དེ་རིང་ནི2025ལོའི་ཟླ11པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-19 09:29:38   |   37

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་པ་བསྟན།

  • 《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་རྩ་གནད(2025ལོའི་པར་གཞི)》པར་སྐྲུན་འགྲེམས་སྤེལ་བྱས།

  • རང་རྒྱལ་གྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཐོན་རྫས་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3ལས་བརྒལ་ནས་གླིང་ཁུལ་གྱིས་ཞིང་ལས་དེང་རབས་ཅན་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་བཟང་པོ་ཞིག་རིམ་བཞིན་ཆགས་ཡོད།

  • ཞང་ཀྲོའུ་དང་ཀུའེ་ཀྲོའུ། ཞང་ཀྲོའུ་དང་ཀོང་ཏུང་། ཁྲུང་ཆིང་དང་ཀུའེ་ཀྲོའུ་བཅས་ཀྱི་དྲ་བའི་དབར་གྱི་གློག་ཤུགས་སྟབས་བསྟུན་རོགས་སྐྱོར་ལས་གྲྭ་གསུམ་ལ་རྒྱལ་ཁབ་ཀྱི་ཞིབ་མཆན་ཐོབ་ནས2027ལོའི་དབྱར་དུས་སུ་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་རྒྱུ་དང་། གློག་འདྲེན་ནུས་པ་ཆེ་ཤོས་ཁྱོན་སྟོང་ཝ་ཁྲི900ཟིན་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1772.5ཟིན་ཞིང་། དུས་མཚུངས་ལས14%འཕར་ཡོད།

  • སྙན་ཞུ་གསར་ཤོས་ལས་མངོན་པར། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་ཁྲི12ཙམ་བཏང་བ་དང་ཞབས་ཞུའི་ཁྱབ་ཁོངས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མངའ་ཁོངས་ཡོངས་སུ་ཁྱབ་ཡོད་པ་རེད།

  • ཚེས18ཉིན་རང་རྒྱལ་གྱི་འཁྱག་བྱེད་མཐོ་ལྕོག་སྤྱད་པའི“ཧྭ་ལུང་རྟགས་ཅན་དང་པོའི”ཉིང་རྡུལ་གློག་ཁང་ཐོག་མ་དེ་ཧྲན་ཏུང་ཀྲའོ་ཡོན་དུ་སྐྲུན་མགོ་ཚུགས་ཤིང་། རྣམ་གྲངས་ཀྱིས་ཉིང་རྡུལ་གློག་ཁང་གི་ཐད་ཀའི་འཁྱག་ཁུངས་དེ་མཚོ་ཆུ་ནས་རླུང་ཁམས་ཆེན་པོར་བསྒྱུར་ཐུབ།

1.jpg

  • ཉེ་སྔོན། མཚོ་དམག་ཧྥུ་ཅན་གྲུ་གཟིངས་ཀྱི་མ་གྲུ་རུ་དཔུང་གིས་མཚོ་ཐོག་གི་སློབ་ཚན་མང་པོ་སྦྱོང་བརྡར་སྒྲིག་འཛུགས་བྱས་ཤིང་། དེ་ནི་ཧྥུ་ཅན་གྲུ་གཟིངས་མ་གྲུའི་གྲལ་དུ་ཞུགས་རྗེས་ཀྱི་ཐེངས་དང་པོའི་མཚོ་ཐོག་དམག་དཔུང་སྦྱོང་བརྡར་ཞིག་རེད།

  • ཀྲུང་གོ་དང་འཇར་པན་གྱི་ཕྱི་འབྲེལ་དཔོན་རིགས་ཀྱིས་པེ་ཅིང་དུ་གྲོས་མོལ་བྱས། ཀྲུང་གོའི་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་བསྡུ་བྱེད་དགོས་པའི་སྐུལ་མ་ནན་མོ་བཏང་།

  • ཐུར་ཁེའི་མི་དམངས་ཤོག་སྒོར་ཞིབ་རྩིས་དངུལ་ཁང་གི་ལས་སྒོ་དངོས་སུ་སྤེལ་མགོ་ཚུགས། དེས་ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་ཚོང་དོན་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་ཐེབས་རྒྱུ་རེད།

སྤྱི་ཚོགས།

2.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས26ཉིན་ཀྲུང་གོའི་མེ་རྟ(རྟ)ལོའི་རྩ་ཆེའི་ལྕགས་རིགས་ཀྱི་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམ་སྤེལ་བྱ་རྒྱུར་གཏན་འཁེལ་བྱས་པའི་ནང་གསེར་གྱི་དྲན་རྟེན་དངུལ་སྒོར6དང་། དངུལ་གྱི་དྲན་རྟེན་དངུལ་སྒོར4དང་། ཕེད་རྒྱུའི་དྲན་རྟེན་དངུལ་སྒོར1བཅས་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད།

  • ནང་སོག་གིས་ཉེ་བའི་ལོ་ལྔའི་ནང་བྱེ་འགོག་བྱེ་བཅོས་མུའུ་ཁྲི6688བྱས་པ་དེས་རྒྱལ་ཡོངས་བཅོས་སྐྱོང་རྒྱ་ཁྱོན་གྱི40%ཡན་བཟུང་ནས་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་སྔར་བས་བརྟན་དུ་བཏང་།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀོང་ཀྲོའུ་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི1.02ཟིན་ཞིང་། དེ་ནི་ཀོང་ཀྲོའུ་གྲོང་ཁྱེར་གྱིས་ཟླ10ཡི་དུས་ཚོད་ནང་ཐེངས་དང་པོར་ཕྱི་ཕྱོགས་ཉོ་ཚོང་གི་སྒོར་མོ་དུང་ཕྱུར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་ཞིག་རེད།

  • ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཇུས་འགོད་བྱས་པའི་ཞི་ཡན་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་བྱེད་མགོ་ཚུགས། ཞི་ཨན་ནས་ཡན་ཨན་ལ་ཆུ་ཚོད1ཡས་མས་སུ་སླེབས་ཐུབ།

  • ཞིན་ཅང་ཨ་ལེ་ཐའེ་ཡིས་ཟླ12པའི་ཚེས1ནས་ཚེས5ཉིན་བར་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁ་བའི་གུང་གསེང་ཐོག་མ་དེ་གཏོང་རྒྱུ་རེད།

  • ཉེ་དུས་ཁྲིམས་འགལ་བས་ནོར་སྲིད་པུའི་གཞུང་ཡིག་རྫུན་བཟོ་བྱས་ནས“ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་སྲིད་ཇུས་ཁེ་སྤོགས་སྤྲོད་པའི”འབྲེལ་ཡོད་ཆ་འཕྲིན་རྫུས་མ་བརྒྱུད་སྤེལ་བྱས་ཡོད། ནོར་སྲིད་པུའི་དངུལ་རྩ་སིས་གསལ་བསྒྲགས་སྤེལ་ནས་རྒྱ་ཆེའི་དྲ་དམངས་ལ་མགོ་སྐོར་འོག་ཚུད་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།

  • ཉེ་དུས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ནང་གི་ཉིས་བརྒྱུད་ཁྲོམ་རས་སྒྲིག་འགལ་ངང་དམག་སྤྱོད་དངོས་རྫས་རྙིང་ཧྲུལ་ལྐོག་ཚོང་བྱེད་པའི་ཉེས་གསོག་དྲ་རྒྱ་ཞིག་རྩད་ཆོད་པས་མི་མངོན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་བསལ་ཡོད་པ་རེད།

3.jpg

  • ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་དོམ་ཁྲ“ཁྲེན་ཞིང”དང“ཞའོ་ཡུའེ”གཉིས་ཚེས18ཉིན་མ་ལེ་ཞི་ཡར་འབྱོར་ནས་དུས་ཡུན་ལོ་བཅུའི་རིང་གི་གནས་སྐོར་འཚོ་བ་སྐྱེལ་མགོ་ཚུགས།

4.png

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཧོང་ཧྲན་རི་བོའི་མཛེས་ལྗོངས་ཁུལ་དུ་ད་ལོའི་དགུན་དུས་ཀྱི་སྨུག་བད་མཛེས་ལྗོངས་ཐོག་མ་དེ་བསུས་པ་རེད། ལོ་ངོ་སྟོང་གི་གནའ་བོའི་ཐང་ཤིང་དང་ངོ་མཚར་ཅན་གྱི་བྲག་རི་སྟེང་དུ་སྨུག་བད་ཀྱིས་གཡོགས་ཤིང་། རི་བོའི་བར་དུ་འཕྱུར་བའི་སྨུག་པ་དང་མཉམ་དུ་རྨི་ལམ་གྱི་གངས་འཁྱག་འཇིག་རྟེན་ཞིག་བསྐྲུན་ཡོད།

སྲིད་ཇུས།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས《རྩལ་ནུས་ཤེས་ལྡན་མི་སྣའི་གླ་ཕོགས་དམའ་ཤོས་ཀྱི་རིགས་དབྱེའི་དཔྱད་གཞིའི་མཛུབ་ཁྲིད》ཁྱབ་བསྒྲགས་བྱས་ཏེ། རྩལ་ནུས་ཤེས་ལྡན་མི་སྣར་རྒྱུན་གཏན་གྱི་ངལ་རྩོལ་མཁོ་འདོན་བྱེད་པའི་གླ་ཕོགས་ཀྱི་ཆུ་ཚད་དེ་རྩལ་ནུས་ཕོགས་སྣོན་ཕུད་རྗེས་ས་གནས་དེ་གའི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་མི་རུང་བ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཡིག་ཆ་བཀྲམ་ནས་མཛེས་འཆོས་བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཛེས་འཆོས་བྱུག་རྫས་གསར་པ་ཀྲུང་གོར་ཐོག་མར་འགྲེམ་སྤེལ་བྱ་རྒྱུར་སྐུལ་ལྕག་དང་། མཛེས་འཆོས་བྱུག་རྫས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས24བཏོན།

  • ཀྲེ་ཅང་གིས་ལག་བསྟར་ཇུས་གཞི་བཏོན་ནས་གཅོང་ནད་འགོག་བཅོས་བྱས་ཏེ། སློབ་གྲྭའི་ནང་དུ་མངར་ཆ་ལྡན་པའི་བཏུང་བྱ་འཚོང་རྒྱུར་ཚོད་འཛིན་དང་། མངར་ཆ་མཐོ་བ་དང་ཞག་ཚིལ་མཐོ་བའི་བཟའ་བཅའ་འཚོང་རྒྱུ་བཀག་འགོག་བྱེད་དགོས་པ་བཏོན།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཡུན་ནན་གྱི་ས་ཆ་མང་ཆེ་བ་དང་། སི་ཁྲོན་གྱི་ལྷོ་རྒྱུད། ཀོང་ཞིའི་དབུས་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་ཏའོ་ཡི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད། དེའི་ནང་ཡུན་ནན་ལྷོ་ནུབ་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།