དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-05 09:08:56   |   226

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

d327ae974d8a4b97c1516a1218b0993d.jpg

  • ཟླ12ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་། 

  • ཟླ12ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་ཀྲུང་ཧྥའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས། 

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི2.51གསར་དུ་སྒྱུར་བཀོད་བྱེད་མགོ་བརྩམས་ཡོད། 

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་གཞི་ཁྱོན་མཐོན་པོ་རྒྱུན་འཁྱོངས་ཐུབ་ནས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི2.95བཏང་ཡོད། 

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོའི་ངང་འཕར་ནས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར65844.3ཡིན་པ་དེ་དུས་མཚུངས་ལས7.5%འཕར་ཡོད། 

  • 2022ལོར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་བྱས་ཚུན། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་གི་སྐྱེ་ཁམས་མ་ལག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས1.29%མཐོ་རུ་ཕྱིན་ཡོད། 

  • འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་། ལྷ་གྲུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་ཉེ་ཆར་གནམ་གྲུ་བདམས་ནས་གྲུ་ཚང་ནས་ཕྱིར་སྐྱོད་པའི་བྱེད་སྒོ་ཐེངས་དང་པོ་སྤེལ་རྒྱུ་རེད། 

  • ཚེས3ཉིན་གྱི་ཆུ་ཚོད12བར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བཙུགས་པའི“ཏ་ཕུའུ་ཧུང་ཕུའུ་ཡོན་རོགས་སྐྱོར་ཐེབས་རྩ”ལ་ཕྱི་ཕྱོགས་ཀྱིས་ཞལ་འདེབས་བརྒྱབ་པའི་ཤང་ཀང་སྒོར་དུང་ཕྱུར21འབྱོར་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བཏང་བའི་ཤང་ཀང་སྒོར་དུང་ཕྱུར3དང་མཉམ་དུ་ཐེབས་རྩའི་བསྡོམས་འབོར་ཤང་ཀང་སྒོར་དུང་ཕྱུར24ཙམ་ཟིན་ནས་གནོད་འཚེ་ཕོག་པའི་སྡོད་དམངས་ལ་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུར་གཞོགས་འདེགས་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པ་རེད། 

  • ཚེས4ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་སྲིད་གཞུང་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཞི་ཐུའུ་འབྲེལ་ཡོད་དངོས་ཟོག་ཕྱིར་གཏོང་དོ་དམ་ལས་དོན་སྤེལ་རྒྱུ་ཡིན་ཞེས་བཤད། 

  • ཚེས4ཉིན་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཨ་ཐེན་སིར་འཚོགས་པ་རེད། 

    སྤྱི་ཚོགས།

  • སང་ལོའི་དཔྱིད་དབྱར་འདེབས་ཀྱི་ས་བོན་བདེ་འཇགས་འགན་ལེན་བྱ་ཆེད། ཞིང་ལས་གྲོང་གསེབ་པུས་ཉེ་ཆར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དགུན་དུས་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་འབྲེལ་ལས་དོན་ཚོ་ཆུང་གཙོ་གནད་ས་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བཏང་བ་རེད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་ཁྲག་རྒྱག་པའི་ལག་རྩལ་ཚད་གཞི(2000ལོའི་པར་གཞི)ལ་བཟོ་བཅོས་བརྒྱབ་ནས། 《ནད་ཐོག་སྨན་བཅོས་ཀྱི་ཁྲག་སྤྱོད་པའི་ལག་རྩལ་ཚད་གཞི(2025ལོའི་པར་གཞི)》གྲུབ་པ་རེད། 

  • ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་ལན་ཐེན་ལིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད། 

  • ཚེས4ཉིན། 2025ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་བསྲེས་ཚོགས་པའི་འཛམ་གླིང་བུམ་པའི་དུས་མཚམས་གཉིས་པའི་རེས་སྐོར་གཉིས་པའི་ནང་ཀྲུང་གོའི་རུ་ཁག8-0གིས་ཧན་གོའི་རུ་ཁག་ལས་རྣམ་པར་རྒྱལ་ནས་བསྟུད་མར་རྒྱལ་ཁ5ཐོབ་པ་རེད། 

  • ཚེས4ཉིན། ཅི་ལིན་སུང་ཡོན་ཁྲང་ལིང་རྫོང་སྤྱི་བདེ་ཅུས་ཉེན་རྟོག་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་ལྟར་ན། མི་གཉིས་ཤི་བའི་བྲོས་བྱོལ་ཉེས་ཅན་ཡའོ་ཆེ་གེ་མོ་འཛིན་བཟུང་བྱས་ཡོད། 

  • ཚེས4ཉིན། རྨ་ཆུའི་ནང་སོག་གཙང་བོའི་སུམ་མདོའི་དུམ་བུ(པའོ་ཐོའུ་ཧྲུའེ་ཝུན་ས་ཚིགས་ཀྱི་སྟོད་རྒྱུད་ཀྱི་སྤྱི་ལེ30ཡི་མཚམས་སུ)ལོ་འཁོར་འདིའི་གཙང་པོ་ཐེངས་དང་པོ་ཁ་བཅད་པ་རེད། 

  • ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་ལེན་བྱས་པ་ལྟར་ན། ཚེས4ཉིན་ཤིན་ཅང་ཁེ་ཙི་ལེ་སུའུ་ཀྲོའུ་ཨ་ཧོ་ཆི་རྫོང་དུ་ས་ཡོམ་རིམ་པ6.0བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10ལ་སླེབས་ཡོད། 

180ca33c8313cdc9518f63a6bd2d12b4.jpg

  • ཚེས4ཉིན་ཧེ་ལུང་ཅང་ཧའར་པིན་ཏའོ་ལི་ཆུས་རོལ་དབྱངས་སྤྱི་གླིང་དུ་ལོ་དྲུག་ལ་བསྟུད་མར་མིང་གྲགས་རྒྱས་པའི་མི་ཐབས་ལ་བརྟེན་ནས་གངས་བཟོ་བའི་ཨར་ལས་བྱེད་མགོ་བརྩམས་པ་རེད། 

640.gif

  • སི་ཁྲོན་མན་དབྱང་གྲོང་ཁྱེར་དུ་གནས་པའི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་དམར་ཕྱིའི་དུས་ཐོག་ཏུ་པར་ཆས་བརྒྱུད་གཏོང་ལས་དོམ་ཁྲའི་ཕྱི་རོལ་དུ་འགུལ་སྐྱོད་བྱེད་པའི་གཟུགས་བརྙན་མང་པོ་མཐོང་ཐུབ། 

d1dcecd3a1fd9f5a898d801714ec00e2.jpg

  • ཉེ་ཆར་ཧོ་ནན་ཀུང་དབྱི་རྒྱལ་ལམ310ཡི་ཐོག་ཟོག་འདྲེན་རླངས་འཁོར་ཞིག་གཞོགས་སུ་ལོག་ནས་ཁ་ལོ་བ་ཉེན་ཁའི་གནས་སུ་གྱར་ཡོད། ལམ་འགྲོ་བ་ལི་ཧྭ་ཡིས་བུ་དང་མཉམ་དུ་སྒེའུ་ཁུང་ཕྱེ་ནས་མི་བསྐྱབས། མྱུར་སྐྱོབ་རླངས་འཁོར་དང་མེ་གསོད་མི་སྣ་ཐོན་རྗེས་ཉེན་ཁའི་ཁ་ལོ་བ་རྒྱལ་ཁའི་ངང་བསྐྱབས་པ་རེད། 

    སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི《ཕྱིར་ཚོང་ལས་སྟེགས་ཀྱི་ཞབས་ཞུ་དོ་དམ་གྱི་གཞི་རྩའི་བླང་བྱ》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པ་དང་། ཚོང་དུད་ཀྱིས“དྲ་སྦྲེལ་དང་ཐབ་ཚང་གསལ་བའི”འབྲེལ་ཡོད་བླང་བྱ་དང་ལེན་ཧུར་ཐག་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ནས། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་ནན་སྲུང་བྱས་ཡོད། 

  • ཀོང་ཏུང་གིས་རྐང་འཛིན་ཡུལ་དམག་རྩ་འཛུགས་ནང་ཞུགས་ནས་ལོ་གཉིས་ཡན་སོང་བར་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རིམ་པ་གཅིག་མཚུངས་ཀྱི་དམག་དོན་ལས་ཁུངས་ཀྱི་གཟེངས་བསྟོད་(དབྱང)ཐོབ་པ་མ་ཟད། དམག་སྒྲིག་འཛུགས་བྱ་ཡུལ་གྱི་བོགས་གཏོང་གཞུང་ཁང་འགན་ལེན་དང་བུ་ཕྲུག་སློབ་ཞུགས་ཆ་རྐྱེན་དང་མཐུན་པའི་རྐང་འཛིན་ཡུལ་དམག་ལ་གཟིགས་སྐྱོང་དང་ལྟ་རྟོག་བྱེད་ཆོག་ཅེས་ཁ་གསལ་བཏོན་ཡོད། 

  • པེ་ཅིང་གིས་བྱེད་ཐབས་བཀྲམ་ནས་རྒྱལ་ཁབ་རིམ་པ་དང་གྲོང་ཁྱེར་རིམ་པའི་ལྗང་མདོག་མཚན་སྙན་ཐོབ་པའི་ཁེ་ལས་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི100དང་སྒོར་ཁྲི50སྤྲོད་རྒྱུ་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

6564453a527ef6b1d1d825ad50d2d687.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཤིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་བྱང་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཅིང་། དེའི་ནང་ཤིན་ཅང་ཨ་ལི་ཐའེ་ཡི་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། 


མཉམ་སྤྱོད།