དེ་རིང་ནི2025ལོའི་ཟླ11པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-20 09:29:01   |   59

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱས་བཤད་གནད་བསྡུས》ཞེས་པའི་སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ ཧ་སག་ཡི་གེ ཁྲའོ་ཞན་གྱི་ཡི་གེ་སོགས་མི་རིགས5ཡི་ཡི་གེའི་པར་གཞི་དེ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཡིག་སྒྱུར་དང་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྒྱུ་རེད།

  • ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་ལས་མངོན་པ་ལྟར་ན། ཚེས18ཉིན་བར་རྒྱལ་ཡོངས་ཀྱི་དགུན་གྲོ་བཅུ་ཆ་དགུ་ཙམ་བཏབ་ཟིན་པ་རེད།

  • སློབ་གསོ་པུ་སོགས་སྡེ་ཚན་ལྔ་ཡིས་ཉེ་ཆར་བྱེད་ཐབས20ཁྱབ་བསྒྲགས་བྱས་ནས་སློབ་མའི་གཟུགས་གཞི་བདེ་ཐང་ཡོང་བའི་འཆར་གཞི་ལག་བསྟར་བྱས།

  • ཉེ་ཆར། དམངས་སྲིད་པུ་དང་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཉམ་འབྲེལ་ཐོག《རྒན་གསོའི་སྒྲིག་གཞིའི་སྔོན་སྤྲོད་དངུལ་བཅོལ་དོ་དམ་ལས་དོན་གྱི་མཛུབ་ཁྲིད》ཞེས་པ་པར་འགྲེམ་བྱས་ནས་རྒན་གསོའི་སྒྲིག་གཞིའི་སྔོན་སྤྲོད་རིན་བསྡུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ།

  • ཟླ10པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྡོམ་འབོར་ཁྲི1864.5ཟིན་པ་དང་། དེ་དུས་མཚུངས་ལས54.0%འཕར་ཡོད།

  • ཚེས19ཉིན། བཟོ་འཕྲིན་པུས་འབྲེལ་ཡོད་སྒྲིག་གཞིས་ཚོད་རྩིས་བྱས་པར་གཞིགས་ན། སྔོན་དཔག་བྱས་ན2025ལོ་ཧྲིལ་པོར་རང་རྒྱལ་གྱི་རྒྱལ་ནང་ཁྲོམ་རའི་རྩེད་ཆས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར1000ལས་བརྒལ་རྒྱུ་ཡིན་པ་བསྟན།

  • ཚེས19ཉིན། ཕྱི་འབྲེལ་པུས་ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གཏམ་བརྗོད་གྱིས་ཀྲུང་གོ་མི་དམངས་ཁོང་ཁྲོ་ཆེན་པོ་ལངས་སུ་བཅུག གལ་ཏེ་འཇར་པན་ཕྱོགས་ཀྱིས་ནོར་འཁྲུལ་དེ་ལྟར་བཞག་ཚེ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་ཐབས་ནན་མོ་མི་སྤྱོད་ཀ་མེད་ཡིན་ཞེས་བཤད།

1.jpg

  • ཚེས19ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ལག་ལེན་ཨང་སུམ་ཅུ་པའི་སྲུང་སྐརAདང་། B Cབཅས་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་སླེབས།

སྤྱི་ཚོགས།

2.jpg

  • ད་ལོའི་ལོ་སྨད་ཀྱི་གྲང་རླབས་ཐེངས་དང་པོའི་ཤུགས་རྐྱེན་མཇུག་འགྲིལ་བ་དང་འབྱུང་འགྱུར་ཉིན་བདུན་རིང་ལྷོ་བྱང་ཕྱོགས་ཀྱི་ས་ཆ་མང་པོའི་དྲོད་ཚད་མཐོ་ཤོས་རིམ་རྩིས་བྱས་ན་འཕར་ཚད10℃ཙམ་ཟིན་རྒྱུ་རེད།

  • ཚེས19ཉིན་ནས་བཟུང་། རྨ་ཆུ་དངོས་སུ2025ལོ་ནས2026ལོའི་བར་གྱི་འབྲུབ་དུས་སུ་སླེབས།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཅང་ཞི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན་གཞོན་པ་ཧུང་ལི་ཧོ་ཡིས་ལྐོག་རྔན་ལེན་པ་དང་འགན་དབང་གང་བྱུང་དུ་སྤྱོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

3.png

  • ཚེས19ཉིན། ཀྲུང་གོ་ཚན་རིག་ཁང་ནུས་མཐོའི་དངོས་ཁམས་ཞིབ་འཇུག་སུའོ་ཡིས་ཅང་མོན་གྱི་ཕྲ་རྡུལ་ཚོད་ལྟའི(JUNO)སྒྲིག་ཆས་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་དངོས་ཁམས་ཀྱི་གྲུབ་འབྲས་ཐོག་མ་ཁྱབ་བསྒྲགས་བྱས།

  • ཚེས19ཉིན། མཚོ་བོད་ཚན་རིག་རྟོག་ཞིབ་ཕྱོགས་བསྡུས་འདུས་གྲུབ་ཐེངས་གཉིས་པའི་བེད་སྤྱོད་གྲུབ་འབྲས་ཆེ་གྲས་བཅུ་ཁྱབ་བསྒྲགས་བྱས།

  • ཚེས19ཉིན། རང་རྒྱལ་གྱི་མཐོ་གནོན་རང་བྱུང་སོལ་རླངས་ཀྱི་རིང་འདྲེན་སྦུག་ལམ་གྱི་གློག་གནོན་ལྷག་མའི་གློག་གཏོང་རྣམ་གྲངས་ཐོག་མ་ཅང་སུའུ་ནན་ཐུང་དུ་དངོས་སུ་སྤྱོད་མགོ་ཚུགས་ཤིང་། ལོ་རེར་གློག་གཏོང་ཚད་ནི་དབྱང་གཉིས་ཐཱན་འགྱུར་ཏུན2000ལས་བརྒལ་བ་ཉུང་གཏོང་བྱས་པ་དང་མཚུངས།

4.jpg

  • ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་གྲུ་གཟིངས་ཇུས་འགོད་བཟོ་སྐྲུན་ཁྱབ་ཁོངས་ཀྱི་མཁས་ཅན་ཧྲེན་ཝུན་སུན་ལ་ནད་གཞིས་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས17ཉིན་ལེའོ་ཉིང་ཏ་ལེན་དུ་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ95ཡིན་པ་རེད།

  • ཚེས19ཉིན། ཧང་ཀྲོའུ་ཞི་ཧུའུ་མཚེའུ་ཡི་མཛེས་ལྗོངས་ཁུལ་གྱིས་བརྡ་ཁྱབ་བཏང་སྟེ། ད་ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལིང་ཡིན་རི་བོའི་མཛེས་ལྗོངས་ཁུལ་དུ་སྤ་སེ་མི་དགོས་པའི་སྲིད་ཇུས་དངོས་སུ་ལག་བསྟར་བྱས་ནས་སྤྱི་དམངས་ལ་རིན་མེད་ངང་སྒོ་འབྱེད་རྒྱུ་ཁྱབ་བསྒྲགས་བྱས།

5.jpg

  • ཚེས21ཉིན། སྐར་མ་གནམ་རྒྱལ་གྱི་ཉི་མ་བསུ་རྒྱུ་ཡིན་པ་དང་། སྐབས་དེ་དུས་སྐར་མ་གནམ་རྒྱལ་ལོ་གཅིག་ནང་གི་ཆེས་གསལ་བའི་དུས་སུ་སླེབས་རྒྱུ་རེད། གལ་ཏེ་གནམ་གཤིས་དྭངས་ཚེ་རང་རྒྱལ་གྱི་དགའ་པོ་ཡོད་པའི་སྤྱི་དམངས་ཀྱིས་སྣང་ཆུལ་དེ་མཐོང་ཐུབ་རྒྱུ་རེད།

སྲིད་ཇུས།

  • ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུ་དང་སློབ་གསོ་པུས་ཉིན་ཤས་གོང་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས་མཐོ་རིམ་སློབ་གྲྭ་དང་། ཡུལ་གྲོང་། སྡེ་བ། འབྲེལ་ཡོད་ཏང་སྲིད་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་སོགས་དང་མཉམ་ལས་བྱེད་པའི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་དངོས་སྦྱོང་ལག་ལེན་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱས།

  • ཧྲན་ཞིས་སྲིད་ཇུས་ལེགས་སུ་བཏང་སྟེ། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་གཉེར་སྐྱོང་ཁ་གསབ་ཀྱི་ཆོག་འཐུས་ཚད་གཞི་དམའ་རུ་བཏང་ནས་ཕན་པ་ཐོབ་མཁན་གྱི་སྒྲིག་གཞི་དེ་སྔའི་རྨང་གཞིའི་ཐོག་སྔོན་དཔག་བྱས་ན60%ཙམ་བར་མང་དུ་ཕྱིན་ཡོད་པ་རེད།

  • ཧྲན་ཏུང་གིས་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཕན་ཚུན་གཞན་སྒྱུར་བྱེད་པའི་ལག་བསྟར་བྱ་ཐབས་པར་འགྲེམས་བྱས་ནས། འབྲིང་རིམ་ལས་རིགས་ནས་མཐོ་རིམ་སློབ་འབྲིང་དུ་འགྲོ་དུས“བགྲོད་ལམ་མེད་པ”དང་སློབ་སྐར་ཕན་ཚུན་ཁས་ལེན་བྱེད་པའི“གཞི་འཛིན་ས་མེད་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱས།

དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་རྒྱུད་དང་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་གི་ནུབ་རྒྱུད་རི་ཁུལ། མཚོ་སྔོན་གྱི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་དབུས་ཤར་རྒྱུད། ཁྲོན་ནུབ་མཐོ་སྒང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཆ་ཁ་ཤས་སུ་ཁ་འབྲིང་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཀུའེ་ཀྲོའུ་ཡི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད། དེའི་ནང་ཡུན་ནན་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།