དེ་རིང་ནི2025ལོའི་ཟླ11པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-26 09:15:14   |   35

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ11པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐང་ཅའི་རྒྱལ་པོ་སྟེ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་དང་མཇལ་འཛོམས་གནང་།

  • ཟླ11པའི་ཚེས25ཉིན། ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བདུན་པ་པེ་ཅིང་དུ་གཉེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར1626.8ཟིན་པ་དེ་དུས་མཚུངས་ལས16.1%འཕར་ཡོད།

  • ཟླ10པར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་སྤྱིའི་མཁའ་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས20%ལས་བརྒལ་ཞིང་། ཟླ་རེའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་སྟེ་ཏུན་ཁྲི90ལས་ཐོག་མར་བརྒལ།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར209.88ཟིན་པ་དེ2021ལོ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར15ཙམ་འཕར་ཡོད།

2.jpg

  • ཚེས25ཉིན། ལྷ་གྲུ་ཨང་ཉེར་གཉིས་པ་རྟགས་ཅན་གྱི་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས། དེ་ནི་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་འཕྲལ་སྡོམ་འཕེན་གཏོང་ལས་འགན་ཐེངས་དང་པོ་ཡིན། ལྷ་གྲུ་ཨང་ཉེར་གཉིས་རྟགས་ཅན་གྱི་འཕུར་གྲུ་དེ་རྗེས་ཕྱོགས་ལྷ་གྲུ་ཨང་ཉེར་གཅིག་པའི་མཁའ་སྐྱོད་པའི་ཚོ་ཆུང་གི་ཕྱིར་ལོག་འཕུར་གྲུ་བྱ་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཤིན་ཅང་ཨ་ལ་ཧྲན་ལྕགས་ལམ་དང་གཞུང་ལམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཁྱོན་ཏུན་ཁྲི2479.2ཟིན་ཡོད། མིག་སྔའི་བར་ཨ་ལ་ཧྲན་འགག་སྒོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་ལམ་ཐིག124ཤར་གཏོང་ཐུབ་ཡོད།

  • འཇར་པན་གྱི་མི་ལ་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཐའེ་ཝན་གྱི་གནད་དོན་གྲོས་བསྡུར་བྱེད་པའི་ཐོབ་ཐང་མེད་ཅེས་བརྗོད་པའི་ཐད་ཕྱི་འབྲེལ་པུས་ནན་གྱིས་བསྟན་དོན། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འཕྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། འདི་ནི་དོན་དངོས་འགྱུར་མེད་ཅིག་ཡིན་པས་འཁྱོག་བཤད་དང་གཡོ་བཅོས་བྱེད་མི་རུང་།

  • ཐེ་ལན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཐིང་གིས་ཚེས25ཉིན་བརྡ་ཁྱབ་བཏང་སྟེ། ཉིན་ཤས་བསྟུད་མར་ཆུ་ལོག་བྱུང་བས་ཐེ་ལན་གྱི་མི41རྐྱེན་ལམ་དུ་ཤོར་ཟེར། ཐེ་ལན་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་ཆེ་མོས་སྤྱི་བསྒྲགས་སྤེལ་ཏེ། ཐེ་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཉེ་དུས་སུང་ཁ་ཧྥུའུ་ཧོ་ཨའེ་གྲོང་ཁྱེར་སོགས་གནོད་འཚེ་ཕོག་པའི་ས་ཁུལ་དུ་གནས་སྐབས་མི་འགྲོ་བ་དང་། བདེ་འཇགས་དོགས་ཟོན་དང་གྲ་སྒྲིག་ལེགས་པོ་བྱེད་དགོས་པའི་དྲན་སྐུལ་བྱས།

    སྤྱི་ཚོགས།

  • ཚེས25ཉིན་གྱི་དགོང་མོ་ནས་ཚེས28ཉིན་བར། ཅུང་དྲག་པའི་མཁའ་རླུང་གྲང་མོ་ཞིག་གིས་ནུབ་ནས་ཤར་ཕྱོགས་སུ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་དང་། འབྲི་ཆུའི་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་དྲོད་ཚད4℃ནས8℃མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད10℃ནས12℃མར་ཆག་རྒྱུ་རེད།

  • རྒྱལ་ཁབ་གྲངས་གཞི་ཅུས་ཚེས25ཉིན་ཁག་དང་པོའི་གཞུང་ཁོངས་ཁེ་ལས་ཀྱི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཚོད་ལྟ་བྱེད་མགོ་ཚུགས། དེ་ནུས་རྒྱུ་དང་གློག་ཤུགས། འགྲིམ་འགྲུལ་ཟོག་འགྲེམས། རྒྱུ་ཆ་གསར་པ། ལྗང་མདོག་ཐཱན་ཉུང་སོགས་སྲོལ་རྒྱུན་དང་གསར་དར་ཁྱབ་ཁོངས་དང་འབྲེལ་བ་ཡོད།

  • དྲ་ཚིགས་དང་ལས་སྟེགས་ཁག་གཅིག་གིས་མི་ཐབས་རིག་ནུས་ཀྱིས་བཟོས་པའི་ནང་དོན་ལ་རྟགས་མཚན་འགོད་པའི་གཏན་འབེབས་དོན་འཁྱོལ་ནུས་ལྡན་བྱས་མེད་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ། ཉེ་དུས་དྲ་འཕྲིན་སྡེ་ཚན་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་ཁག་གཅིག་ལ་གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ཤིང་། ཁྲིམས་དང་སྒྲིག་སྲོལ་ལྟར་སྐོང་འདྲི་དང་། དུས་བཀག་ནང་ཡོ་བསྲང་བྱེད་པ། ནང་དོན་ཕྱིར་འཐེན་བྱེད་པ་སོགས་ཀྱི་ཐག་གཅོད་བྱས།

  • ཀྲུང་གོ་ཚན་རིག་ཁང་བར་སྣང་ཚན་རིག་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་སུ་སའི་གོ་ལ་ཕྱིའི་སྐོར་གཡེང་སོགས་བར་སྣང་འཚོལ་ཞིབ་ཀྱི་ཚན་རིག་སྲུང་སྐར་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་ཚད་བརྒལ་གསར་པ་ཡོང་བ་བརྩོན་ལེན་བྱ་རྒྱུ་རེད།

  • དུས་ཡུན་ལོ་གཅིག་གི་རིང་གྲུ་ཁང་ཕྱིར་ཚོད་ལྟ་བྱས་རྗེས། ཟླ་ངོས་བཟོ་སྐྲུན་ཞིབ་འཇུག་ལ་སྤྱོད་པའི“ཟླ་བའི་ས་རྒྱུའི་སོ་ཕག”གི་མ་དཔེ་ཁག་དང་པོ་ཉིན་ཤས་གོང་ལྷ་གྲུ་ཨང་ཉེར་གཅིག་པའི་འཕུར་གྲུ་དང་མཉམ་དུ་བདེ་བླག་ངང་སའི་གོ་ལར་ལོག ཚན་ཞིབ་མི་སྣས་ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད“ཟླ་བའི་ས་རྒྱུའི་སོ་ཕག”ཁག་དང་པོའི་མ་དཔེ་ཡག་པོ་ཡོད་པ་གཏན་འཁེལ་བྱས།

  • ཚེས24ཉིན། ཀྲུང་གོའི་སྐྱེས་མའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་དེ་སྔའི་རྩལ་ཁྲིད་པ་གཙོ་བོ་ལང་ཕིང་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་སྤྱི་ཁྱབ་པུ་རུ2025ལོའི་ལོ་འཁོར་གྱི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་རྩལ་འཁྲིད་པའི་ཚེ་གང་གྲུབ་འབྲས་བྱ་དགའ་ཐོབ།

3.png

  • ཚེས25ཉིན། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་གསར་སྐྲུན་བྱས་པའི་རབས་གསར་པའི་འདམ་འཇིབ་གྲུ་གཟིངས་ཆེ་གྲས“ཐུང་ཅུན”ཀྲུང་གོའི་རྒྱ་མཚོ་སེར་པོའི་མཚོ་ཁོངས་སུ་མཚོ་ཐོག་ཚོད་ལྟ་བྱས་པ་དང་། རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་ནས་དངོས་སུ་བེད་སྤྱོད་གཏོང་བའི་ཆ་རྐྱེན་འཛོམས་ཡོད།

  • ཚེས24ཉིན་རང་རྒྱལ་གྱི་འོད་ཚད་རྡུལ་རྩིས་འཁོར་བཟོ་སྐྲུན་བཟོ་གྲྭ་ཐོག་མ་དེ་ཀོང་ཏུང་ཧྲེན་ཀྲེན་གྱི་ལྷོ་རི་ཁུལ་དུ་དངོས་སུ་བསྐྲུན།

  • ཚེས25ཉིན་ཧར་དབྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ལྕགས་ལམ་བཏིང་ཚར་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཧར་པིན་ནས་དབྱི་ཁྲུན་བར་ཆུ་ཚོད་གཉིས་ལས་འགོར་གྱི་མེད།

    སྲིད་ཇུས།

  • ཤོག་སྦག་གི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་གསར་པ་ཉེ་ཆར་ཁྱབ་བསྒྲགས་བྱས། ཤོག་སྦག་ཐོན་སྐྱེད་དང་། གཉེར་སྐྱོང་། སྐྱེལ་འདྲེན། སྦར་བ་བཅས་ཀྱི་ལྷུ་ཚིགས་ཁག་ལ་དམིགས་ནས་བདེ་འཇགས་ཀྱི་བླང་བྱ་མཐོ་རུ་བཏང་སྟེ་ཐོན་རྫས་སྣ་ཚོགས་ཀྱི་རྫས་སྣ་དང་། རྒྱུ་ཆ། དེ་བཞིན་སྦར་ནུས་སོགས་ཀྱི་དམིགས་ཚད་གལ་ཆེན་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་རེད།

  • ཧྲང་ཧའེ་ཡིས་སྨན་རྫས་དང་སྨན་བཅོས་ཡོ་བྱད་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས“སྨན་བཅོས་ཡོ་བྱད་གསར་པ་དང་སྤུས་ལེགས”ཞིབ་འཇུག་གསར་སྤེལ་ནས་བེད་སྤྱོད་བྱེད་པའི་བར་གྱི་ནུས་ཆེའི་སྦྲེལ་མཐུད་ལམ་སྲོལ་འཚོལ་ཞིབ་དང་། ནད་ཐོག་སྨན་བཅོས་ཀྱི་ཉེན་ཆེའི་ནད་གཞི་ཚབས་ཆེན་ཐད་སྤྱོད་པའི་སྨན་གསར་པ་སྨན་ཁང་དུ་ནང་འདྲེན་བྱེད་པའི་གོ་རིམ་ལེགས་བཅོས་བྱས་ཏེ། ལས་ཀའི་ཉིན30ནས་ལས་ཀའི་ཉིན15བར་རིམ་བཞིན་ཉུང་དུ་གཏོང་རྒྱུ་རེད།

  • ཅང་ཞི་ཡིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས། ནན་ཁྲང་ཏུང་ཧུའུ་ཆུས་དང་ཞི་ཧུའུ་ཆུས་སོགས་ས་ཁོངས་རིགས་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་སྒོར2240ཡིན།

    དེ་རིང་གི་གནམ་གཤིས།

4.jpg

  • ནང་སོག་གི་ས་ཆ་མང་ཆེ་བ་དང་། ནུབ་བྱང་ས་ཁུལ་གྱི་དབུས་བྱང་རྒྱུད། ཧྭ་བྱང་གི་བྱང་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་ལྷོ་རྒྱུད། ཡུན་ནན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་དང་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།