དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-18 09:21:26   |   53

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར186490ཟིན་ཞིང་། དུས་མཚུངས་ལས0.8%འཕར་ཡོད།

  • ཆུ་བེད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ་རང་རྒྱལ་གྱིས་ཞིང་ལས་ཀྱི་ཆུ་སྲི་ནུས་སྐྱེད་དང་། བཟོ་ལས་ཀྱི་ཆུ་སྲི་སྙིགས་འཕྲི། མཁར་གྲོང་གི་ཆུ་སྲི་གྱོང་གུན་ཉུང་གཏོང་བཅས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་ཆུ་སྤྱོད་སྡོམ་འབོར་འཕར་མེད་པ་དང་། ཆུ་གྲོན་ཆུང་གི་འབྲེལ་ཡོད་ཐོན་ལས་ཁྲོམ་རའི་གཞི་ཁྱོན་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར7600ལས་བརྒལ་ཡོད་པ་རེད།

  • ཚོང་དོན་པུ་སོགས་སྡེ་ཚན7གྱིས་མཉམ་འབྲེལ་ཐོག་པར་འགྲེམ་བྱས་པའི་དར་གོས་ཐོན་ལས་ཀྱི“ཤར་གོས་ནུབ་བརྟན”ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་ཚེས17ཉིན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་རེད།

  • ཉེ་ཆར། སྤྱི་བདེ་པུས་ཁྲིམས་འཛིན་གྱོད་སྒྲུབ་དོ་དམ་ལྟེ་གནས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། རྒྱལ་ཡོངས་སུ་ལྟེ་གནས3266བསྐྲུན་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཚང་མར་ཁྱབ་ཡོད་པ་བསྟན།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུ་སོགས་སྡེ་ཚན་དང་མཉམ་དུ་ཡིག་ཆ་བཀྲམ་ནས་དེང་རབས་ཅན་གྱི་རྒྱལ་དབང་ནགས་ར་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུ་བཀོད་སྒྲིག་བྱས།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ10པར་དངུལ་ཁང་གིས་ཕྱི་དངུལ་རྩིས་རྒྱག་གི་གཏོང་ཡོང་ཧེ་བག་ཨ་སྒོར་དུང་ཕྱུར177ཟིན་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དབུས་ནུབ་ས་ཁུལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི6.68ཟིན་ནས། ཕྱི་ཕྱོགས་ཉོ་ཚོང་འཕར་ཚད་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

  • རང་རྒྱལ་གྱི་ཕྱི་འབྲེལ་པུས་ཉེ་དུས་འཇར་པན་ཕྱོགས་ཀྱི་གཏམ་སྤྱོད་ངན་པ་མང་པོ་གཏོང་བ་ལ་མཐའ་འཁོར་རྒྱལ་ཁབ་ཀྱིས་དོགས་ཟོན་དང་། ཡི་མི་རང་བ། རྒོལ་གཏམ་གཏོང་བ་བཅས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་བཙན་འཛུལ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་གཏིང་ཟབ་བྱས་ནས་ཞི་བདེའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • འཇར་པན་ནང་སྲིད་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་སྡོམ་རྩིས་བྱས་འབྲས་ལས་མངོན་པར། འཇར་པན་གྱི་དུས་ཚིགས་གསུམ་པའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར(GDP)ཟླ་གོང་མ་ལས0.4%ཆག་པ་དང་། ལོ་རེའི་ཚད་གཞི་ལྟར་རྩིས་བརྒྱབ་ན1.8%ཆག་ཡོད། དེ་ནི2024ལོའི་དུས་ཚིགས་དང་པོ་ནས་བཟུང་ཡང་བསྐྱར་ལྡོག་འཕར་བྱུང་བ་ཞིག་རེད།

སྤྱི་ཚོགས།

1.png

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ནས་ཚེས17ཉིན་གྱི་ཆུ་ཚོད20ནས་ཚེས19ཉིན་གྱི་ཆུ་ཚོད08བར་ཧུའུ་པེ་དང་། ཨན་ཧུའེ། ཀྲེ་ཅང་། ཀོང་ཞི། ཀོང་ཏུང་སོགས་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད10~12℃མར་ཆག་རྒྱུ་དང་། ས་ཆ་ཁག་གཅིག་གི་དྲོད་ཚད་མར་ཆག་ཚད12℃ལས་བརྒལ་རྒྱུ་རེད།

  • སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྤེལ་བཞིན་ཡོད། ཚེས17ཉིན་ཁྱོན་སྡོམ་གསེར་གྱི་རྟགས་མ34བླངས་ཡོད།།

  • ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་བརྡ་ཐོ་བཏང་སྟེ། པེ་ཅིང་དང་། ཧྲང་ཧའེ། ཁྲང་ཧྲ་སོགས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་གྲོང་ཁྱེར39གཏན་འཁེལ་བྱས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཉིན་ཤས་གོང་བདེ་སྲུང་བཟའ་བཅའ་ཁྲལ་འཇལ་མི་དགོས་པའི་ཚོང་གཉེར་ཐོན་རྫས་ནང་འཇུག་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན།

  • ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་གནས་སྐོར་མེ་འཁོར2049བཏང་བ་དེ་དུས་མཚུངས་ལས28.1%འཕར་ནས་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

  • ཀྲུང་གོའི་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་བར་རང་རྒྱལ་གྱི་གྲོང་ཁྱེར་ཚོང་ལས་དངུལ་ཁང་གི་མ་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི60ལས་བརྒལ་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས17ཉིན་རང་རྒྱལ་གྱིས་བཟོས་པའི་གནམ་གྲུC919དངC909དབུས་ཤར་ས་ཁུལ་དུ་ཐོག་མར་འཕུར་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་མཁའ་འགྲུལ་འགྲེམ་སྟོན་ནང་ཞུགས།

  • ཉེ་ཆར་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཞིན་ཅང་སྣུམ་ཞིང་གི་དབྱང་གཉིས་ཐཱན་འགྱུར་འཛིན་བཟུང་བཀག་སྡོམ་ཉར་ཚགས་དང་བེད་སྤྱོད་རྣམ་གྲངས་ལ་རིམ་རྩིས་བྱས་ན་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི200ལས་བརྒལ་བ་བླུག་ཡོད་པ་རེད།

33.png

  • ཚེས17ཉིན། ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྣམ་གྲངས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་དྲ་བ་སྦྲེལ་ནས་གློག་གཏོང་བ་དང་། འཕྲུལ་གནས་ས་བབ་མཐོ་ཤོས་སྨི5370ཟིན་ནས་གོ་ལ་ཧྲིལ་པོའི་སྐྱེལ་འདྲེན་བྱེད་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་སུ་གྱུར།

སྲིད་ཇུས།

  • ས་འོག་ལྕགས་ལམ་འཁོར་རིགས་ཀྱི་སྤྱི་སྤྱོད་ལག་རྩལ་ཆ་རྐྱེན་རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་ནས་བདེ་འཇགས་ནུས་པ་མངོན་གསལ་དོད་པ་དང་། རིག་ནུས་ཆུ་ཚད་མཐོ་རུ་གཏོང་བ། ལྗང་མདོག་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། སྐྱིད་སྣང་སྟབས་བདེ་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་ས་འོག་ལྕགས་ལམ་འཁོར་རིགས་ལ་བླང་བྱ་གསར་པ་བཏོན།

  • པེ་ཅིང་གིས་པེ་ཅིང་གྲོང་ཁྱེར་གྱི“ཆེད་ཞིབ་ཁྱད་གསར”དང་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་ཡིན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཁེ་ལས་ཀྱིས་ལོ་དེར་དངོས་སུ་སྤྲད་པའི་སྐྱེད་ཀའི50%གཞིར་བཟུང་ནས་སྐྱེད་གསབ་རྒྱབ་སྐྱོར་བྱས་ཏེ། ལོ་རེར་ཁེ་ལས་རྐྱང་པའི་སྐྱེད་གསབ་རྒྱབ་སྐྱོར་གྱི་ཚད་གཞི་སོ་སོར་སྒོར་ཁྲི40དང་སྒོར་ཁྲི50ཡིན་པ་གཏན་ལ་ཕབ།

  • ཧྲང་ཧའེ་ཡིས་གསར་དུ་བསྐྲུན་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཟ་ཁང་ངེས་པར་དུ་ཟ་ཁང་གི་འདུག་གནས་བཀོད་སྒྲིག་བྱེད་ཚད50%ལས་མི་དམའ་བ་དང་། ཉུང་མཐར་ཡང་སློབ་མ་ཁག་ཐེངས2ལ་བགོས་ནས་ཟ་མ་ཟ་བའི་བླང་བྱ་སྐོང་བའི་ཚད་གཞི་གཞིར་བཟུང་ནས་འཆར་འགོད་ཇུས་འགོད་བྱས་ཏེ། སློབ་མའི་ཟ་མ་ཟ་བའི་མྱོང་ཚོར་དེ་བས་ལེགས་པའི་ངང་སྐོང་ཐུབ་དགོས་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

3.jpg

  • ཞིན་ཅང་ལྷོ་རྒྱུད་ཀྱི་གཞོང་ས་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། ཡུན་ནན་གྱི་དབུས་ལྷོ་རྒྱུད་དང་། ཀོང་ཞིའི་ལྷོ་ནུབ་རྒྱུད། དབུས་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།