དེ་རིང་ནི2026ལོའི་ཟླ03པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-11 09:14:34   |   324

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

c31de546cf4af44d7342b89d2f8857c6.jpg

  • ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ། དེ་སྔའི་རྒྱལ་དོན་ཨུ་ཡོན་བློ་མཐུན་སུང་ཕིང་གི་སྐུ་ཕུང་ཚེས10ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་བྱས། ཞི་ཅིན་ཕིང་སོགས་ཀྱིས་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞལ་གྱེས་གནང་། 

  • དེ་རིང་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་མཇུག་སྒྲིལ་བའི་ཚོགས་འདུ་འཚོག་རྒྱུ་རེད། 

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པས་ངོ་སྤྲོད་བྱས་པར་གཞིགས་ན། 2026ལོར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་རྒྱལ་སྲུང་གཏོང་སྒོ་སྒོར་དུང་ཕྱུར་ཁྲི1.94བཀོད་སྒྲིག་བྱས་པ་དེ་ལོ་གོང་མའི་ལག་བསྟར་གྲངས་འབོར་ལས6.9%འཕར་ཡོད། 

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཉེ་དུས“དྭངས་གཙང•2026ལོར་བཀྲ་ཤིས་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་ཁོར་ཡུག་གཏོད་རྒྱུའི”ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ་དང་། མིག་སྔའི་བར་ཁྲིམས་ལྟར་རྩིས་ཐོ་ཁྲི3.9ལྷག་ཙམ་ཐག་གཅོད་བྱས་ལ། ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་ཁྲི70.8ལྷག་ཙམ་གཙང་སེལ་བྱས་ཡོད། 

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོའི་ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.73ཡིན་པ་དེ་དུས་མཚུངས་ལས18.3%འཕར་ཡོད། 

  • ཚེས10ཉིན་ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་ཀྲུང་གོའི་འགྲུལ་པ་ཁྲི་གཅིག་ལྷག་ཙམ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨ་མན། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་ལོག་བྱས་ཡོད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས12ཉིན་ནས་བཟུང་ཀྲུང་གོའི་པེ་ཅིང་དང་ཏན་ཏུང་ནས་ཁྲའོ་ཞན་ཕོང་དབྱང་བར་ཕྱོགས་གཉིས་པོས་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བཏང་བ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས9ཉིན་བར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ8དང་། དངུལ་གྱི་རྟགས་མ5དང་། ཟངས་ཀྱི་རྟགས་མ4བཅས་ཀྱི་གྲུབ་འབྲས་ཐོག་ནས་སྨི་ལན་གྱི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མའི་ཨང་རིམ་གཉིས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། 

  • ཚེས9ཉིན་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་དབྱི་རན་གྱི་དམག་འཁྲུག་མགྱོགས་མྱུར་མཇུག་འགྲིལ་རྒྱུ་ཡིན་མོད། འོན་ཀྱང་གཟའ་འཁོར་འདིར་མཇུག་འགྲིལ་རྒྱུ་མ་རེད་ཅེས་བཤད་པ་རེད། ཚེས10ཉིན་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མགྲིན་ཚབ་པས་དབྱི་རན་གྱིས་བློ་སྟོབས་དང་བློ་རྩ་བརྟན་པོའི་སྒོ་ནས་ཨ་རི་དང་དབྱི་སི་རལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པ་དང་དམག་འཁྲུག་མཇུག་འགྲིལ་རྒྱུ་དེ་དབྱི་རན་གྱིས་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

    སྤྱི་ཚོགས།

  • ཚེས11ནས15ཉིན་བར། མཁའ་རླུང་ཅུང་གྲང་བའི་ཤུགས་རྐྱེན་ཕོག་པའི་དབང་གིས་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་བྱང་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ4ནས8བར་མར་ཆག་རྒྱུ་རེད། 

  • རྒྱལ་ཁབ་དྲ་སྦྲེལ་འཕྲལ་བསྟུན་ལྟེ་གནས་ཀྱིསOpenClawབདེ་འཇགས་བེད་སྤྱོད་སྐོར་གྱི་ཉེན་ཁའི་དྲན་སྐུལ་ཁྱབ་བསྒྲགས་བྱས་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཆེད་དོན་བྱ་སྤྱོད་སྤེལ་ཚུན་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་འབར་མའི་བྱང་རྒྱུད་དུ་གཅིག་སྡུད་ཐོག་ཕྱིར་སྐྱེལ་བའི་མི་སྣ་ཁྲི4.8འཛིན་བཟུང་བྱས་པ་དང་མི་ཁྲི4.7ཁྲིམས་ལ་སྦྱར་ཡོད། 

  • ཉེ་དུས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ལས་གནས་གལ་ཆེན་ཞིག་གི་ལས་བྲལ་མི་སྣས་རང་འགུལ་ངང་མངའ་ཁོངས་ཕྱིའི་གསང་མྱུལ་གསང་འཕྲིན་ལས་ཁུངས་ལ་མགོ་བཏགས་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད། 

2bb6b2c94848c57a29f9da335bfb7fff.jpg

  • ཚེས10ཉིན། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་འདུས་གྲུབ་རྣམ་པའི་གནོན་གས་ལས་གྲྭའི་གྲུ་གཟིངས་ཆེ་གྲས་དང་པོ“རྒྱ་མཚོའི་རྡོ་སྣུམ696”ཀྲེ་ཅང་ཀྲོའུ་ཧྲན་དུ་དངོས་སུ་རྩིས་སྤྲོད་བྱས་པས། རང་རྒྱལ་གྱི་མཚོ་ཐོག་སྣུམ་རླངས་གནོན་གས་ཐོན་འཕར་ལག་རྩལ་དང་ལས་གྲྭའི་སྒྲིག་ཆས་ཀྱི་སྟོང་ཆ་བསྐངས་པ་རེད། 

  • ཟླ་གསུམ་པའི་ཟླ་སྟོད་དུ། ཞུང་ཨན་ཁུལ་གསར་སྡོད་ཁང་དོ་དམ་ལྟེ་གནས་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ས་གནས་གཉིས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གྲངས་གཞི་མཉམ་སྤྱོད་བགྲོད་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད། 

  • ཉེ་ཆར་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་ལོ་གསུམ་རིང་གི་དོམ་ཁྲའི་བུ་ལོན་མི་དམངས་ཤོག་སྒོར་དུང་ཕྱུར30བདེ་བླག་ངང་འགྲེམས་སྤེལ་བྱས་པ་རེད། 

b2d832e8c1d2fa285d944b36038d388c.jpg

  • ལོ་གསར་གྱི་ཚེས་བདུན་ཉིན། ཀྲེ་ཅང་ཀྲོའུ་ཧྲན་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཀྲུང་ཀེང་ཕིང་གིས་མཐོ་ཚད་སྨི3ལྷག་ཡོད་པའི་ཆུ་རགས་བརྒལ་ནས་ཆུ་ནང་དུ་ལྷུང་བའི་བུད་མེད་ཅིག་བསྐྱབས། 2006ལོ་ནས་ད་བར་ཁོང་གིས་མཚོ་ཐོག་ཏུ་མཆོངས་ནས་མི་ཐེངས11བསྐྱབས་པ་དང་། ཡང་མི10ལྷག་ལ་རང་སྲོག་མི་གཅོད་པའི་ཁ་ཏ་བྱས་པ་དང་། ཉེ་ཆར་ས་གནས་དེ་གས་བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་རིམ་པ་གསུམ་པ་སྤྲད་པ་རེད། 

    སྲིད་ཇུས།

  • ཧུའུ་ནན་གྱིས《“ལག་རྩལ་ལ་བརྟེན་ནས་ཞང་གསུམ་གྱི་མི་གཅིག་ལག་རྩལ་གཅིག”གི་ལས་རིགས་གསོ་སྦྱོང་འཆར་གཞི་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་ནས་ཞིང་པ་ལས་མིའི་རྩལ་ནུས་རོགས་སྐྱོར་གསོ་སྦྱོང་བྱ་རྒྱུ་དང་། 2026ལོར་མི་ཐེངས་ཁྲི10གསོ་སྦྱོང་བྱ་རྒྱུ་རེད། 

  • ཧེ་ལུང་ཅང་གིས“སློབ་ཆུང་དང་དམའ་རིམ་སློབ་འབྲིང་ལ་ཉིན་རེར་ལུས་རྩལ་སློབ་ཚན་གཅིག་དང་མཐོ་རིམ་སློབ་འབྲིང་ལ་གཟའ་འཁོར་རེར་ལུས་རྩལ་སློབ་ཚན་གསུམ་ནས་ལྔ་བར”དེ་འགྱུར་མེད་ཀྱི་བླང་བྱར་བརྩིས་ནས་སློབ་གྲྭའི་སློབ་ཚན་རེའུ་མིག་ནང་འཇུག་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད། 

  • ཀྲེ་ཅང་གིས2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ཁྱབ་བསྒྲགས་བྱས་ནས། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི100ཡན་གསར་དུ་འཕར་བ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་འགུལ་རྣམ་གྱིས་གཙང་སེལ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

bb7a237b3dcf1d080057e5b56550033a.jpg

  • ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་བྱང་རྒྱུད། བོད་ལྗོངས་ཀྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་ཕྱོགས་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་དྲག་པོ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་དྲག་ཆེན་པོ་འབབ་ཀྱི་ཡོད། ཞིན་ཅང་ལྷོ་ཕྱོགས་གཤོང་སའི་ནུབ་རྒྱུད་དང་ཧོང་ཧོའེ་ཤར་རྒྱུད། ཅང་ཧོའེ། ཧྲང་ཧའེ། ཡུན་ནན་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་བ་ནས་འབྲིང་འབབ་པ་དང་། དེའི་ནང་ཡུན་ནན་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།