རྫས་བདམས་ཏེ་ཐོན་རྫས་རེར་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི50སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

3.jpg

  • ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད། སི་ཁྲོན་གཤོངས་ས། ཡུན་ནན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ས་ཁུལ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།