དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-28 09:33:25   |   143

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་དེབ་ནང་བཅུག་ནས་བློར་ངེས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དེ་བས་ལེགས་པ་བྱེད་པ། དམག་འཐབ་མི་སྣ་གསོ་སྐྱོང་བྱེད་པ་བཅས་བྱ་ཆེད། ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུས《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་རགས་བཤད》རྩོམ་སྒྲིག་བྱས་ཤིང་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།

  • ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས1.9%འཕར་ཡོད།

1.jpg

  • ཟླ10པར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར339ཡི་ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96.2%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས3.9འཕར་ཡོད།

  • ཚེས27ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་སྤྱི་ཕན་གཏུག་བཤེར་ལས་དོན་གྱི་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་ཤིང་། གྱོད་གཞི་སྒྲུབ་པའི་གཙོ་གནད་ཁྱབ་ཁོངས་ཆེན་པོ་དྲུག་ཁ་གསལ་བཟོས་ཡོད།

  • ཚེས27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་དམག་དོན་ཚོད་འཛིན་དང་། དམག་མི་ཉུང་འཕྲི། ཁྱབ་འགྱེད་སྔོན་འགོག》བཅས་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཡིད་རྟོན་ཉམས་གསོའི་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་ཟླ12པའི་ཚེས25ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། བྱ་ཐབས་ནང་དོ་བདག་གིས་རང་འགུལ་ངང་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་ཡོ་བསྲང་བྱ་རྒྱུར་སྐུལ་ལྕག་བཏང་ཡོད།

  • ཚེས27ཉིན་གྱི་དགོང་མོའི་ཆུ་ཚོད10པའི་བར། ཤང་ཀང་ཏ་ཕུའུ་ཧུང་ཧྥུ་ཡོན་མེ་སྐྱོན་ཁྲོད་མི75རྐྱེན་ལམ་དུ་ཤོར། དེའི་ནང་གཅིག་ནི་མེ་ཟོན་མི་སྣ་ཡིན་པ་རེད།

  • ཚེས27ཉིན། ཀྲུང་དབྱང་ཀང་ཨའོ་གཞུང་དོན་ཁང་གི་ལས་དོན་ཚོགས་ཆུང་གིས་ཤང་ཀང་དུ་གེགས་སེལ་ལས་དོན་སྤེལ་རོགས་བྱས།

  • རྒྱལ་སྲུང་པུས་ད་ལོ་ནི་ཐའེ་ཝན་ཕྱིར་ལོག་ནས་ལོ80འཁོར་བའི་ལོ་ཡིན། འཇར་པན་གྱིས་ཐའེ་ཝན་ལ་བཙན་འཛུལ་བྱས་པའི་ཉེས་སྤྱོད་ཚབས་ཆེན་ལ་རང་སྐྱོན་རང་བརྟག་གཏིང་ཟབ་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་ཉེས་ཚབས་ཆེ་བ་བཟོ་འདོད་ཡོད་པ་དང་། ཐའེ་ཝན་མཚོ་འགག་ལ་དམག་དོན་ཐེ་ཇུས་བྱས་ཏེ་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་མགོ་རྟིང་སློག་པ་དང་དམག་རྒྱལ་རིང་ལུགས་ཀྱི་ལམ་རྙིང་དུ་བསྐྱར་ལོག་བྱ་རྒྱུའི་རེ་ངན་བཅངས་ཡོད། བཅིངས་འགྲོལ་དམག་ལ་ནུས་པ་ཆེན་པོ་ཡོད་ལ་བློས་འགེལ་ཆོག་པའི་བྱེད་ཐབས་སྤྱད་དེ་ཚུར་རྒོལ་བྱེད་མཁན་གྱི་དགྲ་བོ་ཐམས་ཅད་ཕམ་པར་བཟོ་ཐུབ་པས་འཇར་པན་ཕྱོགས་ཀྱིས་རྙོག་དྲ་བཟོས་ན་རིན་དོད་ཚབས་ཆེན་འཇལ་དགོས་ངེས་ཡིན་ཞེས་བཤད།

    སྤྱི་ཚོགས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉིན་ཤས་གོང་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ལས་རིགས་མཐུན་ཚོགས་དང་མཉམ་དུ་ཚོགས་འདུ་འཚོགས་ཏེ། གོ་རིམ་མེད་པའི་རིན་གོང་འགྲན་རྩོད་མ་གནས་གཏན་འཁེལ་གྱི་ཚད་གཞི་སོགས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།

2.jpg

  • ཚེས27ཉིན་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་སྟེ་ཝུའུ་ཅང་པའེ་མཱ་མཁའ་འགྲུལ་གློག་ཤུགས་ལྟེ་གནས་རགས་ཆེན་གྱི་གཙོ་གཟུགས་ཀྱི་ཨར་ལས་དུས་མཚམས་སུ་དངོས་སུ་སླེབས་ཡོད།

3.png

  • ཧྲི་ཡུས་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་ཤིང་། དེས་ཧྲི་ཡུས་རིག་གནས་མི་ཚོགས་ཀྱི་བྱེད་པོ་ནི་ཧྲའན་པེ་དབྱང་ཧྲའོ་དུས་མཇུག་གི་མི་ཚོགས་ནས་བྱུང་བ་ར་སྤྲོད་བྱས་ལ། དེའི་རིག་གནས་དང་མི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་གཏན་འཁེལ་བྱས་ཡོད།

    4.jpg

  • ཉིན་ཤས་གོང“སི་ཁྲོན་བྱང་ཤར་གྱི་ཀྲའེ་ཅིན་གཏེར་ཁ་རྩད་གཅོད”རྣམ་གྲངས་ལ་དཔྱད་ཞིབ་བྱས། གྲུབ་འབྲས་ལས་མངོན་པར་གཞིགས་ན། ད་ཐེངས་དཔྱད་ཞིབ་བྱེད་སྐབས་གསར་དུ་འཕར་བའི་གསེར་གྱི་ཐོན་ཁུངས་ཏུན28.24ཟིན་པ་དང་རིམ་རྩིས་བྱས་ན་གསེར་གྱི་ཐོན་ཁུངས་ཏུན81.06ཟིན་ཡོད།

  • ཚེས27ཉིན། 2025ལོའི་ཨེ་ཤེ་ཡའི་སྤྱི་སྤྱོད་མཁའ་འགྲུལ་འགྲེམས་སྟོན་ཀྲུའུ་ཧའེ་རུ་མགོ་ཚུགས། རྒྱལ་ཁབ་ཕྱི་ནང་གི་སྤྱི་སྤྱོད་མཁའ་འགྲུལ་དང་མཁའ་དབྱིངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་མངོན་རྒྱུ་རེད།

  • ཚེས28ཉིན་གྱི་ཆུ་ཚོད12ནས24ཉིན་བར་པོ་ཧའེ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་བསྐྱོད་མི་ཆོག

  • ཚེས27ཉིན་རང་རྒྱལ་གྱི་གློག་ཁུངས་གཞི་ཁྱོན་ཆེ་ཤོས་དང་ནུས་རྒྱུ་གསར་པའི་བསྡུར་ཚད་མཐོ་ཤོས་ཀྱི་བྱེ་ཐང་དང་། མྱ་ངམ་ཐང་། ཐང་རྒོད་བཅས་ཀྱི་རྟེན་གཞི་ཆེན་པོའི་རྣམ་གྲངས་ཏེ། མཚོ་སྔོན་མཚོ་ལྷོའི་ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་དངོས་སུ་ལས་མགོ་ཚུགས།

5.jpg

  • ཉིན་ཤས་གོང་། ཧོ་ནན་ཀྲོའུ་ཁོའུ་ཡི་བུད་མེད་ཅིག་ཆུ་ནང་དུ་ལྷུང་བ་ན། ཉེ་འགྲམ་དུ་ཞོག་ཁོག་མངར་མོ་བསྲེགས་མ་བཙོང་བཞིན་པའི་ཧྥེང་ཞིན་ལེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གྲང་ངར་ཆེ་བའི་མཚེའུ་ཡི་ནང་མཆོངས་ཏེ་བུད་མེད་སྐྱོབ་ཐུབ་པ་བྱུང་ཡོད།

    སྲིད་ཇུས།

  • ཁྲུང་ཆིང་གིས་དམའ་དབྱིངས་དཔལ་འབྱོར་གྱི་རོགས་སྐྱོར་སྲིད་ཇུས་བཏོན་ནས་ དམའ་དབྱིངས་ཟོག་འགྲེམས་མཁའ་ལམ་གསར་དུ་བཏོད་པའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི15སྤྲོད་རྒྱུ་དང་ཁེ་ལས་རྐྱང་པའི་ལོ་འཁོར་གྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི100ཟིན་ཡོད།

  • ཧའེ་ནན་གྱིས་བརྡ་ཐོ་བཏང་ནས་ཟླ12པའི་ཚེས1ཉིན་ནས་བཟུང་མི་སྒེར་གྱིས་དངོས་སུ་སྤྲད་པའི་སྨན་བཅོས་འགྲོ་གྲོན་དེ་རང་བྱུང་ལོ་འཁོར་གཅིག་ནང་རིམ་རྩིས་བྱས་ན་སྒོར་ཁྲི་གཅིག་དང་དེའི་ཡན་ལས་བརྒལ་ཚེ་འཇལ་མཁན་ཁྱིམ་ཚང་གིས་མི་སྒེར་གྱིས་དངོས་སུ་སྤྲད་པའི་སྨན་བཅོས་འགྲོ་གྲོན་གཞིར་བཟུང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་ཞུ་བྱེད་ཆོག

  • ཧོ་ནན་གྱིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས། ཟླ12པའི་ཚེས1ཉིན་ནས་བཟུང་ས་ཁོངས་རིགས་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་སྒོར2350དང་། ས་ཁོངས་རིགས་གཉིས་པར་སྒོར2150དང་། རིགས་གསུམ་པར་སྒོར2000བཅས་ཡིན།

  • དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་འབབ་རྒྱུ་རེད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།