དེ་རིང་ནི2025ལོའི་ཟླ11པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-25 09:13:57   |   66

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11པའི་ཚེས24ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་དང་ཁ་པར་ཐོག་ནས་བཀའ་མོལ་གནང་།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《བློ་མཐུན་ཧུའུ་ཡའོ་པང་འཁྲུངས་ནས་ལོ110འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》ཞེས་པའི་དེབ་རྐྱང་པ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམས་སྤེལ་བྱས་ཡོད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བཅུ་པར་རང་རྒྱལ་གྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་རྒྱུན་མཐུད་ངང་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་ནས་བཟོ་ལས་འཕྲུལ་མི་ཕྱིར་ཚོང་བྱེད་ཚད40%ལྷག་ཙམ་འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ10པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར37.5ཟིན་པ་དེ་དུས་མཚུངས་ལས17.3%འཕར་ཡོད།

  • བཟོ་འཕྲིན་པུས་ཉེ་ཆར་བརྡ་ཐོ་བཀྲམ་སྟེ། གསར་དར་ཐོན་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྒྱལ་ཁབ་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་དཔེ་སྟོན་རྟེན་གཞི་གཏོད་པའི་ལས་དོན་སྤེལ་རྒྱུ་རེད།

1.jpg

  • ཀྲུང་དབྱང་མཁའ་དབྱིངས་དོ་དམ་གཞུང་ལས་ཁང་གིས་ཉིན་ཤས་གོང་དམའ་དབྱིངས་དོ་དམ་མ་ལག་འཛུགས་སྐྲུན་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན།

  • སྡོམ་རྩིས་བྱས་པ་ལྟར་ན། 2026ལོར་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་ཚད་ལ་མིང་ཐོ་འགོད་མཁན་མི་གྲངས་ཁྲི343ཡོད།

  • ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་ཨང་གཉིས་པའི་འཕུར་གྲུ་ཚེས25ཉིན་འཕེན་གཏོང་བྱེད་རྩིས་ཡོད།

  • འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་ཐའེ་ཝན་ཉེ་འགྲམ་གྱི་ལྷོ་ནུབ་གླིང་ཕྲན་ཁག་ཏུ་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ཐད་ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གཡས་རུའི་ཕྱོགས་གཏོགས་ཀྱིས་ལོ་རྒྱུས་ཕྱིར་ལྡོག་གཏན་ནས་བྱེད་དུ་མི་འཇུག་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་སྐྱོན་འཛུགས་གཏན་ནས་བྱེད་དུ་མི་འཇུག འཇར་པན་དམག་རྒྱལ་རིང་ལུགས་རོ་ལངས་གཏན་ནས་བྱེད་དུ་མི་འཇུག

  • མིག་སྔའི་བར། ཟླ11པའི་ཚེས24ཉིན་ནས་ཟླ12པའི་ཚེས31ཉིན་བར། རྒྱལ་ནང་ནས་འཇར་པན་བར་གྱི་མཁའ་འགྲུལ་གནམ་གྲུ་གཏོང་ཚད་མཚམས་འཇོག་ཚད་དེ་ཟླ་བ་གོང་མའི་དུས་མཚུངས་ལས56%ཙམ་འཕར་ཡོད།

    སྤྱི་ཚོགས།

  • ཚེས24ཉིན་གྱི་དགོང་མོ་ནས་ཚེས25ཉིན་བར། མཁའ་རླུང་ཅུང་གྲང་མོས་རང་རྒྱལ་དབུས་ཤར་རྒྱུད་དུ་ཤུགས་རྐྱེན་ཐེབས་ནས་ཡོངས་ཁྱབ་ཏུ་དྲོད་ཚད4~6℃བར་ཆག་རྒྱུ་དང་། བྱང་ཕྱོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད་མར་ཆག་ཚད་ཏུའུ8-12℃ལ་སླེབས་རྒྱུ་རེད།

  • ཚེས24ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར70དང་སྒོར65བཅག་ཡོད།

  • སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཟུར་བ་དང་། སྤྱི་བདེ་ཐིང་གི་ཐིང་ཀྲང་ཟུར་པ་ཡེ་ཧན་པིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུང་གོ་དངུལ་འཛིན་དུ་བཅས་སྡོད་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཟུར་བ་ཝང་ཧུའེ་མིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའི་ཏང་ཙུའི་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཟུར་བ་ཁྲེན་ཧྲི་ཧྥེ་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་གཞུང་གཏུག་བྱས།

  • ཀོང་ཏུང་གིས་ཧྲེན་ཅང་ལྕགས་ལམ་རྡིབ་སྟེ་མི13རྐྱེན་ལམ་དུ་ཤོར་བའི་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས།

  • WTTཤང་ཀང་རྟིང་རྩོད་འགྲན་སྡུར2025ལོའི་ཟླ12པའི་ཚེས10ནས་ཚེས14ཉིན་བར་འཚོག་རྒྱུ་དང་། རྒྱལ་ཁབ་ཕིང་ཕང་སྤོ་ལོའི་མི11ཞུགས་རྒྱུ་རེད།

  • ཀྲུང་གོ་ཚན་རིག་ཁང་ས་གཤིས་དང་སའི་གོ་ལའི་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང·གནམ་རིག》ཐོག་སྤེལ་བའི་དཔྱད་འབྲས་ཀྱིས་ཟླ་བའི་ལྷ་མོ་ཨང་དྲུག་པའི་ཟླ་བའི་ས་རྒྱུད་ཀྱི“འབྱར་བག་དེ་འདྲ་ཆེ་བའི་རྒྱུ་མཚན་ཅི་ཡིན་པའི” ཚན་རིག་གི་གསང་བར་གསལ་བཤད་ཁ་ཚང་བྱས་ཡོད།

2.gif

  • ཉེ་ཆར། སི་ཁྲོན་ཁྲེང་ཏུའུ་ཡི་བུད་མེད་ཅིག་གིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། ལམ་འགྲོ་པ་ཞིག་ཆུ་ནང་དུ་མཆོང་ནས་སྐྱོབ་ཐབས་བྱས་ཀྱང་ལུས་ཤུགས་ཞན་པའི་རྐྱེན་གྱིས་གཉིས་ཀ་ཆུས་འཁུར། དེ་དུས་རུ་འཁྱུར་དམག་མི་ཀྲང་ཧའོ་ནན་བློ་ཐག་ཆོད་པོས་ཆུར་མཆོང་ནས་མི་གཉིས་ཀ་སྐྱོབ་ཐུབ་པ་བྱུང་།

    སྲིད་ཇུས།

  • ཨན་ཧུའེ་ཡིས་བྱ་སྤྱོད་ཇུས་གཞི་པར་འགྲེམས་བྱས་ཏེ། རིག་ནུས་འཕྲུལ་མིའི་ཁྱབ་ཁོངས་ཀྱི་ཞིང་ཆེན་རིམ་པའི་འབྱུང་འགྱུར་ཐོན་ལས་ཀྱི་སྣེ་ཁྲིད་ཁུལ་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིང་ཆེན་རིམ་པའི་འབྱུང་འགྱུར་ཐོན་ལས་སྔོན་སྐྱོད་ཁུལ་གྲབས་འཛུགས་མིང་ཐོའི་ནང་བཅུག་རིགས་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི1000སྤྲོད་རྒྱུ་རེད།

  • ཀུའེ་ཀྲོའུ་ཡིས་ལག་བསྟར་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ཏེ། 2025ལོ་ཧྲིལ་པོར་ཀུའེ་ཀྲོའུ་རུ་ཐོན་སྐྱེད་གཞི་ཁྱོན་དུས་མཚུངས་ལས་འཕར་བའི་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་བྱ་དགའ་སྤྲོད་རྒྱུ་དང་མཐོ་ཤོས་ལ་སྒོར་ཁྲི30སྤྲོད་རྒྱུ་རེད།

  • ཧའེ་ནན་གྱིས་བརྡ་ཐོ་བཏང་སྟེ། སྲིད་གཞུང་གིས་གཉེར་བའི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་སྡུར་ཚད་ངེས་ཅན་ཞིག་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐད་སྤྱོད་དགོས་པ་དང་། བོགས་གཏོང་གྲོན་དངུལ་ཆག་ཡང་འོས་འཚམ་གཏོང་དགོས་ཞེས་བཏོན།

    དེ་རིང་གི་གནམ་གཤིས།

3.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྲན་ཏུང་ཕྱེད་གླིང་། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ས་ཁུལ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།