དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-27 08:49:25   |   358

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཤང་ཀང་ཞིན་ཅེ་ཏ་ཕུའུ་ཆུས་སྡོད་ཁང་ཐོག་ཁང་གི་མེ་སྐྱོན་ལས་འཛོལ་ཚབས་ཆེན་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣ་དང་རང་སྲོག་ཤོར་བའི་མེ་ཟོན་མི་སྣར་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནང་མི་དང་གནོད་འཚེ་ཕོག་པའི་མི་སྣར་འཚམས་འདྲི་གནང་བ་དང་འབྲེལ་ནུས་ཤུགས་ཡོད་རྒུས་མེ་སྐྱོན་བསད་དེ་ཤི་རྨས་ཀྱི་གྱོང་གུན་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན།

  • ཟླ11པའི་ཚེས25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

  • ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཡོངས་ཀྱིས་སང་ལོའི་ཟླ3པའི་ཚེས1ཉིན་ནས་བཟུང《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣའི་ལག་ཁྱེར》སྤྱོད་མགོ་ཚུགས་རྒྱུ་རེད།

  • ཟླ10པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན25316ཞིབ་བཤེར་ཐག་གཅོད་བྱས།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར10332.3ཟིན་པ་དེ་དུས་མཚུངས་ལས7%འཕར་ཡོད།

  • ལས་བཟོའི་བུ་ཕྲུག་བཅོལ་སྐྱོང་གི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱ་ཆེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྡ་ཐོ་བཏང་ནས2025ལོར་ཆ་རྐྱེན་འཛོམས་པའི་མི་སྤྱོད་ཚན་པས་བཅོལ་སྐྱོང་རྣམ་གྲངས1000གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

  • འཇར་པན་གྱི་ནང་བློན་ཁང་གིས་གྲོས་ཆོད་བརྒྱུད་བགྲོ་གླེང་ཡི་གེར་གྲོས་འཆམ་བྱུང་བའི་ཐད་ཀྲུང་གོའི་ཕྱི་འབྲེལ་པུས་ལན་སློག་པ་སྟེ། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་ཀྲུང་གོའི་བླང་བྱར་ནན་ཏན་གྱི་ལྟ་སྟངས་འཛིན་པ་དང་། རང་སྐྱོན་ངོས་ལེན་དང་ནོར་འཁྲུལ་ཡོ་བསྲང་ཏན་ཏིག་བྱེད་པ། ནོར་འཁྲུལ་གྱི་གཏམ་བརྗོད་གང་མགྱོགས་བཅོས་སྒྱུར་བཅས་བྱས་ཏེ་ཀྲུང་གོར་ཁས་ལེན་བྱས་པ་དག་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པའི་སྐུལ་མ་གནང་བ་ཡིན་ཞེས་བཤད།

88888888.jpg

  • ཚེས25ཉིན་ཧྥ་རན་སེར་བསྐྱོད་པའི་ཀྲུང་གོའི་དོམ་ཁྲ“ཧོན་ཧོན”དང“ཡོན་ཙེ”ཀྲུང་གོར་ཕྱིར་ལོག ལོ་བཅུ་ལྷག་ཙམ་རིང་གི་ཧྥ་རན་སེའི་འཚོ་བ་དངོས་སུ་མཇུག་སྒྲིལ།

  • 2026ལོའི་སྨི་ལན་གྱི་ཁོར་ཏི་ན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གྱི་མེ་སོན་འཚོལ་བསྡུ་བྱེད་པའི་མཛད་སྒོ་ཚེས26ཉིན་ཀེ་རི་སེའི་ཨོ་ལིམ་ཕིག་ཡ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་དུ་འཚོགས།

    སྤྱི་ཚོགས།

  • ཚེས26ཉིན་གྱི་དགོང་མོ་ནས་ཚེས28ཉིན་བར། མཁའ་རླུང་གྲང་མོ་ཞིག་གིས་མུ་མཐུད་དུ་རང་རྒྱལ་གྱི་དབུས་ཤར་ས་ཁུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། འབྲི་ཆུའི་བྱང་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད4℃ནས6℃མར་ཆག་རྒྱུ་རེད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲོད་ཚད8℃ནས12℃མར་ཆག་རྒྱུ་རེད།

  • ཚེས26ཉིན། རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ཐོག་ཅི་ལིན་ཁྲང་ཁྲུན་གྲོང་ཁྱེར་ལ་2027ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པ་མ་ཟད། རང་རྒྱལ་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་གཉེར་བའི་གྲོང་ཁྱེར་གཉིས་པར་གྱུར་ཡོད།

  • དམངས་སྲིད་པུ་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས26ཉིན་བརྙན་ལམ་ཚོགས་འདུ་འཚོགས་ཏེ། 2026ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་ཏུ་ཉུང་མཐར་ཡང་དཔེ་སྟོན་རང་བཞིན་གྱི་དབང་པོ་སྐྱོན་ཅན་གསོ་བཅོལ་ལྟ་སྐྱོང་ཞབས་ཞུའི་སྒྲིག་གཞི1འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན།

  • ཚེས26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཏུའུ་ཡུས་པོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས།ཏུའུ་ཡུས་པོ་ལ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བྱ་རྒྱུའི་ཁྲིམས་ཐག་བཅད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་གོ་མཚོན་སྒྲིག་ཆས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཝུའེ་ཏུང་ལ་ཁྲིམས་ལྟར་གཞུང་གཏུག་བྱས།

  • སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཧྥེང་ཁྲའོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

2.png

  • ཧོ་ནན་གྱིས་འབྲི་ཆུའི་འབབ་རྒྱུད་ཀྱི་ལི་ཆས་སྔ་ཤོས་རྙེད་པ་དང་ད་བར་ལོ4500ཙམ་སོང་ཡོད།

    སྲིད་ཇུས།

  • 《རྒན་གསོའི་ཞབས་ཞུའི་ཚད་གཞིའི་མ་ལག་འཛུགས་སྐྱོང་གི་ཕྱོགས་སྟོན(2025ལོའི་པར་གཞི)》ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ཤིང་། “རྒན་འཚམ་སྒྱུར་བཀོད་ཞབས་ཞུ”དང“བདེ་འཇགས་དོ་དམ”དང་། “ཚན་རྩལ་གྱིས་རྒན་པར་རོགས་སྐྱོར”སོགས་དམིགས་ཚད་གསར་པ་སྔར་བས་མང་དུ་བཏང་ཡོད།

  • ཧོ་པེས་ལས་རྨས་རིམ་པ་དང་པོ་ནས་བཞི་པའི་བར་གྱི་ལས་བཟོའི་རྨས་སྐྱོན་ཁ་གསབ་ལེགས་སྒྲིག་བྱས་པ་དང་། རྨས་སྐྱོན་རིམ་པར་གཞིགས་ནས་མི་རེར་ཟླ་རེར་ཁ་གསབ་མང་དུ་གཏོང་རྒྱུ་སྟེ། རིམ་པ་དང་པོའི་རྨས་སྐྱོན་ལ་སྒོར315དང་། རིམ་པ་གཉིས་པའི་རྨས་སྐྱོན་ལ་སྒོར295དང་། རིམ་པ་གསུམ་པའི་རྨས་སྐྱོན་ལ་སྒོར275དང་། རིམ་པ་བཞི་པའི་རྨས་སྐྱོན་ལ་སྒོར255བཅས་ཁ་སྣོན་བྱས།

    དེ་རིང་གི་གནམ་གཤིས།

3.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་བྱང་ཤར་གྱི་ས་ཁུལ་མང་ཆེ་བ་སོགས་སུ་ཁངས་ཆུང་ནས་ཁངས་འབྲིང་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅི་ལིན་གྱི་དབུས་ཤར་རྒྱུད། ལེའོ་ཉིང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་དང་། ཅི་ལིན་ཤར་རྒྱུད་སོགས་སུ་ཁངས་ཆག་འབབ་རྒྱུ་རེད། གོང་གསལ་ས་ཁུལ་དུ་ཁངས་གསོག་ཐེབས་ཚད་ལི་སྨི5ནས9བར་མང་དུ་ཕྱིན་ཡོད།


མཉམ་སྤྱོད།