དེ་རིང་ནི2026ལོའི་ཟླ03པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-09 09:19:08   |   107

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་དང“ཆེས་མཐོ་གཉིས”ཀྱི་ལས་དོན་སྙན་ཞུར་ཉན་རྒྱུ་རེད། 

  • ཚེས8ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས། 

  • ཚེས8ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཕྱི་འབྲེལ་གྱི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུ་འཚོགས། 

  • ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་ནས། འཐུས་མི་ཚོགས་པ་ཁག་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་གཞིར་བཟུང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང2026ལོའི་འཆར་གཞི། 2026ལོའི་སྔོན་རྩིས་ཞིབ་བཤེར་ལས་དོན་བཅས་ཁྲིམས་ལྟར་སྤེལ། 

8215413a918c50e5bd0b051b372b7c8e.jpg

  • ཚེས8ཉིན་ཀྲུང་དབྱང་དྲིལ་སྒྲོག་པུ་དང་རྒྱལ་ཡོངས་བུད་མེད་མཉམ་ལྷན་གྱིས་སྤྱི་ཚོགས་ཡོངས་ལ2026ལོའི“བུད་མེད་ཀྱི་འབད་འཐབ་བྱེད་མཁན་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་ཤིང་། ལན་ཀྲེན་དང་ཀྲུའུ་པེ་ཝེ། ཀྲུའུ་ཞུའེ་ལན་སོགས་བློ་མཐུན10གཟི་བརྗིད་ངང་བདམས་ཐོན་བྱུང་བ་རེད། 

  • གྲོང་ཁྱེར་ཅན་གྱི་ས་ཁུལ་དང་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་བཅས་རིགས་གསུམ་ལ་གཞིགས་ནས། རང་རྒྱལ་གྱིས་རྫོང་རིམ་པའི་སྲིད་འཛིན་ཁུལ2800ལྷག་གི་བྱེད་ནུས་གཙོ་བོའི་ངེས་གནས་ཁ་གསལ་བཟོས་ཡོད། 

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2026ལོའི་ཟླ2པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཟླ7ལ་བསྟུད་མར་འཕར་བ་དང་། གསེར་གསོག་འཇོག་ཟླ་བ16ལ་བསྟུད་མར་འཕར་ཡོད། 

  • མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ50ལ་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པ་ལག་བསྟར་བྱས་ནས། རྒྱལ་ཁབ29དང་ཕན་ཚུན་ཡོངས་སུ་ཐོངས་མཆན་མི་དགོས་པ་བཟོས་ཡོད། 

  • ས་གནས་དེ་གའི་དུས་ཚོད་ཚེས9ཉིན་དབྱི་རན་གྱི་རིགས་གཅིག་མཁས་ཅན་ཚོགས་འདུའི་ཐོག་གསར་དུ་བསྐོ་གཞག་བྱས་པའི་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་འོས་མི་མུའུ་ཅེ་ཐ་པ•ཧ་མེ་ནེ་དབྱི་ཡིན་པ་གཏན་འཁེལ་བྱས་པ་རེད། 

    སྤྱི་ཚོགས།

  • གནམ་གཤིས་སྡེ་ཁག་གིས་རང་རྒྱལ་ལྷོ་ཕྱོགས་ས་ཁུལ་དུ་ཉེ་དུས་ཆར་པ་ཡང་ཡང་བབས་པས། བསྟུད་མར་ཆར་པ་བབས་པ་དང་ས་ཆ་ཁ་ཤས་སུ་ཆར་པ་ཆེ་ཙམ་བབས་པ་དེས་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། 

  • བཟོ་འཕྲིན་པུསOpenClawཡིསAIརིག་ནུས་གཟུགས་བཏོན་པའི་དངོས་དཔེ་ཁག་གཅིག་ཞེ་མོས་སམ་ཡང་ན་བཀོད་སྒྲིག་འོས་འཚམ་མ་བྱས་པའི་གནས་ཚུལ་འོག་བདེ་འཇགས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པས། འབྲེལ་ཡོད་ཚན་པ་དང་སྤྱོད་མཁན་གྱིས་དོགས་ཟོན་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་གྲོས་མགོ་བཏོན་ཡོད། 

  • ཕྱི་འབྲེལ་པུ་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་བྱས་ཏེ། ཛ་དྲག་ངང་དུས་གཏན་གནམ་གྲུ་བཏང་ནས་དབུས་ཤར་ས་ཁུལ་དུ་ལུས་པའི་ཀྲུང་གོའི་འགྲུལ་པ་རྒྱལ་ནང་དུ་ལོག་རྒྱུར་གཞོགས་འདེགས་བྱ་རྒྱུ་རེད། 

  • 2026ལོ་ནས་བཟུང་། ཀྲུང་གོའི་གློག་བརྙན་གྱི་ལོ་འཁོར་སྤ་སེ་བཙོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར110ཡས་མས་ཡིན་པ་དང་། གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་རའི་ནང་བཟུང་བའི་བསྡུར་ཚད28%ལྷག་ཡིན། 

  • WTTཁྲུང་ཆིང་གི་ཨང་དང་པོའི་འགྲན་བསྡུར2026ཚེས10ནས་ཚེས15ཉིན་བར་མགོ་བརྩམ་རྒྱུ་དང་། ཚེས8ཉིན། ཕོ་མོ་རྐྱང་འགྲན་ཤོག་བྱང་རེའུ་མིག་བཏོན་པ་རེད། 

  • 2026ལོར་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཨེ་ཤེ་ཡའི་བུམ་པའི་ཚན་སྐོར་འགྲན་བསྡུརBཚན་སྐོར་གྱི་རྟིང་རྩོད་འགྲན་སྡུར་དེ་ཚེས9ཉིན་གྱི་ཆུ་ཚོད17ཐོག་མགོ་བརྩམ་རྒྱུ་དང་། ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ལྷོ་ཁོ་རེ་ཡའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་དང་འགྲན་བསྡུར་བྱས་ནས་ཚན་སྐོར་གྱི་ཨང་དང་པོ་བརྩོན་ལེན་བྱ་རྒྱུ་རེད། 

ea1f636ea947625a1bec6dd77dbf792d.jpg

  • ཉེ་ཆར། 055རྣམ་པའི“ཏུན་ཁྲི་མཐར་སྐྲོད་ཆེན་པོའི”གྲུ་གཟིངས109དང110མཐོང་ལམ་དུ་བྱུང་བ་རེད། 

  • ཉེ་ཆར་དྲ་རྒྱའི་ཐོག“ཀྲུང་གོ་གློག་འཕྲིན་འགྲེམས་སྟོན་གྱི་ཚད་རྡུལ་འཕྲིན་གཏོང་ལག་ཁྱེར”གྱི་འབྲེལ་ཡོད་ཆ་འཕྲིན་ཁྱབ་གདལ་བཏང་བར་དམིགས་ཏེ། ཚེས8ཉིན་ཀྲུང་གོ་གློག་ཤུགས་འཕྲིན་གཏོང་ཚད་རྡུལ་ཆ་འཕྲིན་ཚན་རྩལ་ཚོགས་པས་ཆ་འཕྲིན་དེ་དོན་དངོས་དང་མི་མཐུན་པ་ཞིག་རེད་ཅེས་ལན་བཏབ་པ་རེད། 

  • སློབ་གྲྭ་ཞུགས་གྲོལ་སྐབས་ཀྱི་འགྲིམ་འགྲུལ་འགག་པ་དང་སྒྲིག་འགལ་ངང་རླངས་འཁོར་འཇོག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཀོང་ཏུང་ཧྲེན་ཀྲེན་གྱིས་ཉིན་ཤས་གོང་གྲོང་ཁྱེར་ཡོངས་ཀྱི་སློབ་མ་བསུ་སྐྱེལ་ཆེད་སྤྱོད་འཁོར་ལམ་ཐོག་མ་དེ་ཚོད་ལྟ་བྱས་ནས་བཏོན་པ་རེད། 

640.gif

  • ཉེ་ཆར་ཀན་སུའུ་ལན་ཀྲོའུ་ཡི་རྨ་ཆུའི་འགྲམ་དུ་མི་ཞིག་གིས་གཟབ་གཟབ་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ཉེ་འགྲམ་དུ་འཆམ་འཆམ་དུ་འགྲོ་བཞིན་པའི་ལན་ཀྲོའུ་སློབ་ཆེན་གྱི་འབུམ་རམས་པ་ཐེན་ལེ་ཡིས་ཐོས་རྗེས། འཕྲལ་མར་ཆུ་ནང་དུ་མཆོངས་ནས་ཆུ་ནང་དུ་ལྷུང་བའི་མི་དེ་ཆུ་འགྲམ་དུ་བསྐྱབས། 

    སྲིད་ཇུས།

  • ཧེ་ལུང་ཅང་གིས་ཧེ་ལུང་ཅང་རྐང་དབང་ཉོ་ཚོང་ལྟེ་གནས་སུ“ཆེད་ཞིབ་ཁྱད་གསར”ཆེད་སྤྱོད་སྒོ་བྱང་བཀལ་བ་དང་འབྲེལ་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱས་པའི་ཁེ་ལས་ལ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁེ་ལས་ཀྱི་ཐད་ཀའི་མ་དངུལ་བསྡུ་སྒྲིལ་གྱི2%ཡི་མ་དངུལ་བྱ་དགའ་སྤྲོད་པ་དང་། ཁེ་ལས་རྐྱང་པར་བྱ་དགའ་ཆེས་མཐོ་ཤོས་སྒོར་ཁྲི30ལས་བརྒལ་མི་ཆོག་པ་ཁ་གསལ་བཏོན་ཡོད། 

  • ཧོ་པེས་བརྡ་ཐོ་བཀྲམ་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རོགས་སྐྱོབ་བྱེད་པའི་གཅེས་སེམས་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་གཅེས་སེམས་ཡོངས་བཤེར་ཐེངས30སྒྲིག་འཛུགས་བྱས་ཏེ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གཤགས་བཅོས་གྲོན་དངུལ་དང་སྨན་བཅོས་འགྲོ་གྲོན་སྒོར་ཁྲི100ཆག་ཡང་བཏང་བ་རེད། 

  • ཀྲེ་ཅང་གིས་བསམ་འཆར་དཔར་འགྲེམ་བྱས་ནས། ལོ་རྒྱུས་ཀྱི་དཔེ་མཚོན་ཐོན་ལས་ཁྱབ་ཁོངས་ཀྱི་སྲོལ་རྒྱུན་བཟའ་བཅའི་བཟོ་རྩལ་གྱི་རྒྱུན་འཛིན་པ་གཉེར་སྐྱོང་རྒྱུན་འཛིན་གསར་གཏོད་ལས་དོན་ཁང་བསྐྲུན་རྒྱུར་སྐུལ་ལྕག་བྱས་ཏེ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་རེད། 

    དེ་རིང་གི་གནམ་གཤིས། 

98de2d9c2019b324790fabbceea55d9d.jpg

  • ཞིན་ཅང་ནུབ་རྒྱུད་རི་ཁུལ་དང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་ཕྱོགས། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད། མཚོ་སྔོན་གྱི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཅི་ལིན་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་ཕྱོགས་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ནུབ་རྒྱུད་དང་བྱང་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་བ་བར་ཡོད་ལ། དེའི་ནང་སི་ཁྲོན་ལྷོ་རྒྱུད་དང་ཀུའེ་ཀྲོའུ་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།