དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-12 09:16:06   |   271

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

72083535f6d17315319505ca919a2851.jpg

  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས།  ཚེས11ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་མཇུག་སྒྲིལ་ཡོད། 

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་སྒྲིལ་ཚོགས་འདུ་འཚོག་རྒྱུ་རེད། 

  • ཚེས11ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་ལ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས། 2025ལོར་ཁྲིམས་གཅོད་ལག་བསྟར་མི་བྱེད་པའི་ཉེས་གསོག་མཁན4461ལ་བདའ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར722བྱས་པ་དེ་དུས་མཚུངས་ལས5.4%འཕར་ཡོད། 

  • དངུལ་རྩ་རྟོག་དམ་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི37.6ཡིན་པ་དེ་དུས་མཚུངས་ལས11.4%འཕར་ཡོད་ལ། དེ་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས5.4ཡིས་མཐོ་བ་ཡོད། 

  • ས་གནས་དེ་གའི་དུས་ཚོད་ཚེས10ཉིན་བར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ9དང་། དངུལ་གྱི་རྟགས་མ6དང་། ཟངས་ཀྱི་རྟགས་མ8བཅས་ཀྱི་གྲུབ་འབྲས་ཐོག་ནས་སྨི་ལན་གྱི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་མིང་བྱང་དང་བྱ་དགའི་རྟགས་མའི་ཨང་རིམ་གཉིས་ཀྱི་ཨང་དང་པོར་སླེབས་ཡོད། 

  • འཇར་པན་གྱིས་ཉེ་ཆར་ཕར་རྒོལ་ནུས་པ་ལྡན་པའི་རྒྱང་རིང་འཕུར་མདེལ་བཀོད་སྒྲིག་བྱེད་མགོ་བརྩམས། རྒྱལ་སྲུང་པུས་ཚེས11ཉིན་འཇར་པན་ཕྱོགས་ལ་དམག་སྐུལ་འཁྲུག་སློང་གི་ལམ་བུ་རྙིང་པ་ནི་རང་ཉིད་རྩ་མེད་དུ་གཏོང་བའི་ཕྱིར་ལོག་མི་བྱེད་པའི་ལམ་བུ་ཞིག་ཡིན་ཞེས་བཤད་པ་རེད། 

  • ཚེས10ཉིན་དབྱི་རན་གསང་འཕྲིན་སྡེ་ཁག་གིས་ཉེ་བའི་ཉིན་ཤས་རིང་ཨ་རི་དང་དབྱི་སི་རལ་གྱི་ལས་དོན་གྱི་གསང་མྱུལ30རྩད་ཆོད་པ་དང་འབྲེལ་འཛིན་བཟུང་བྱས་པའི་ནང་ཕྱི་རྒྱལ་གྱི་སྤྱི་དམངས་ཤིག་ཚུད་ཡོད་ཅེས་བཤད་པ་རེད། 

  • སྔོན་དཔག་མང་པོའི་ཤུགས་རྐྱེན་ཐེབས་ནས་རྒྱལ་སྤྱིའི་སྣུམ་རིན་སླར་ཡང་གཡོ་འགུལ་ཆེན་པོ་ཐེབས་ཡོད། 

    སྤྱི་ཚོགས། 

  • རླུང་ཆེན་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ནས་སྔོན་དཔག་བྱས་ན་ཚེས11ཉིན་གྱི་ཆུ་ཚོད20ནས12ཉིན་གྱི་ཆུ་ཚོད20བར། ཤིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་དང་ཤིན་ཅང་ལྷོ་རྒྱུད་གཤོང་སའི་ཤར་རྒྱུད་དང་། ནང་སོག་ནུབ་རྒྱུད། ཀན་སུའུ་ནུབ་རྒྱུད་བཅས་སུ་བྱེ་རྡུལ་རླུང་འཚུབ་དང་བྱེ་རྡུལ་རླུང་འཚུབ་དྲག་པོ་ཡོད་པ་རེད། 

  • ཚེས11ཉིན་ནི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན38པ་ཡིན་པ་དང་། ཚེས11ཉིན་བར་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ཚུན་སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར90ལས་བརྒལ་རྒྱུ་རེད། 

  • བཟོ་འཕྲིན་པུསOpenClaw(“གློན་ཆེན”) རིག་ནུས་གཟུགས་འདོན་པའི་བདེ་འཇགས་ཉེན་ཁར་དོགས་ཟོན་བྱ་རྒྱུའི་སྐོར་གྱི“སྒྲུབ་དགོས་པ་དྲུག་དང་སྒྲུབ་མི་རུང་བ་དྲུག”གི་གྲོས་མགོ་ཁྱབ་བསྒྲགས་བྱས། 

  • འབྲེལ་ཡོད་ས་ཁུལ་གྱི་དུས་བབ་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཀྲུང་གོ་མཁའ་འགྲུལ་སྤྱི་གཉེར་དང་ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར། ལྷོ་ཕྱོགས་མཁའ་འགྲུལ་སྤྱི་གཉེར། ཧྲེན་ཀྲེན་མཁའ་འགྲུལ་སྤྱི་གཉེར་སོགས་མཁའ་འགྲུལ་སྤྱི་གཉེར་མང་པོས་དབུས་ཤར་ས་ཁུལ་གྱི་མཁའ་ལམ་ཁག་གཅིག་རང་མོས་མིན་པའི་སྒོ་ནས་ཕྱིར་འཐེན་བྱེད་པའི་གཏན་འབེབས་སྔར་བས་ལེགས་སུ་བཏང་ཡོད། 

  • ཉེ་ཆར་རྒྱལ་ཡོངས་དམངས་ཆེན་ཀྱི་འཐུས་མི་ཧྥན་ཡུན་གྱིས“སྡེ་ལས་དོ་དམ”དེ“སྡེ་ལས་ཞབས་ཞུའི”གཅིག་གྱུར་ཐོག་དོ་ཁུར་བྱེད་དགོས་པའི་གྲོས་མགོ་བཏོན་ཡོད། སྡོད་ཁང་འཛུགས་སྐྲུན་པུས་དེའི་གྲོས་མགོ་དང་ལེན་བྱས་ཟིན་པ་དང་འབྲེལ་ཡོད་སྡེ་ཁག་གིས《སྡེ་ལས་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུ་ཡིན་ཞེས་བཤད་པ་རེད། 

0f5cd19da4cdf368e35373c2fb49d14e.jpg

  • རང་རྒྱལ་གྱི་ཚན་རིག་པས་དགུ་ཚིགས་སྐར་རྒྱུད་ཀྱི་མཐའ་ནས་སྐྱེས་ནས་ཡུན་རིང་མ་འགོར་བའི“ཕྲུ་གུ་དམར་འབྱར་སྐར་ཚོགས”ཞིག་ཤེས་རྟོགས་བྱུང་། འདི་ནི་མིའི་རིགས་ཀྱིས་ཐེངས་དང་པོར་མྱུར་ཚད་མཐོ་བའི་རླུང་གཟུགས་འདིའི་ཁྲོད་བརྟན་སྐར་ཤེས་རྟོགས་བྱུང་བའི་དཔང་རྟགས་ཡིན། 

f6f87635d3658abbc9376a460f2e2d92.jpg

  • ཚེས11ཉིན་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའིT1200རིམ་པའི་དྲག་ཚད་མཐོ་བའི་ཐཱན་ཚི་སྣ་གོ་ལ་ཧྲིལ་པོར་ཐོག་མར་འགྲེམ་སྤེལ་བྱས་ཡོད། ཚད་བརྒལ་དེས་གོ་ལ་ཧྲིལ་པོའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་པ་དེའི་ཐོག་ནས་རང་རྒྱལ་གྱི་ཤུགས་ཚད་མཐོ་བའི་ཐཱན་ཚི་སྣ་ཐོན་སྐྱེད་ཁྱབ་ཁོངས་སུ་མཆོང་སྐྱོད་གལ་ཆེན་བྱུང་བ་མཚོན་ཡོད། 

  • ཚེས11ཉིན་ཆིང་གསོག་ལས་སྒྲུབ་ལེགས་གྲུབ་ཟིན་པའི་སྲ་གཟུགས་ཆིང་གསོག་སྒྲིག་ཆས་ཆེ་གྲས་ཤིག་ཧྲང་ཧའེ་རུ་གྲུ་གཟིངས་ནང་བཅུག་ནས་དབོར་འདྲེན་བྱས་པ་དེ་ནི་རང་རྒྱལ་གྱིས་སྲ་གཟུགས་ཆིང་གསོག་སྒྲིག་ཆས་ཆེ་གྲས་ཆིང་གསོག་རྣམ་པའི་འོག་མཚོ་ཐོག་ཕྱིར་གཏོང་སྐྱེལ་འདྲེན་བྱེད་ཐེངས་དང་པོ་ཡིན་པ་རེད། 

554400d53ff407be6805cf37ecc6fc70.jpg

  • ཉེ་ཆར་ཀྲེ་ཅང་ཉིང་པོའི་བྱིས་པ་ཞིག་ཆུ་ནང་དུ་ལྷུང་བ་དང་། ལས་ཀ་གྲོལ་ནས་ཁྱིམ་དུ་ལོག་བཞིན་པའི་ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་སྨན་པ་ཡུས་ཆི་ཆུ་ནང་དུ་མཆོངས་ཏེ་བྱིས་པ་ཡར་བླངས་པ་དང་འབྲེལ་བྲང་ཁ་མནན་ནས་བྱིས་པའི་ཚེ་སྲོག་སྐྱོབ་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཧྲན་ཏུང་གིས་བརྡ་ཐོ་བཏང་ནས་གྲོང་ཁྱེར་ཁག་གིས་ལུའུ་ཚལ་གྱི་སྲོལ་རྒྱུན་གཡོས་སྦྱོར་ལག་རྩལ་དང་བཟའ་བཏུང་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ། ལུའུ་ཚལ་གྱི“ཚལ་གྲགས་ཅན”དང“ཐབ་ཚང་གྲགས་ཅན”“ཚོང་ཁང་གྲགས་ཅན”“ཟས་རིགས་གྲགས་ཅན”བཅས་སྐྱེད་སྲིང་བྱ་རྒྱུར་སྐུལ་ལྕག་བྱས་པ་རེད། 

  • སི་ཁྲོན་གྱིས2026ལོའི་སློབ་གྲྭ་འབྲིང་ཆུང་གི་སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བའི་དོན་ཚན་གྱི་ཞིང་ཆེན་རིམ་པའི“མིང་ཐོ་དཀར་པོ”ཁྱབ་བསྒྲགས་བྱས་ནས། སློབ་གྲྭ་ཚང་མར་སློབ་སྐབས་རེར་རིགས་ཁག་སློབ་གྲྭར་སྤེལ་བའི་བྱེད་སྒོ་ཐེངས6ལས་བརྒལ་མི་ཆོག་པའི་བླང་བྱ་བཏོན་པ་རེད། 

  • ཧྥུའུ་ཅན་གྱིས་སྤྱི་བསྒྲགས་སྤེལ་ནས་དུས་ཚོད་སྣོལ་སྡེབ་དང་ནར་འགྱངས་བྱས་ཏེ་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་། མཛེས་རྩལ་ཁང་། རྟེན་མཛོད་ཁང་བཅས100སྒོ་འབྱེད་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

b722ef97ded552b3af6118a562b38f19.jpg

  • ཤིན་ཅང་བྱང་རྒྱུད་དང་ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད་ལ། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀྲེ་ཅང་གི་བྱང་རྒྱུད། ཨན་ཧུའེ་ཡི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་བར་འབབ་རྒྱུ་རེད། 


མཉམ་སྤྱོད།