དེ་རིང་ནི2025ལོའི་ཟླ11པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-21 09:30:27   |   78

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས20ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ110འཁོར་བར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བློ་མཐུན་ཧུའུ་ཡའོ་པང་གི་བླ་ན་མེད་པའི་སྙིང་སྟོབས་དང་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ལོ་རྒྱུས་ལ་ཡིད་ཆེས་བརྟན་པོ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་སྙིང་སྟོབས་ཀྱིས་བྱ་གཞག་ཁག་ལ་སྐུལ་འདེད་ཏན་ཏིག་གཏང་དགོས་ཞེས་གསུང་བཤད་གལ་ཆེན་གནང་།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཐང་ཅ་རྒྱལ་ཁབ་ཀྱི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་ཟླ11ཚེས21ནས་ཚེས27ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད་དུས་མཚུངས་ལས9.6%འཕར་ཡོད་པ་རེད།

  • ནོར་སྲིད་པུས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་སྔོན་ལ་བཏང་སྟེ། 2026ལོའི་སྔོན་རྩིས་སྒོར་དུང་ཕྱུར456ཟིན་ཡོད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་གཞི་ཁྱོན་སྔོན་དཔག་བྱས་ན་མི་ཁྲི1270ཟིན་ཞིང་། དུས་མཚུངས་ལས་མི་ཁྲི48འཕར་ཡོད་པ་རེད།

  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཁག་ལྔ་པ་ཚང་མ་བཅའ་སྡོད་བྱས་ཡོད།

  • ཚེས20ཉིན། སྐབས་ལྔ་པའི“ལག་གདང་སྦྲེལ་ནས་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཏེ། ངོགས་གཉིས་ཀྱི་སྤུན་ཟླའི་སྤེལ་རེས་དང་བགྲོ་གླེང་བྱེད་སྒོ”ཁྲེང་ཏུའུ་རུ་འཚོགས། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་ཡོད་ཕྱོགས་དང་། ཏང་ཤོག་ཚོགས་པའི་འགན་འཁུར་བདང་འཐུས་མི། ཆེད་མཁས་པ། ཐའེ་ཝན་གྱི་སྤུན་ཟླ་དང་ཐའེ་ཝན་གཞོན་ནུའི་འཐུས་མི་བཅས་ཁྱོན་མི་སྣ200ལྷག་ཙམ་བྱེད་སྒོར་ཞུགས།

  • ཚོང་དོན་པུས་ཧོ་ལན་གྱིས་ཨན་ཧྲེ་གློག་འདྲེན་ཕྱེད་གཟུགས་ལ་དམིགས་པའི་སྲིད་འཛིན་བཀའ་རྒྱ་རང་འགུལ་ངང་གནས་སྐབས་མཚམས་འཇོག་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་དང་། ཧོ་ལན་ཕྱོགས་ཀྱིས་བྱ་སྤྱོད་དངོས་ཏན་ཏིག་སྤེལ་ནས་འབྲེལ་ཡོད་གནད་དོན་སྔ་ཙམ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བའི་རེ་བ་ཡོད་ཅེས་བཤད།

སྤྱི་ཚོགས།

  • ཚེས23ནས་ཚེས་25ཉིན་བར། ཅུང་དྲག་པའི་མཁའ་རླུང་གྲང་མོ་ཞིག་གིས་ནུབ་ནས་ཤར་ཕྱོགས་སུ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་ཏེ། བྱང་ཕྱོགས་སུ་དྲོད་ཚད6℃དང་ལྷོ་ཕྱོགས་སུ་དྲོད་ཚད4℃ནས6℃བར་ཇེ་དམའ་རུ་འགྲོ་རྒྱུ་རེད།

  • སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་མཇུག་བསྒྲིལ་ལ་ཉེ་ཡོད་ལ། ཟླ11ཚེས20ཉིན་ཁྱོན་གསེར་གྱི་རྟགས་མ35བླངས་ཡོད།

2.png

  • ཚེས20ཉིན། 2025ལོའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གླེང་སྟེགས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་འཚོགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“མ་ལག་འཕོ་འགྱུར་མཉམ་འདྲེས་གསར་པ”ཞེས་པ་དེ་ཡིན། 

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རིན་གཞོན་པ། ཀུའེ་ལིན་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ཀྲོའུ་ཅ་པིན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས20ཉིན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཕྱི་རྒྱལ་བ་རང་རྒྱལ་དུ་ཡོང་དུས་དྲ་ཐོག་ནས་རེའུ་མིག་ཁག་སྐོང་ཆོག་པའི་བྱ་ཐབས་གསར་པ་དངོས་སུ་ལག་བསྟར་བྱས།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ནུས་ཆེ་ཞིང་ཁྱབ་རྒྱ་ཆེ་བའི་སྒོ་ནས“གྱང་ཤིག་འབུ་ནད”ཚོད་འཛིན་ཐུབ་པའི་ནཱ་སྨི་འགོག་གཟུགས་སྡེབ་སྒྲིག་ཅིག་ཞིབ་འཇུག་བྱས་ནས། སང་ལོར“གྱང་ཤིག་འབུ་ནད”བྱུང་མང་བའི་དུས་སུ་ནད་ཐོག་སྨན་བཅོས་ཞིབ་འཇུག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

  • ཚེས20ཉིན། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་ཀྲུང་གོའི་བགྲོད་ལམ་དུ་ལོ་འདིའི་ནང་འགྲོ་སྐྱོད་བྱེད་ཚད་ཐོག་མར་ཐེངས3500ལས་བརྒལ།

55.jpg

  • ཚེས20ཉིན། ཀྲེ་ཅང་ཉིང་པོ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པར“རང་བཞིན་དང་མཐུན་པ”ཞེས་པའི་ཞལ་འདེབས་སྒོར་ཁྲི110འབྱོར། 1999ལོ་ནས་བཟུང་། “རང་བཞིན་དང་མཐུན་པ”ཞེས་པས་ལོ་རེར་ཞལ་འདེབས་ཕུལ་བ་རྒྱུན་འཁྱོངས་བྱས་ནས་རིམ་རྩིས་བྱས་ན་སྒོར་ཁྲི1796ཟིན་ཡོད།

སྲིད་ཇུས།

  • 《〈པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་དོ་དམ་བྱེད་ཐབས〉ཀྱི་ལག་བསྟར་ཞིབ་སྲོལ》ཉེ་ཆར་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2026ལོའི་ཟླ1ཚེས1ཉིན་ནས་བཟུང་རེ་ཞུ་བྱེད་མཁན་ཚང་མར་སྤྱི་ཚོགས་འགན་སྲུང་བྱང་བུ་རབས་གསུམ་པ་སྟེར་རྒྱུ་རེད།

  • ཀྲེ་ཅང་གིས་ཇུས་གཞི་བཏོན་ནས་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལུགས་མཐུན་ངང་གསར་སྤེལ་བྱས་ཏེ། ངལ་རྩོལ་ཆ་རྐྱེན་དང་ངལ་རྩོལ་ནུས་པ་ཡོད་པའི་ཡོང་འབབ་དམའ་བའི་ཞིང་དུད་ཁྱིམ་ཚང་ལ་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  • ཨན་ཧུའེ་ཡིས་ཀྲུང་ལུགས་སྨན་རྫས་ཀྱི་ཆ་འཕྲིན་ཅན་གྱི་ཁུངས་འདེད་ལས་ཀའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ7ཚེས1ཉིན་ནས་བཟུང་ཐོན་སྐྱེད་ཁེ་ལས་ཀྱིས་གཙོ་གནད་ཁུངས་འདེད་རིགས་སྣ་ལ“དངོས་པོ་གཅིག་ལ་ཨང་རྟགས་གཅིག”གི་བྱེད་ཐབས་སྤྱད་དེ་རིམ་པ་བཞིན་ཕྱིར་ཚོང་ཐུམ་སྒྲིལ་ཐོག་ཨང་རྟགས་སྤྲད་དེ་བླང་བྱ་ལྟར་མཛོད་ནས་འདོན་པ་དང་ཁུངས་འདེད་གྲངས་གཞི་བསྐུར་དགོས།

དེ་རིང་གི་གནམ་གཤིས།

4.jpg 

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་། ཡུན་ནན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད། ནང་སོག་གི་ཤར་རྒྱུད་དང་ནུབ་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ5~6གི་རླུང་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ7~8བར་སླེབས་རྒྱུ་རེད། ཐའེ་ཝན་མཚོ་འགག་དང་། པ་ཧྲི་མཚོ་འགག ལྷོ་རྒྱ་མཚོའི་བྱང་རྒྱུད་དང་དབུས་རྒྱུད་མཚོ་ཁོངས་སུ་རིམ་པ7~8བར་གྱི་རླུང་ཆེན་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ9ལ་སླེབས་རྒྱུ་རེད།


མཉམ་སྤྱོད།