དེ་རིང་ནི2026ལོའི་ཟླ03པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-10 09:10:11   |   236

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

06aaf21da801e90e44029e76547dbbe5.jpg

  • ཚེས9ཉིན་གྱི་སྔ་དྲོ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོགས་འདུར་ཕེབས་ཡོད། 

  • ཟླ3ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏུང་ཉི་ཨོ•རུའོ་ཙེ•སའེ་ཀུའུ་ལུའོ་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས། ཁོང་གིས་ཕོར་ཐིའུ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས། 

  • ཚེས9ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། 

  • ཞིང་ལས་དང་གྲོང་གསེབ་པུའི་གྲངས་གཞི་ལས་མངོན་པ་ལྟར་ན།  2025ལོར་རང་རྒྱལ་གྱི་ཤ་རིགས་ཐོན་ཚད་ཏུན་དུང་ཕྱུར1ལས་ཐོག་མར་བརྒལ་ནས། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཟུང་ཚད་སྤྱི་རྒྱ72.3ཡིན་ཞིང་། འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་ཉིན་རེའི་མྱུར་བགྲོད་གཞུང་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཁྲི3000ཙམ་ཤར་གཏོང་ཐུབ་པ་དང་། མྱུར་བགྲོད་ལྕགས་ལམ་གྱིས་འགྲུལ་པ་ཕལ་ཆེར་མི་ཐེངས་ཁྲི1000སྐྱེལ་འདྲེན་བྱེད་པ། དམངས་སྤྱོད་མཁའ་འགྲུལ་གྱིས་ཕལ་ཆེར་མི་ཐེངས་ཁྲི200སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད། 

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་ཁྱབ་ཁོངས་སུ“བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ལོའི”བྱ་སྤྱོད་ནན་ཏན་སྤེལ་ནས། ལུས་རྩལ་གྱི“ཟས་རའི”རྙོག་འཛིང་གི་རྣམ་པ་བཅོས་སྒྲིག་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

  • མུའུ་ཅེ་ཐ་པ•ཧ་མེ་ནེ་དབྱིན་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ལ་བདམས་པའི་ཐད་ཕྱི་འབྲེལ་པུས་ཚེས9ཉིན་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་སྣང་བྱུང་ཞིང་། དེ་ནི་དབྱི་རན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གཞིགས་ནས་གཏན་འབེབས་བྱས་པའི་གཏན་འབེབས་ཤིག་རེད་ཅེས་བཤད། 

  • དབྱི་སི་རལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས12ཉིན་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས(ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་ཚུད་པ)ཁག་གཅིག་སླར་ཡང་གནས་སྤོ་ཕྱིར་འཐེན་བྱ་རྒྱུ་སྒྲིག་འཛུགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

  • དབུས་ཤར་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་ནས་རྒྱལ་སྤྱིའི་སྣུམ་རིན་མགྱོགས་མྱུར་འཕར་བ་དང་། རྒྱལ་ཁབ་བདུན་ཚོགས་པས་ཛ་དྲག་ངང་རྡོ་སྣུམ་གསོག་འཇོག་ཕྱིར་གཏོང་བྱ་རྒྱུའི་གྲོས་མོལ་བྱས་པ་རེད། 

    སྤྱི་ཚོགས།

  • ཚེས9ནས་ཚེས11ཉིན་བར། རང་རྒྱལ་གྱི་ས་ཆ་མང་ཆེ་བར་དྲོད་ཚད་མཐོ་རུ་ཕྱིན་པ་དང་། ནུབ་བྱང་གི་ས་ཁུལ་ཁ་ཤས་དང་ལྷོ་ཕྱོགས་ཀྱི་ས་ཆ་མང་ཆེ་བ20℃ཡན་དུ་འཕར་རྒྱུ་རེད། 

  • 2025ལོར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དྲ་རྒྱའི་བཟའ་བཏུང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕྱིར་འཚོང་ཚོང་དུད་ཁྲི15.84ཡི་སྒོ་རྒྱག་ཏུ་བཅུག་ཡོད། 

  • མིག་སྔའི་བར་རྒྱལ་ཡོངས་ཀྱི་རིགས་ཁག་གི་འབྲུ་རིགས་གཉེར་སྐྱོང་བྱེད་པོས་རིམ་རྩིས་བྱས་ན་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར3ལས་བརྒལ་བ་དེ་ཉེ་བའི་ལོ་ཤས་རིང་ཆུ་ཚད་མཐོ་ཙམ་ཡོད་པ་རེད། 

  • ཚེས9ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར695དང་སྒོར670འཕར་རྒྱུ་རེད། 

  • ཟླ་གཉིས་པར་རྒྱལ་ཡོངས་ཀྱི་སྡོད་དམངས་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ཟླ་གོང་མ་ལས1.0%འཕར་བ་དེ་དུས་མཚུངས་ལས1.3%འཕར་ཡོད།

936ebcc91eddcda5385a1bcc4a3ec0d9.jpg

  •  བུད་མེད་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་ཚན་སྐོར་གྱི་འགྲན་བསྡུརBཚན་སྐོར་གྱི་མཐའ་མའི་རེས་སྐོར་ཁྲོད་ཀྲུང་གོའི་རུ་ཁག་གིས2:1གི་ཐོག་ནས་ལྷོ་ཁོ་རེ་ཡ་རུ་ཁག་ལས་རྣམ་པར་རྒྱལ་ཏེ། བསྟུད་མར་ཐེངས་གསུམ་ལ་རྒྱལ་ཁ་ཐོབ་ནས་ཚན་སྐོར་དེའི་ཨང་དང་པོ་ཐོབ་པ་རེད། 

  • པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཐེམ་ཐོའི་དཔང་རྟགས་ཡི་གེ་དང་ཉེས་གསོག་ཐོ་འགོད་མེད་པའི་དཔང་ཡིག་སོགས་ཀྱི་སྲིད་དོན་ལས་སྒོའི་དོན་ཚན་མང་པོ“གྲོང་ཁྱེར་ཡོངས་ཀྱིས་གཉེར་བའི”ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད། 

a109d336ae6eb96085859af51ee942c6.jpg

  • དཔྱིད་རླུང་གིས་དྲོད་ཁོལ་སྐྱེལ། ཞིང་ནང་དུ་མེ་ཏོག་བཞད། ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་ཞིའུ་ཧྲན་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་རྫོང་གི་མུའུ་ཁྲི་གཉིས་ལྷག་ཙམ་གཅིག་སྡུད་ཡུག་འབྲེལ་གྱི་ལོག་དཀར་མེ་ཏོག་བཞད་པའི་དུས་སུ་སླེབས་ཡོད། 

    སྲིད་ཇུས།

  • ཧུའུ་ནན་གྱིས་ཡིག་ཆ་བཀྲམ་ནས་སྐྱེ་དངོས་གསོ་རིག་གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། གསར་དུ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ལ་ལས་སྟེགས་རེར་ལོ་རེར་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་ཁ་གསབ་སྒོར་ཁྲི500སྤྲད་དེ་ལོ་གསུམ་བསྟུད་མར་རྒྱབ་སྐྱོར་བྱ་རྒྱུ་རེད།

  •  ཁྲུང་ཆིང་གིས་གཞུང་གི་བོགས་གཏོང་ཁང་པའི་རེ་ཞུའི་ཡོང་འབབ་ཚད་གཞི་ལྷུག་ཏུ་བཏང་ནས། མི3དང་དེ་ཡན་གྱིས་ཁྱིམ་ཚང་གིས་རེ་ཞུ་བྱས་པར་མི་རེའི་ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར4148ལས་མི་མཐོ་བ་ནས་སྒོར4321བར་ལེགས་སྒྲིག་བྱས་ཡོད། 

  • ཧོ་ནན་གྱིས་ཡིག་ཆ་བཀྲམ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ5000དང་སྡེ་བ་རིམ་པའི་སྐུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཁྲི3ཡན་གསར་སྐྲུན་དང་བསྐྱར་སྐྲུན་བྱས་ནས། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་དང་གློག་དྲའི་གློག་མཁོ་འདོན་འགན་ལེན་ཆུ་ཚད་མཐོ་རུ་བཏང་བ་རེད། 

དེ་རིང་གི་གནམ་གཤིས། 

bf9fa5c93cc790fc03cee04fe17059c6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཧུའུ་ནན་ལྷོ་རྒྱུད། ཅང་ཞིའི་དབུས་ལྷོའི་རྒྱུད། ཧྥུའུ་ཅན་གྱི་ས་ཆ་མང་ཆེ་བ། ཀོང་ཏུང་གི་བྱང་རྒྱུད་དང་ནུབ་རྒྱུད། ཀོང་ཞིའི་ཤར་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་མང་ཆེ་བར་ཆར་ཆུང་ཆུང་འབབ་རྒྱུ་རེད། 


མཉམ་སྤྱོད།