དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-01 09:19:32   |   285

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ12ཚེས1ཉིན་དཔེ་སྐྲུན་བྱས་པའི་དུས་དེབ་ཐེངས23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཞིག་སྟེ《ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར“སྔར་བས་དམིགས་སར་འབྱོར་བ་ལྔ”ཐུབ་པ་བྱེད་དགོས》ཞེས་པ་སྤེལ་རྒྱུ་རེད། 

  • ཟླ11པར། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI )49.2%ཡིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.2འཕར་ཡོད། 

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་བརྟན་པོའི་ངང་ཡར་རྒྱས་བྱུང་བ་དང་། གཞི་ཁྱོན་ཡན་གྱི་ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས6.3%འཕར་ཡོད། 

f8353d528da36bd4bc7b516392bba67b.jpg

  • ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2026ལོ་འཁོར་གྱི་གཞུང་ཞབས་པ་བསྡུ་བའི་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་ཟླ11ཚེས30ཉིན་བླངས་ཤིང་། མི་ཁྲི283.1ཡིག་རྒྱུགས་ནང་ཞུགས་པ་དང་། ཞུགས་ཚད87.4%ཙམ་ཡིན། 

  • ཟླ11ཚེས30ཉིན་གྱི་ཆུ་ཚོད16བར། ཤང་ཀང་ཏ་ཕུའུ་ཧུང་ཕུའུ་ཡོན་དུ་མེ་སྐྱོན་བྱུང་ནས་མི146རྐྱེན་ལམ་དུ་ཤོར་བ་དང་། གནོད་འཚེ་ཕོག་པའི་མི100ལ་སྔར་བཞིན་འབྲེལ་བ་ཆད་ཡོད་ཅིང་། མེ་ཆེན་འཚོལ་སྐྱོབ་ལས་དོན་སྔར་བཞིན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད། 

  • ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཏ་ཕུའུ་ཧུང་ཕུའུ་ཡོན་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རིན་མེད་ཁང་པ་ཡོད་པའི་འགན་ལེན་བྱས་ནས་ཁོང་ཚོས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་བར་ཡིན་ཞེས་བཤད་པ་རེད། 

  • ཀྲུང་གོའི་སྤྱི་ཚོགས་ཕན་བདེའི་ཐེབས་རྩས་ཏ་ཕུའུ་མེ་སྐྱོན་གྱི་ཞལ་འདེབས་བསྡུས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། རིམ་རྩིས་བྱས་ན་སྤྱི་ཚོགས་ཀྱི་དགེ་སྒྲུབ་དངུལ་སྒོར་ཁྲི6659ལྷག་ཙམ་དང་ལེན་བྱས་པ་དང་། གཅེས་སེམས་ལྡན་པའི་མི་སྣ་ཁྱོན་མི་ཐེངས་ཁྲི146ཞལ་འདེབས་ནང་ཞུགས་ཡོད་པ་རེད། 

d5af2d0d285d6619feb8d819aa85b1ae.jpg

  • ཟླ11ཚེས30ཉིན་གྱིས་ཆུ་ཚོད20:20སྟེང་། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་ཉེར་བརྒྱད་པ་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། 

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་བཅུ་གཉིས་པར་དེ་སྔ་ལག་བསྟར་བྱ་རྩིས་ཡོད་པའི་ཀྲུང་གོ་ནས་འཇར་ཕན་དུ་འཕུར་བའི་དུས་གཏན་གནམ་གྲུ5548ནང904མེད་པ་བཟོ་རྒྱུའི་གཏན་འཁེལ་བྱས་པ་དང་།  མེད་པ་བཟོ་བའི་བསྡུར་ཚད16%ཟིན་ཡོད། 

    སྤྱི་ཚོགས།

2feeb2589e210b6f15d9a76aeed6d63a.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ11ཚེས30ཉིན་གྲང་ངར་ཆེ་བའི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཟླ11ཚེས30ཉིན་གྱི་མཚན་མོ་ནས་ཟླ12ཚེས3ཉིན་བར། རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་དུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་རླུང་ཆེན་གཡུག་པ་དང་དྲོད་ཚད་མར་ཆག་པ་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་ཤར་རྒྱུད་དང་འབྲི་ཆུའི་བྱང་རྒྱུད་ས་ཁུལ་གྱི་ཉིན་རེའི་ཆ་སྙོམས་སམ་ཡང་ན་དྲོད་ཚད་ཆེས་དམའ་ཤོས་ཡོངས་ཁྱབ་ཏུ6~10℃མར་ཆག་རྒྱུ་རེད།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཟླ11ཚེས30ཉིན་བར2025ལོའི་ལོ་འཁོར་གྱི་རང་རྒྱལ་གྱི་གློག་བརྙན་སྤ་སེ་བཙོང་ཚད་བསྡོམས་འབོར་སྒོར་དུང་ཕྱུར480ལས་བརྒལ་ཡོད་པ་རེད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོ་རང་རྒྱལ་གྱི་གངས་འཁྱགས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར10053ལ་སླེབས་རྒྱུ་རེད། 

  • ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཝུའེ་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

  • ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་ཚང་གི་མཆོད་འབུལ་བྱེད་སྒོ་དེ་ཟླ11ཚེས30ཉིན་སྤེལ་མགོ་བརྩམས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོ་ནན་ཅིང་དམར་གསོད་ཆེན་མོའི་ནང་སྲོག་ཉེན་ལས་ཐར་བའི་མི8ཚེ་ལས་འདས་པ་དང་། ཐོ་འགོད་བྱས་པའི་ད་ལྟ་ཚེ་འདིར་ཡོད་པའི་སྲོག་ཉེན་ལས་ཐར་བའི་མི24ལས་ལྷག་མེད་པ་རེད། 

e1071f2c55b759b7744f7ca8e1f19d33.jpg

  • ཉེ་ཆར་ཏ་ལེན་ལུའེ་ཧྲུན་རྟེན་མཛོད་ཁང་གིས་སླར་ཡང“མིང་ལུང་ལིའུ་ཆིའུ་རྒྱལ་པོའི་བཀའ་ཤོག”འགྲེམས་སྟོན་བྱས་ཤིང་། དེས་ལིའུ་ཆིའུ་ནི་ཀྲུང་གོའི་ཧྥན་ཁོངས་སུ་གཏོགས་པའི་ལོ་རྒྱུས་ཀྱི་དོན་དངོས་གལ་ཆེན་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།  

  • ད་ལོ་ཅི་ལིན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་མར་ཕྱོགས་ནས་གངས་འཁྱག་གི་གུང་གསེང་བཙུགས་པ་དང་། དུས་ཚོད་ནི་ཟླ12ཚེས3ནས7ཉིན་བར་ཡིན་པས་དབྱར་དགུན་གནང་གི་དུས་ཚོད་བཟུང་གི་མེད་པ་རེད། 

  • ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས42པའི“གངས་འབྲུག་གཉིས་པ”རྟགས་ཅན་མིག་སྔར་ཀྲུང་ཧྲན་ས་ཚིགས་ཀྱི་ཕྱི་རོལ་མཚོ་ཁོངས་སུ་འབྱོར་ནས། ནུས་ཤུགས་ཡོད་རྒུས་དར་གཏོར་ལས་ཀ་བྱེད་བཞིན་ཡོད་པ་རེད། 

5ec0f10fce6acea802d1cd856e9906c1.jpg

  • ཟླ11ཚེས30ཉིན། ཁྲུང་ཆིང་ནས་ཧང་ག་རིའི་པུ་ཏ་ཕེ་སི་བར་གྱི་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དངོས་སུ་གཏོང་མགོ་བརྩམས་པ་དང་། སྔོན་དཔག་བྱས་ན་ལམ་ཐག་ཧྲིལ་པོའི་སྐྱེལ་འདྲེན་དུས་ཚོད་དེ་སྤྱིར་བཏང་གི་དུས་གཏན་མེ་འཁོར་ལས30%ཙམ་ཐུང་དུ་འགྲོ་རྒྱུ་རེད། 

    སྲིད་ཇུས།

  • 《གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ལག་རྩལ་ཚད་གཞི》ཡི་གཏན་འབེབས་ལྟར་ན། ཟླ12ཚེས1ཉིན་ནས་བཟུང་། ཕྱིར་འཚོང་བྱས་པའི་གློག་སྒུལ་རྐང་འཁོར་གྱི་ཐོན་རྫས་ཚང་མ་ངེས་པར་དུ་པར་གཞི་གསར་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས་པ་དང། “རྒྱལ་ཁབ་ཀྱི་ཚད་གཞི་རྙིང་པའི”གློག་སྒུལ་རྐང་འཁོར་ཕྱོགས་ཡོངས་ནས་འཚོང་མཚམས་འཇོག་དགོས། 

  • ཐེན་ཅིན་གྱིས་བྱ་ཐབས་དཔར་འགྲེམ་བྱས་ནས། སྨན་བཅོས་གུན་སྐྱོབ་ནང་ཞུགས་མཁན་གྱིས་གྲོང་ཁྱེར་དེ་གའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་ཐོབ་ཐང་རྒྱུན་གཏན་ལྟར་ལོངས་སུ་སྤྱོད་རིང་། གྲོང་ཁྱེར་དེ་གས་གཏན་འཁེལ་བྱས་པའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞི་ཡོད་པ་ཤེས་ཚེ། གཏན་འབེབས་ལྟར་དམིགས་བསལ་ནད་གཞི་གཏན་འཁེལ་བྱེད་ཆོག་པ་མ་ཟད། ཕྱི་ཉིན་ནས་བཟུང་འབྲེལ་ཡོད་རྩིས་ཞུའི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད། 

  • ཨན་ཧུའེ་ཡིས་ཇུས་གཞི་དཔར་འགྲེམ་བྱས་ནས། བཟོ་འཕྲིན་པུའི་འབྱུང་འགྱུར་ཐོན་ལས་གསར་གཏོད་འཕེལ་རྒྱས་ཀྱི་ཕུལ་བྱུང་དཔེ་མཚོན་ཐོབ་པའི་རིག་ནུས་འཕྲུལ་མིའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི200སྤྲོད་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

8b75777d45a876136b858473b254990d.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་ཧེ་ལུང་ཅང་གི་བྱང་རྒྱུད། ཅི་ལིན། ཤིན་ཅང་བྱང་རྒྱུད་བཅས་ཀྱི་ཐེན་ཧྲན་རྒྱུད་དང་ཧོ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཅིང་། དེའི་ཁྲོད་ཅི་ལིན་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་པ་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད་དང་ཀོང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་འབབ་ཀྱི་ཡོད་ལ། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད། 


མཉམ་སྤྱོད།