དེ་རིང་ནི2025ལོའི་ཟླ11པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-24 09:13:02   |   21

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་དགུན་གྲོ་འདེབས་འཛུགས་བྱེད་ཚད་བཅུ་ཆ་དགུ་དང་ཕྱེད་ཀ་ལས་བརྒལ་བ་དང་སྟོན་དགུན་འདེབས་འཛུགས་བྱེད་ཚད་མཇུག་གྲིལ་ཉེར་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱི“5G+བཟོ་ལས་དྲ་སྦྲེལ”འཛུགས་སྐྲུན་རྣམ་གྲངས་ཁྲི2ལས་བརྒལ་ནས་གཞི་ཁྱོན་ཅན་གྱི་བེད་སྤྱོད་བྱེད་པའི་དུས་མཚམས་གསར་པར་དངོས་སུ་སླེབས་ཡོད།

  • མིག་སྔའི་བར་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་ཐད་ཀར་སྒྲིག་འཛུགས་བྱས་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་ཁྲི3.3ལས་བརྒལ་བ་དང་། རང་རྒྱལ་དུ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་བསྐྲུན་ཡོད།

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རང་རྒྱལ་དུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པའི་རྣམ་གྲངས44ཡོད་པ་དང་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

1.png

  • 2025ལོའི་ཀྲུང་གོའི་མཁའ་འགྲུལ་ཐོན་ལས་ཚོགས་ཆེན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་རང་རྒྱལ་གྱི་དམའ་དབྱིངས་དཔལ་འབྱོར་ཁྲོམ་རའི་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི1.5ཟིན་རྒྱུ་རེད།

  • ཚེས23ཉིན་ཕྱི་འབྲེལ་པུའི་ཁེ་སྐྱོང་སིས་ཁོང་ཀོ(ཅིན)ཡི་ཤར་རྒྱུད་ས་ཁུལ་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་སྤྱི་དམངས་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པའི་བདེ་འཇགས་དྲན་སྐུལ་བྱས།

  • རྒྱལ་ཁབ་ཉི་ཤུ་ཚོགས་པའི(G20)མགོ་ཁྲིད་པའི་དབུ་ཚོགས་ཐེངས་ཉི་ཤུ་པ་ཚེས22ཉིན་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་མགོ་ཚུགས་ཤིང་། ཚོགས་ཞུགས་ཕྱོགས་ཁག་གིས་ཚོགས་འདུའི་ལྟེ་བའི་གྲོས་རིམ་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་དང་མཉམ་འབྲེལ་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

    སྤྱི་ཚོགས།

  • ཚེས23ནས24ཉིན་བར། མཁའ་རླུང་གྲང་མོ་ཞིག་ནུབ་ནས་ཤར་ཕྱོགས་སུ་སླེབས་ཏེ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མར་ཆག་ཚད་ཏུའུ10ལས་བརྒལ་རྒྱུ་རེད།

  • ཚེས23ཉིན་བར། 2025ལོའི་ཀྲུང་གོའི་གློག་བརྙན་གྱི་ལོ་འཁོར་གྱི་སྤ་སེ་བཙོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར460ལས་བརྒལ་ཡོད།

  • ཉིན་ཤས་གོང་། རྒྱལ་ནང་དུ་ཤོང་ཚད་ཆེ་བའི་སྲ་གཟུགས་གློག་རྫས་ཀྱི་ཐོན་སྐྱེད་སྦྲེལ་ཐག་ཐོག་མ་དེ་བསྐྲུན་ཟིན་པ་དང་། མིག་སྔར་ཐོན་སྐྱེད་འབོར་ཆེན་བྱེད་བཞིན་ཡོད་དེ། སྤྱི་ལེ500ཡན་དུ་བསྐྱོད་པའི་རླངས་འཁོར་གྱིས་སྲ་གཟུགས་གློག་རྫས་བཀོལ་རྗེས་སྤྱི་ལེ1000ཡན་དུ་མུ་མཐུད་དུ་བསྐྱོད་ཐུབ་པའི་རེ་བ་ཡོད།

  • ཚེས22ཉིན། 2026ལོའི་ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིU17ཨེ་ཤེ་ཡ་བུམ་པའི་གྲ་སྒྲིག་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་སྐར་གྲངས4:0ཡི་ཐོག་ནས་པ་ལིན་རུ་ཁག་ལས་རྣམ་པར་རྒྱལ།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པའི་དབང་རྩའི་དྲ་རྒྱའི་ཆ་འཕྲིན་ཐག་གཅོད་ལམ་སྲོལ་ཞིབ་འཇུག་ལ་ཚད་བརྒལ་བྱུང་བ་དང་འབྲེལ་ཡོད་གྲུབ་འབྲས་རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅན《ཨ་རིའི་ཚན་རིག་ཁང་གི་དུས་དེབ》(PNAS)ཐོག་སྤེལ་ཡོད།

2.jpg

  • ད་ལོར་སྡོམ་རྩིས་བྱས་པར་གཞིགས་ན། སི་ཁྲོན་ཆུང་ཧའེ་འབབ་རྒྱུད་དུ་འཚོ་གནས་བྱེད་པའི་འདབ་ཆགས་རིགས310བར་མང་དུ་ཕྱིན་ནས་ལོ་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཏ་ལེན་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཟླ11པའི་ཚེས23ཉིན་གྱི་ཆུ་ཚོད16ནས་ཟླ12པའི་ཚེས7ཉིན་གྱི་ཆུ་ཚོད16བར་པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་ཆུ་ཁོངས་ཁག་ཅིག་ཏུ་དམག་དོན་ལས་འགན་སྒྲུབ་རྒྱུ་ཡིན་པས་བསྐྱོད་མི་ཆོག

  • ཧྲང་ཧའེ་སྤྱི་བདེས“རླངས་འཁོར་རྩེ་གྲས་རྡུང་བའི”འགན་བཅོལ་གཡོ་ལེན་གྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན80ལྷག་ཙམ་འཛིན་བཟུང་བྱས་ལ་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་གཅིག་ལས་བརྒལ་ཡོད།

3.jpg

  • ཉེ་ཆར་ཀྲེ་ཅང་ཉིང་པོའི་སྐྱེས་པ་ཞིག་གིས་ཆང་བཏུངས་རྗེས་རང་སྲོད་གཅོད་པར་འདོད་དེ་འདམ་ནང་དུ་མཆོངས་པ་ན། མི་དམངས་ཉེན་རྟོག་པ་ཞུས་ཡུན་དང་གཞོགས་འདེགས་ཉེན་རྟོག་པ་ལི་ཧྲིན་ལི་འདམ་རྫབ་ནང་མཆོངས་ཏེ་ངང་རྒྱུད་རིང་པོས་སེམས་གསོ་བྱེད་ཞོར་མཚོ་འགྲམ་དུ་འཐེན་པ་དང་། དེ་རྗེས་མེ་ཟོན་རུ་མི་དང་མཉམ་དུ་སྐྱེས་པ་དེ་བསྐྱབས།

    སྲིད་ཇུས།

  • ཁྲུང་ཆིང་གིས་བརྡ་ཐོ་བཏང་ནས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ཁྲོད་རིག་ནུས་སྨན་བཅོས་སྒྲིག་ཆས་ཀྱི་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་མཐོ་ཤོས་སྒོར་ཁྲི1000རོགས་སྐྱོར་བྱ་རྒྱུ་རེད།

  • ཀན་སུའུ་ཡིས་ལོ་གསུམ་གྱི་ལས་རིགས་རྩལ་ནུས་དཔེ་སྟོན་གསོ་སྦྱོང་བྱེད་མགོ་ཚུགས། རྨ་ནུབ་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་དཔེ་སྟོན་གསོ་སྦྱོང་དང་བརྩེ་སེམས་སྐྲ་བཞར་མཁན་གྱི་ཁྱད་ལྡན་གསོ་སྦྱོང་གི་ལག་ཁྱེར་ཐོབ་པར་མི་གྲངས་ལྟར་མི་རེར་ཁ་གསབ་སྒོར4000སྤྲོད་རྒྱུ་རེད།

  • ཀྲེ་ཅང་གིས་རིམ་པ་དང་པོ་ནས་བཞི་པའི་བར་གྱི་ལས་རྨས་ལས་བཟོའི་རྨས་སྐྱོན་ཕོགས་སྣོན་ལེགས་སྒྲིག་བྱས་པ་སྟེ། ཟླ་རེར་སོ་སོར་སྒོར124དང་། སྒོར117དང་། སྒོར110དང་། སྒོར103བཅས་མང་དུ་བཏང་ཡོད།

    དེ་རིང་གི་གནམ་གཤིས།

4.png

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་གི་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཁུལ་ཁག་ཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།