དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-04 09:06:54   |   142

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ཟླ12ཚེས3ཉིན་པེ་ཅིང་དུ་འབྱོར་ནས། ཀྲུང་གོར་དུས་ཡུན་ཉིན་གསུམ་གྱི་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས་པ་རེད། 

  • ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་གཟིགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱི་ཚུར་ལན་ལས་དོན་ཉེ་ཆར་ལེགས་གྲུབ་བྱུང་བ་རེད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་འབྲེལ་ཡོད་ཚོང་ཟོག་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི2.5ལས་བརྒལ་རྒྱུར་སྐུལ་ཁྲིད་བྱས་ནས། མི་ཐེངས་དུང་ཕྱུར3.6ལྷག་ལ་ཕན་པ་ཐོབ་ཡོད་པ་རེད། 

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་གཅིག་པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས50.9%ཡིན་པ་དང་དུས་མཚུངས་ལས་བརྒྱ་ཆའི་གྲངས0.2འཕར་ཡོད། 

  • ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོའི་ངང་འཕར་ནས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར65844.3ཡིན་པ་དེ་དུས་མཚུངས་ལས7.5%འཕར་ཡོད། 

  • ཀྲུང་གོ་གནམ་གཤིས་ཅུས་ཚེས3ཉིན་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་མིས་ཐཱན་འབུད་ཚད་བསྡོམས་འབོར2023ལོ་ལས0.6%འཕར་བ་དེ2023ལོའི་འཕར་ཚད་དང་བསྡུར་ན་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད་པ་རེད། 

05381f752fb92d05ecae6096996e6778.jpg

  • ཚེས3ཉིན་ཀྲུའུ་ཆིའུ་རྟགས་ཅན་གསུམ་པའི་རྒྱང་རིང་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཤར་རླུང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་དུ་མཁའ་དབྱིངས་སུ་འཕེན་གཏོང་བྱས་ནས་གོ་རིམ་ལྟར་འཕུར་སྐྱོད་ལས་འགན་ལེགས་སྒྲུབ་བྱས་པ་རེད། 

  • ཁམ་ཕུ་ཁྲེ་སྲིད་གཞུང་གིས་གཞུང་ཕྱོགས་ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ནས། 2026ལོའི་ཟླ6ཚེས15ཉིན་ནས་ཟླ10ཚེས15ཉིན་བར་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུ་རེད། 

  • མ་ལེ་ཞི་ཡའི་འགྲིམ་འགྲུལ་པུས་སྤྱི་བསྒྲགས་སྤེལ་ནས་ཟླ12ཚེས30ཉིན་མ་ལེ་ཞི་ཡའི་མཁའ་འགྲུལ་དུས་གཏན་གནམ་གྲུ370ཡི་ཆག་རོ་འཚོལ་བའི་ལས་དོན་བསྐྱར་དུ་སྤེལ་རྒྱུ་ཡིན་པ་རེད། 

    སྤྱི་ཚོགས།

  • ཚེས3ནས4ཉིན་བར། བསྟུད་མར་ཉིན་མང་པོའི་གྲང་རླབས་ཀྱིས་རང་རྒྱལ་གྱི་ཤར་རྒྱུད་ས་ཁུལ་ལ་མུ་མཐུད་དུ་ཤུགས་རྐྱེན་ཐེབས་ཏེ། རིམ་པ3ནས5བར་གྱི་བྱང་རླུང་དང4℃ནས8℃བར་གྱི་དྲོད་ཚད་ཇེ་དམའ་རུ་འགྲོ་སྲིད། ཐེངས་འདིའི་གྲང་ངར་མཇུག་རྫོགས་རྗེས་དྲོད་ཚད་རིམ་བཞིན་ཇེ་མཐོར་འགྲོ་རྒྱུ་རེད། 

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་ཉེ་ཆར་བུ་བཙའི་གུན་སྐྱོབ་ཐེབས་རྩ་གཡོ་ལེན་བྱེད་པའི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་པ་རེད། 

  • ཉེ་དུས་དྲ་འཕྲིན་སྡེ་ཁག་གིས་འབྲེལ་ཡོད་དྲ་ཚིགས་ལས་སྟེགས་ལ་མཛུབ་ཁྲིད་བྱས་ཏེ། “ཧུའུ་ཁྲེང་ཧྥེང”དང“ཀྲང་ཞུའེ་ཧྥེང”སོགས་དྲ་རྒྱའི་གྲགས་ཅན་མི་སྣའི་རྩིས་ཐོའི་ཨང་གྲངས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱས་པ་རེད།

  • ཧུའུ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཡེ་ཧུང་ཀྲོན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

  • ཚེས3ཉིན། ཀྲུང་དབྱང་རྩ་འཛུགས་པུ་རུ་བཅའ་སྡོད་ཀྱི་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གི་དེ་སྔའི་ཙུའུ་ཀྲང་ལི་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལི་ཀང་ལ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

  • ཚེས3ཉིན་ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཏ་ཕུའུ་མེ་སྐྱོན་ལས་སླར་ཡང་མེ་སྐྱོན་ཐོག་ཁང་ལ་མེ་ཟོན་སྒྲིག་ཆས་མཁོ་འདོན་བྱེད་མཁན་ཚོང་པ་མི6འཛིན་བཟུང་བྱས་ཡོད་ཅེས་བཤད། 

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཀྲེ་ཅང་དབྱི་ཝུའུ་ཡི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར7011ལ་སླེབས་ནས2024ལོའི་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལས་བརྒལ་ཞིང་། དེ་ན་ནིང་གི་དུས་མཚུངས་ལས25.2%འཕར་ཡོད། 

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས3ཉིན་བར2025ལོའི་རྟེན་འབྲེལ་ཡིག་ཚགས་དུས་ཚད(ཟླ11ཚེས28ཉིན་ནས་ཟླ12ཚེས31ཉིན་བར)གློག་བརྙན་གྱི་སྤ་སེ་འཚོང་ཚད་བསྡོམས་འབོར་སྒོར་དུང་ཕྱུར20ལས་བརྒལ་ཡོད་པ་རེད།

4d92dfbc5af5efeb3eb341a8802421b2.jpg

  • ཨའོ་མོན་གྱི་དམག་དཔོན་ཆེན་མོ་ཡེ་ཐིན་གྱི་བཞུགས་གནས་རྙིང་པ་ལེགས་སྒྱུར་ལས་གྲྭ་ལེགས་གྲུབ་ཟིན་ནས། དེ་རིང་ནས་བཟུང་སྤྱི་དམངས་ལ་སྒོ་མོ་ཕྱེ་ཡོད། 

    སྲིད་ཇུས།

  • པེ་ཅིང་གིས་གཏན་འབེབས་དཔར་འགྲེམ་བྱས་ནས། གཤིན་པོ་དུར་འཇུག་ལས་རིགས་གཉེར་སྐྱོང་བྱེད་མཁན་གྱིས་གྲོན་བསྡུའི་ས་གནས་དང་ཞབས་ཞུའི་ཚོམས་ཆེན་ནམ་ཡང་ན་མཁོ་ཆས་འགྲེམས་སྟོན་ས་ཁོངས་སོགས་གཉེར་སྐྱོང་བྱེད་ཡུལ་གྱི་མངོན་གསལ་དོད་སར་མངོན་གསལ་དོད་པའི་བྱེད་ཐབས་ཐོག་ནས་རིན་གོང་གསལ་པོ་འགོད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཧྲང་ཧའེ་ཡིས་གཏན་འབེབས་བྱས་པར་གཞིགས་ན། ས་གནས་དེ་གའི་རྒྱུན་སྡོད་ཐེམ་ཐོ་རེ་ཞུ་བྱེད་པའི་ཆ་རྐྱེན་དང་མཐུན་པའི་གཉེན་སྒྲིག་བྱས་ཟིན་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཚེ་དེའི་བཟའ་ཟླ་དང་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གིས་དུས་གཅིག་ཏུ་ཐེམ་ཐོ་སྒྱུར་བའི་འགྲོ་ལུགས་གཉེར་ཆོག

  • ཁྲུང་ཆིང་གིས་ཡིག་ཆ་བཏང་ནས་མཁའ་འགྲུལ་ཡོ་བྱད་ཚོད་འཕུར་ཚོད་ལྟའི་རྟེན་གཞི་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས། མ་དངུལ་སྒོར་ཁྲི500ལས་བརྒལ་བར་མ་འཇོག་བྱེད་ཚད་ཀྱི20%ལས་མི་བརྒལ་བའི་རྒྱབ་སྐྱོར་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

b5423fc455feb4b660504837dbe78a70.jpg

  • ནང་སོག་གི་ཤར་རྒྱུད་དང་ཅི་ལིན་གྱི་ཤར་ལྷོའི་རྒྱུད། ཤིན་ཅང་བྱང་ཕྱོགས་ཀྱི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་ས་ཁུལ་དུ་ཁངས་འབྲིང་ནས་ཁངས་ཆེན་འབབ་ཀྱི་ཡོད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ཧུའུ་ནན་གྱི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་ཀྱི་ཡོད་ལ། དེའི་ནང་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁག་ཏུ་ཆར་འབྲིང་ཙམ་འབབ་རྒྱུ་རེད། 


མཉམ་སྤྱོད།