དེ་རིང་ནི2025ལོའི་ཟླ12པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-08 09:11:28   |   84

སྒྲིག་སྒྱུར། སངས་རྒྱས་སྐྱིད།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག》པར་འགྲེམ་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

  • ཟླ11པར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་རྡོ་སོལ་ཏུན་དུང་ཕྱུར1.84སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས0.3%འཕར་ཡོད།

  • 《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག》དང《ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག》(2025ལོ)ཁྱབ་བསྒྲགས་བྱས་ཤིང་། 2026ལོའི་ཟླ1ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་ལྔ་པས་ཚེས7ཉིན་དཔེ་མཚོན་གྱོད་གཞིའི་བརྡ་ཁྱབ་བཏང་།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་སྡོམ་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བཅུ་གཅིག་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར33464ཟིན་པ་དེ་ཟླ་བཅུ་པའི་ཟླ་མཇུག་དང་བསྡུར་ན་ཨ་སྒོར་དུང་ཕྱུར30འཕར་ཡོད།

  • ཚེས7ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བརྒྱད་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོའི་འདེམས་ཤོག་དངོས་སུ་འཕེན་མགོ་བརྩམས།

  • ཨ་རི་དང་ཡུག་རེན་གྱི་འཐུས་མི་ཚོགས་པས་ཧྥོ་ལོ་ལི་ཏ་མངའ་སྡེ་རུ་འཚོགས་པའི་ཉིན་གསུམ་གྱི་གྲོས་མོལ་མཇུག་གྲིལ། ཕྱོགས་གཉིས་པོས་གཙོ་བོ་མངའ་ཁོངས་དང་བདེ་འཇགས་འགན་ལེན་གྱི་གནད་དོན་ལ་གྲོས་བསྡུར་བྱས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིར་མཁའ་རླུང་གྲང་མོ་གཉིས་ཀྱིས་སྔ་རྗེས་སུ་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། དེའི་ནང་ཚེས10ནས13ཉིན་བར་མཁའ་རླུང་གྲང་མོའི་སྟོབས་ཤུགས་ཆེ་བ་དང་། ནུབ་བྱང་ས་ཁུལ་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲོད་ཚད12℃ནས14℃བར་ཆག་རྒྱུ་རེད།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས7ཉིན་གྱི་ཆུ་ཚོད16:18བར། 2025ལོའི་དུས་ཆེན་དུས་ཚད(ཟླ11ཚེས28ཉིན་ནས་ཟླ12ཚེས31ཉིན་བར)ཀྱི་གློག་བརྙན་སྤ་སེ་འཚོང་ཚད་ཀྱི་སྡོམ་འབོར་སྒོར་དུང་ཕྱུར30ལས་བརྒལ་ཡོད།

  • ཚེས7ཉིན་ནས2026ལོའི་ཁ་བའི་དུས་ཚིགས་མཇུག་སྒྲིལ་བའི་བར་དུ། ལྕགས་ལམ་སྡེ་ཚན་གྱིས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་གྱི་པེ་ཅིང་བྱང་ནས་ཁྲུང་ལི་བར་གྱི་མེ་འཁོར་འབབ་ཚུགས་ཁག་གི་འཁོར་སྐྱོད་བྱེད་པའི་ཡིག་འབྲུGརྟགས་ཅན་གྱི་མེ་འཁོར་དུ“ཁངས་ཆས་འགྲུལ་སྐྱོད”ཀྱི་ཞབས་ཞུ་འདོན་རྒྱུ་དང་། འགྲུལ་པས་དྲ་ཐོག་ནས་སྔོན་མངགས་ལེགས་གྲུབ་བྱུང་རྗེས་མི་དང་ཁངས་ཆས་མེ་འཁོར་དང་མཉམ་དུ་འགྲོ་ཐུབ།

1.jpg

  • ཚེས7ཉིན་ཧེ་ལུང་ཅང་ཧར་པིན་གྱི་སྐབས་དྲུག་པའི་དར་ལེན་དུས་ཆེན་མགོ་ཚུགས། དེ་ཡིས“དར་གྲོང”དེ་རེས་སྐོར་གསར་པའི་གངས་འཁྱགས་དུས་ཚིགས་སུ་དངོས་སུ་སླེབས་པ་མཚོན་ཡོད།

2.jpg

  • ཚེས7ཉིན། 2025ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་བསྲེས་ཚོགས་པའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས8:1གིས་འཇར་པན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས།

  • ཧྥིན་ལན་གྱིས་ས་གནས་དེ་གའི་ཚེས6ཉིན་སྤེལ་བའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་འཛམ་གླིང་བུམ་པའི་ལུའུ་ཁ་ས་ཚིགས་ཀྱི་བར་སྣང་རྩལ་ནུས་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཞུས་མོང་ཐའོ་ལ་བུད་མེད་མི་སྒེར་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ།

  • ཚེས6ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྡོད་ཁང་ཅུའི་མགྲིན་ཚབ་པས་ཤང་ཀང་ཏ་ཕུའུ་མེ་སྐྱོན་གྱི་དབང་གིས་སྡོད་ཁང་ཅུ་དང་སྡོད་ཁང་ཧྲུའུ་ཡིས་དགོས་མཁོ་ཡོད་པའི་གྲོང་མིར་བར་བརྒལ་རང་བཞིན་གྱི་ཁང་པ་དང་ཤང་ཀང་ཁང་པ་མཐུན་ཚོགས(ཁང་པའི་མཐུན་ཚོགས)ཀྱི་རྣམ་གྲངས་ཟམ་མི་ཆད་པར་བཀོད་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།

  • ཚེས6ཉིན། G30ལེན་ཧོ་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་མང་པོ་མཇུག་འདེད་གདོང་ཐུག་གི་དོན་རྐྱེན་བྱུང་སྟེ་མི9རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་སྐྱོན་ཕོག འཕྲལ་སྡོམ་དོ་དམ་པུས་ལས་དོན་ཚོགས་ཆུང་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་ས་གནས་ས་ཐོག་ཏུ་མངགས་ཡོད།

3.jpg

  • ཉེ་ཆར་ཉིང་ཞ་ཐུང་ཞིན་གྱི་ལོ་བཞི་ལ་སླེབས་པའི་བྱིས་པ་ཞིག་གིས་སེམས་ཆུང་མ་བྱས་པར་དར་ཕུག་ཏུ་ལྷུང་། ལོ13ལ་སླེབས་པའི་བུ་མོ་ལི་ཅ་ཐིང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དར་ཐོག་ཏུ་འགོས་ནས་མི་སྐྱོབ་དུས་རང་ཉིད་ཀྱང་ཆུར་ལྷུང་བ་ན། སྟབས་ལེགས་པར་མཚོ་འགྲམ་གྱི་མི་རྣམས་ཀྱིས་མཉམ་དུ་བསྐྱབས། མེ་གསོད་མི་སྣ་འབྱོར་རྗེས་ཆུ་ནང་དུ་ལྷུང་བའི་བྱིས་པའང་བསྐྱབས་ནས་སྨན་བཅོས་བྱས།

    སྲིད་ཇུས།

  • སི་ཁྲོན་གྱིས་བྱེད་ཐབས་པར་འགྲེམ་བྱས་ཏེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སློབ་གསོ་མིན་པའི་སློབ་ཁྲིད་ཁུར་པོ་སྔར་བས་ཡང་དུ་གཏོང་བ་དང་། “བབ་བསྟུན་ལས་གྲོལ་ལས་ཞུགས་ལམ་ལུགས”ལག་བསྟར་བྱ་རྒྱུར་སྐུལ་མ་བཏང་སྟེ། “དུས་ཚོད་དངུལ་ཁང”སོགས་ཀྱི་བབ་བསྟུན་ལས་ཀའི་རྣམ་པ་འཚོལ་ཞིབ་བྱ་རྒྱུ་རེད།

  • ཧེ་ལུང་ཅང་གིས་བྱེད་ཐབས་པར་འགྲེམ་བྱས་ཏེ། བཟའ་བཅའི་བཟོ་ལས་ཁེ་ལས་ཀྱི་སྟག་དཀར་གྱི་ཁུ་བ་རྒྱུ་ཆ་གཙོ་བོར་བྱས་པའི་འབྲེལ་ཡོད་ཐོན་རྫས་ཀྱི་ལོ་རེའི་གཉེར་སྐྱོང་གཞི་ཁྱོན་སྒོར་ཁྲི5000དང་། སྒོར་དུང་ཕྱུར1དང་། སྒོར་དུང་ཕྱུར3བཅས་ལས་ཐོག་མར་བརྒལ་རིགས་ལ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཐེངས་གཅིག་ལ་སྒོར་ཁྲི100དང་། སྒོར་ཁྲི300དང་། སྒོར་ཁྲི500བཅས་ཀྱི་བྱ་དགའི་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཧུའུ་པེས་སྲིད་ཇུས་བཏོན་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་པའི་གཅིག་སྡུད་ལྟ་སྐྱོང་གི་དགོས་མཁོ་སྐོང་དགོས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)རེར་ཉུང་མཐར་ཡང་མཐའ་སྐྱོང་འགན་ལེན་རྣམ་པའི་རྒན་གསོའི་སྒྲིག་གཞི་རེ་ཡོད་དགོས་པ་བཏོན་ཡོད།

    དེ་རིང་གི་གནམ་གཤིས།

4.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད་དང་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་འབབ་རྒྱུ་རེད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།