དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-02 08:55:08   |   205

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཟླ12ཚེས3ནས5ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་གྱི་ཆིང་ནུས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས། ལག་རྩལ་གྱི་དམིགས་ཚད་མང་པོ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད། 

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས10.6%འཕར་ཡོད། 

93416b536f9c7512b351b9ba60a32154.jpg

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ནས་བཟུང་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར1800ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་དམངས་སྲིད་པུ་སོགས་སྡེ་ཁག་ལྔས་ཉེ་ཆར་དུས་ཡུན་ལོ་གསུམ་གྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་སྐུལ་འདེད་བྱ་སྤྱོད་མཉམ་འབྲེལ་ཐོག་བཀོད་སྒྲིག་བྱས། 

  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་ཁག་ལྔ་པས་ཐེན་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་གྱི་དཔེ་མཚོན་གྱོད་གཞི་ཁག་གཅིག་གཅིག་སྡུད་ཐོག་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད། 

  • ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས་བསྟན་དོན། འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་རྗེས་མ་དེ“ལྷ་གྲུ་རྟགས་ཅན་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང”ཞེས་མིང་བཏགས་ཡོད་ཅིང་། དེས“ལྷ་གྲུ་རྟགས་ཅན་ཉེར་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང”དེ་གོ་རིམ་ཁྲོད་ནམ་ཡང་སྟོང་པར་ལུས་པ་མཚོན་ཡོད། 

  • ཟླ12ཚེས1ཉིན་གྱི་ཆུ་ཚོད16བར། ཤང་ཀང་ཏ་ཕུའུ་ཧུང་ཕུའུ་ཡོན་མེ་སྐྱོན་ལས་མི151རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི30ལྷག་ལ་འབྲེལ་བ་ཆད་ཡོད། 

  • ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མིང་རྟགས་བཀོད་པའི་བཀའ་རྒྱར་གཞིགས་ན། དེ་ཉིན་ནས་བཟུང2026ལོའི་ཟླ9ཚེས14ཉིན་བར། ཀྲུང་གོའི་སྤྱི་དམངས་ཀྱིས་ཐོངས་མཆན་མི་དགོས་པར་གནས་སྐོར་དང་ཚོང་དོན་གྱི་དམིགས་ཡུལ་ཐོག་ནས་ཨུ་རུ་སུར་བསྐྱོད་ཆོག་ཅིང་། ཐོངས་མཆན་འགོད་མི་དགོས་པའི་ཉིན་གྲངས་ནི་ཉིན30ཡིན། 

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཟླ12ཚེས1ཉིན་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་འཇར་ཕན་ཕྱོགས་ལ་ནོར་འཁྲུལ་གྱི་གཏམ་བརྗོད་བདེན་པ་བདེན་ཐུབ་ངང་ཚུར་བླངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ཕྱོགས་ལ་ཆབ་སྲིད་ཀྱི་ཁས་ལེན་མཚོན་པ་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    སྤྱི་ཚོགས།

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་མི་སྒེར་གྱིས་སྨན་བཅོས་གུན་སྐྱོབ་ཐེབས་རྩ་གཡོ་ལེན་བྱས་པའི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་པ་རེད། 

  • 2026ལོར་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་གཏོང་རྒྱུ་ཡིན་པ་དང་། དྲ་རྒྱའི་ཉེན་རྟོག་པས“རྒྱུགས་སྤྲོད་མི་དགོས་པར་སློབ་ཞུགས་ལག་ཁྱེར་གཉིས་ཐོབ་པ”དང“ཡིག་རྒྱུགས་ཀྱི་འགན་ལེན”“ནང་ཁུལ་གྱི་དམིགས་ཚད”སོགས་ཀྱི་གཡོ་སྒྱུར་དོགས་ཟོན་བྱེད་དགོས་པར་དྲན་སྐུལ་བྱས་ཡོད།

49ce1cdaa6817a57d2bf6045ed812ece.jpg

  • ཟླ12ཚེས1ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཧྲང་ཧའེ་ནས་ལན་ཀྲོའུ་བར་གྱི་དུས་བཀག་ཚོང་ལས་དུས་གཏན་གནམ་གྲུ་དངོས་སུ་གཉེར་སྐྱོང་བྱེད་མགོ་བརྩམས་པ་རེད། འདི་ནིC919ཐེངས་དང་པོར་ས་མཐོའི་གནམ་གྲུ་ཐང་ལ་འཕུར་བ་རེད། 

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ12པར་ཀྲུང་གོའི་མངའ་ཁོངས་ནས་འཇར་ཕན་དུ་བསྐྱོད་པའི་འཆར་གཞིའི་དུས་གཏན་གནམ་གྲུའི་ནང་གི་དུས་གཏན་གནམ་གྲུ40%ལས་བརྒལ་བ་མེད་པ་བཟོ་བ་དང་། དུས་གཏན་གནམ་གྲུ་མེད་པ་བཟོ་བའི་གྲངས་འབོར1900ལས་བརྒལ་རྒྱུ་རེད། 

  • ས་གནས་དེ་གའི་དུས་ཚོད་ཟླ11ཚེས29ནས30ཉིན་བར། གཞོན་ནུའི་ཁོར་ཡུག་ཚོགས་ཆེན་སྐབས་གསུམ་པ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་འཚོགས་པ་དང་། ཀྲུང་གོའི་གཞོན་ནུའི་འཐུས་མི་ཚོགས་པ་རྒྱལ་སྤྱིའི་གཞོན་ནུའི་ཁོར་ཡུག་གི་འདུ་ཚོགས་གཟབ་རྒྱས་དེའི་ནང་ཐོག་མར་ཞུགས། 

  • ཟླ12ཚེས1ཉིན། ལོན་ཏོན་གྱི་ལག་ཡོད་ཚོང་ཟོག་གི་རིན་གོང་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ཨང་སི་རེར་ཨ་སྒོར57ལས་ཐོག་མར་བརྒལ་ཡོད། ད་ལོ་ནས་བཟུང་རྒྱལ་སྤྱིའི་དངུལ་གྱི་རིན་གོང་འཕར་ཚད90%ལྷག་ལས་བརྒལ་ནས་འཕར་ཚད་གསེར་ལས་བརྒལ་ཡོད།  

cf65b36dbfa9446b66ea52c254bfe969.jpg

  • ཉེ་ཆར་རང་རྒྱལ་གྱི་མེ་ཤུགས་འཕུར་མདའི་དྲ་བའི་མ་ལག་ཚུར་བསྡུའི་མཚོ་ཐོག་ལས་སྟེགས་ཐོག་མ་དེ་གྲུབ་འབྲས་ཐོབ་པའི་ངང་རྩིས་སྤྲོད་བྱས་ཡོད། 

8e70fb07fdceb8fc47739d57c0336169.jpg

  • ཟླ12ཚེས1ཉིན་འཛམ་གླིང་གི་བརྒལ་ཚད་ཆེས་རིང་ཤོས་ཀྱི་ཟམ་པ་སྟེ། ཅང་སུའུ་ཀྲང་ཅིང་ཀའོ་ཡི་འབྲི་ཆུའི་ཟམ་ཆེན་ལྷོའི་ཟམ་པའི་སྒྲོམ་རྟེན་གཙོ་བོ་ཡོངས་རྫོགས་ཀྱི་ཁ་བཅད་ཡོད། 

2b246990fc618e572a25f1acbb37dff7.jpg

  • ཉེ་ཆར་ཡུན་ནན་ལི་ཅང་ཅང་སུའུ་ནན་ཅིང་དུ་འཕུར་བའི་དུས་གཏན་གནམ་གྲུའི་ཐོག་འགྲུལ་པ་ཞིག་ལ་གློ་བུར་དུ་མི་བདེ་བ་བྱུང་བ་ན། གཉེན་སྒྲིག་གུང་གསེང་གནས་སྐོར་དུ་འགྲོ་བཞིན་པའི་སྨན་གཡོག་མ་ཀྲུའུ་མོང་ཅ་ཡིས་མྱུར་སྐྱོབ་སྒམ་སྤྱད་དེ། སྨན་བཅོས་བྱས་ནས་ནད་པ་ཉེན་ཁ་ལས་ཐར་རོགས་བྱས་པ་རེད།

    སྲིད་ཇུས།

  • ཐེན་ཅིན་གྱིས་སྲོལ་ཡིག་བརྒྱུད། ཚན་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ཚན་ཞིབ་ཡོ་བྱད་ཆེ་གྲས་སོགས་དམངས་གཉེར་དཔལ་འབྱོར་རྩ་འཛུགས་ལ་སྒོ་དབྱེ་མཉམ་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

  • ཧྲའན་ཞིས་བཟོ་བཅོས་བྱ་ཐབས་སྤྱད་དེ་ཚན་ཞིབ་དང་སློབ་གསོ། སྨན་བཅོས་སོགས་སྒྲིག་གཞི་དང་ཚན་པས་མངལ་འཁོར་རིང་དང་ནུ་མ་སྣུན་རིང་གི་བུད་མེད་ལ་དམིགས་ནས་དཔྱད་བསྡུར་གདན་ཞུའི་དཔྱད་ཞིབ་དུས་བཀག་རིང་དུ་འོས་འཚམ་བཏང་ནས་ཕྲུ་གུ་སྐྱེ་རྒྱུ་དང་ལས་རིགས་འཕེལ་རྒྱས་ཀྱི་དུས་མཚམས་བརྟན་པོའི་ངང་སྐྱེལ་རྒྱུར་སྐུལ་མ་གཏོང་རྒྱུ་རེད། 

  • ཧུའུ་པེས་སྲོལ་ཡིག་ལ་གཞིགས་ནས་ཞབས་ཏོག་ཞུ་མཁན་གྱིས་ནུས་པ་ཤོར་བའམ་ཡང་ན་སྨན་ཁང་དུ་སྡོད་པའི་རྒན་པར་ལྟ་རྟོག་བྱེད་པར་ལོ་རེར་ནད་གཡོག་བྱེད་པའི་དུས་ཚོད་ཉིན་བཅུ་ལས་མི་ཉུང་བ་ལོངས་སུ་སྤྱོད་ཆོག་པ་དང་། ཕྲུ་གུ་གཅིག་ཅན་ལ་ལོ་རེར་ཉིན15ལས་མི་ཉུང་བ་བྱེད་དགོས་པ་དང་། དེའི་རིང་ལས་ཀ་བྱེད་པར་བརྩི་དགོས་པའི་གཏན་འབེབས་བྱས་ཡོད། 

    དེ་རིང་གི་གནམ་གཤིས།

81f482aeec2f6722ddf217da2a18f571.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད་དང་ནུབ་བྱང་རྒྱུད། ཅི་ལིན། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས། བོད་ལྗོངས་ཀྱི་ནུབ་བྱང་རྒྱུད། ཧྲན་ཏུང་ཕྱེད་གླིང་། ལིའོ་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཅིང་། ཀྲེ་ཅང་གི་བྱང་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། 


མཉམ་སྤྱོད།