དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-13 09:16:28   |   65

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

123e91806bf9431b8b7a84945a0ed0d3.jpg

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་རྗེས།  ཚེས12ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་བསྒྲིལ་ཡོད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་རྩ་གནད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་སོགས་ལ་ཆོག་མཆན་སྤྲད་ཅིང་། ཚོགས་ཆེན་ཐོག་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས། བཅའ་ཁྲིམས་གཙང་བཤེར་ལས་དོན་སྤེལ་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྙན་ཞུ་བཅས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང70པ་དང་ཨང71པ། ཨང72པ། ཨང73པ་བཅས་ལ་མཚན་རྟགས་བཀོད་པ་རེད། 

  • ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཧྥུའུ་ལུའོ་ཝང་སི—ཨར་པེ་སི—སྔོན་པོའི་མཚོ་འགྲམ་ཁུལ་ཆེན་རྒྱལ་སྤྱིའི་སློབ་གྲྭའི་རྒྱ་ཡིག་འཛིན་གྲྭའི་དགེ་སློབ་ལ་འཕྲིན་ལན་སྤྲིངས་ནས། ཁོ་ཚོ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོར་སྨོན་འདུན་ཡག་པོ་ཞུས། 

  • 2025ལོར་ཀྲུང་གོའི་རྒྱལ་ཁབ་ས་ཆ་ལྗང་འགྱུར་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ནགས་ཚལ་ཁྱབ་ཚད56%ལས་བརྒལ་བ་རེད། 

  • ཀྲུང་དབྱང་དྲིལ་སྒྲོག་པུ་དང་རང་བྱུང་ཐོན་ཁུངས་པུས་སྤྱི་ཚོགས་ཡོངས་ལ“རང་བྱུང་སྲུང་སྐྱོང་བྱེད་མཁན་ཆེས་ཡག་པོ”དྲིལ་སྒྲོག་ཁྱབ་བསྒྲགས་བྱས་ཤིང་། ཏིང་ཀྲེང་ཅང་དང་ཧྲི་ཞའོ་ཅུན་སོགས་བློ་མཐུན9གཟི་བརྗིད་ངང་བདམས་ཐོན་བྱུང་བ་རེད། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་ཁྲལ་བསྡུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་དང་གཉིས་པར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས16.1%འཕར་ཡོད། 

  • ཁྲིམས་འཛིན་པུས་ད་ལོ་སྲིད་གཞུང་གིས་ཁྲིམས་འཛུགས་བྱས་པ་བརྒྱུད། “ནང་སྒྲིལ་རྣམ་པའི”འགྲན་རྩོད་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་རེད། 

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི“ཞིང་ཆེན་བརྒལ་ནས་ཤར་གཏོང་ཐུབ་རྒྱུ”ལ་སྐུལ་འདེད་མགྱོགས་སུ་བཏང་ནས། ནགས་རྨོད་ཀྱི་འགལ་བ་སོགས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་དངོས་ཐོག་ནས་ཐག་གཅོད་བྱ་རྒྱུ་རེད། 

  • སྐྱེ་ཁམས་ཁོར་ཡུག་པུས་ཆུའི་སྦགས་བཙོག་འགོག་བཅོས་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་ཡིག་ཆ་བཏོན་ནས། བཅོས་སྐྱོང་གི་གཙོ་གནད་དེ་གྲོང་གསེབ་དང་རྫོང་མཁར་སོགས་སུ་སྔར་བས་སྣུར་སྲིང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

  • ད་ལོའི་ཟླ་དང་པོ་དང་གཉིས་པར། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་གྲངས3501བཏང་བ་དང་དངོས་ཟོག་ཚད་ལྡན་སྒམ་ཁྲི35.2སྐྱེལ་འདྲེན་བྱས་པ་དེ་སོ་སོར་དུས་མཚུངས་ལས32%དང25%འཕར་ཡོད། 

  • ཨ་རིས་ཀྲུང་གོ་སོགས་ཚོང་དོན་རོགས་ཟླ16ལ་བརྟག་དཔྱད་བྱེད་མགོ་བརྩམ་རྒྱུ་ཡིན་ཞེས་བརྗོད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པས“ཐོན་ནུས་ལྷག་ཐལ་ཆེ་བ”ཟེར་བ་ནི་བརྗོད་གཞི་རྫུན་མ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དེ་ཁ་གཡར་ནས་ཆབ་སྲིད་ཀྱི་བྱ་ངན་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་བཤད། 

    སྤྱི་ཚོགས།

  • ཚེས12ནས15ཉིན་བར་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཅུང་ཆེ་བའི་དབང་གིས་ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་དང་ནང་སོག་གི་བྱང་ཤར་རྒྱུད་སོགས་སུ་དྲོད་ཚད10℃ནས14℃བར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད14℃ཡན་ཆག་རྒྱུ་རེད། 

  • ཚེས12ཉིན། རྒྱལ་ཁབ་བཟོ་ལས་ཆ་འཕྲིན་བདེ་འཇགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་བཟོ་ལས་ཁྱབ་ཁོངས་ཀྱིopenclawབེད་སྤྱོད་ཉེན་ཁའི་སྔོན་བརྡ་ཁྱབ་བསྒྲགས་བྱས་ནས། བཟོ་ལས་ཁེ་ལས་ཀྱིསopenclawབཀོད་སྒྲིག་དང་བེད་སྤྱོད་བྱེད་སྐབས་བདེ་འཇགས་འགོག་སྲུང་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་མགོ་བཏོན་པ་རེད། 

  • རྒྱལ་ཁབ་བདེ་འཇགས་པུས་ཕྱི་རྒྱལ་གྱི་གསང་མྱུལ་གསང་འཕྲིན་ལས་ཁུངས་དང་ཁྲིམས་འགལ་པས“ལས་ཀ་བསྐྱར་མའི་དུས་ཚིགས”ལ་བརྟེན་ནས་གདན་ཞུའི་འཕྲིན་ཐུང་རྫུན་བཟོ་སོགས་ཀྱི་བྱ་ཐབས་བརྒྱུད། ཚོར་སྣང་སྐྱེན་པའི་གྲངས་གཞི་རྐུ་ཁྱེར་བྱེད་བཞིན་ཡོད་པས་རྒྱ་ཆེའི་དྲ་དམངས་ཀྱིས་ངེས་པར་དུ་དོགས་ཟོན་ཆེ་རུ་གཏོང་དགོས་པའི་གསལ་འདེབས་བྱས། 

  • ཁྲོམ་ར་རྟོག་དམ་སྤྱི་ཁྱབ་ཅུས་འོད་བཤེར་ཤེལ་གྱི་ཚད་འཇལ་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་པའི་ནང་འཛད་སྤྱོད་པས་ཁྲིམས་མཐུན་གཉེར་སྐྱོང་ཐོབ་ཐང་ལྡན་པ་དང་དོ་དམ་ཚད་ལྡན་གྱི་མིག་ཤེལ་སྒྲིག་སྦྱོར་བྱ་ཡུལ་གདམ་ག་བྱེད་དགོས་པ་སོགས་ཚུད་ཡོད། 

babcefe9ee20496076cd9498d84e3826.jpg

  • ས་གནས་དེ་གའི་དུས་ཚོད་ཟླ3ཚེས11ཉིན་སྨི་ལན་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གསར་སྣོན་རྣམ་གྲངས་ཀྱི་རྐུབ་སྟེགས་འཁོར་ལོ་ཅན་གྱི་འཁྱགས་ལྟིར་མཉམ་བསྲེས་ཀྱི་རྟིང་རྩོད་ནང་ཝང་མོང་དང་དབྱང་ཅིན་ཆའོ་ལས་གྲུབ་པའི་ཀྲུང་གོའི་མཉམ་སྡེབ་ཀྱིས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་རྣམ་གྲངས་དེའི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་པ་རེད། 

  • ཚེས12ཉིན་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི“ཧྭ་ལུང་རྟགས་ཅན་དང་པོའི”ཉིང་རྡུལ་གློག་འཕྲུལ་ཚན་ཐོག་མ་སྟེ། ཀྲུང་ཀོང་ཉིང་རྡུལ་ཀྲེ་ཅང་སན་ཨའོ་ཉིང་རྡུལ་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་དང་པོ་དྲ་སྦྲེལ་ཐུབ་ནས་གློག་གཏོང་ཐུབ་པ་བྱུང་ཡོད། 

  • འབྲི་ཆུ་སྲུང་སྐྱོང་ཆེན་པོ་བྱས་ནས་ལོ་བཅུའི་རིང་འབྲི་ཆུའི་ཆུ་ཕག་གི་གྲངས་འབོར1426བར་འཕར་བ་དང་མཚོ་བོད་ས་མཐོའི་གཙོད་ཁྲི30ལྷག་བར་མང་དུ་ཕྱིན་ཡོད་པ་རེད། 

  • ཚེས11ཉིན་གྱི་ཆུ་ཚོད8པ་བར། རྨ་ཆུའི་པ་ཡན་ཀྲོར་དུམ་བུའི་ལམ་ཐིག་ཧྲིལ་པོ་བརྟན་པོའི་ངང་སྒོ་ཕྱེ་བ་དང་ཆུ་རྒྱུན་པའོ་ཐོའུ་ས་ཁོངས་སུ་བདེ་བླག་ངང་འབྱོར་ཡོད། 

  • ཟླ3ཚེས10ནས31ཉིན་བར། ཁྲུང་ཆིང་ཧྥུའུ་ལིང་ཝུའུ་ལིང་རི་བོའི་གས་རོང་ཆེན་པོ་དང་ཕེང་ཧྲུའེ་ཨ་དབྱི་གཙང་པོ་སོགས་མཛེས་ལྗོངས་ཁུལ36གིས་ཁྲུང་ཆིང་གི་ཨང་དང་པོའི་དམག་མིའི་འགྲན་བསྡུར་གྱི་ལྟད་མོ་བར་སྒོ་འཛིན་ཐོག་མ་རིན་མེད་གཟིགས་སྐྱོང་བྱས་ཡོད། 

640 (1).gif

  • ཉེ་ཆར་ཧུའུ་ནན་ཀྲང་ཅ་ཅེ་ཡི་བུ་མོ་ཞིག་སྤྱི་སྤྱོད་རླངས་འཁོར་གྱི་སྒེའུ་ཁུང་ནས་མར་ལྷུང་བཞིན་པའི་ཉེན་ཁ་ཆེ་བའི་སྐབས་སུ། གཞོགས་འདེགས་ཉེན་རྟོག་པ་ཝུའུ་ཧྲེང་ཙེ་ཡིས་གློག་སྒུལ་རླངས་འཁོར་བཞོན་ནས་རྗེས་འདེད་བྱས་ཏེ་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཧོ་པེ་ཡིས་བྱེད་ཐབས་དཔར་འགྲེམ་བྱས་ནས་དྲ་རྒྱའི་རླངས་འཁོར་ཁ་ཆད་བྱས་ནས་གཉེར་སྐྱོང་ཚད་ལྡན་དུ་བཏང་སྟེ། “རླངས་འཁོར་གཅིག་ལ་རིན་གོང་གཉིས”དང“རྒྱུགས་ལེན་གཅིག་དང་ལག་ཁྱེར་གཉིས”ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས། འགྲོ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་ཐོབ་ཐང་ལག་ཁྱེར་དེ“ཞིང་ཆེན་བརྒལ་ནས་ཤར་གཏོང་ཐུབ་པའི”ཁོངས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། 

  • སི་ཁྲོན་གྱིས་བསམ་འཆར་བསྡུ་ལེན་བྱས་པར་གཞིགས་ན། ད་ལོ་ལས་སྟེགས་ཁེ་ལས་ཀྱིས་མྱུར་སྐྱེལ་དང་ཕྱིར་འཚོང་ལས་ཞུགས་མི་སྣར་གུན་སྐྱོབ་ནང་ཞུགས་པའི་ཐོ་འགོད་འགྲོ་ལུགས་ཐོག་མར་གཉེར་བ་དང་འབྲེལ་གཞི་རྩའི་རྒན་གསོའི་གུན་སྐྱོབ་གྲོན་དངུལ་དང་། གཞི་རྩའི་སྨན་བཅོས་གུན་སྐྱོབ་གྲོན་དངུལ། ལས་ཤོར་གུན་སྐྱོབ་གྲོན་དངུལ། ལས་རྨས་གུན་སྐྱོབ་གྲོན་དངུལ་བཅས་སྤྲད་ཚེ། ལས་སྟེགས་ཁེ་ལས་ཚན་པས་སྤྲད་པའི་གྲོན་དངུལ་གྱི10%གཞིར་བཟུང་ཁེ་ལས་ཀྱི་སྤྱི་ཚོགས་གུན་སྐྱོབ་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད། 

  • ཁྲུང་ཆིང་གིས་ཡིག་ཆ་བཀྲམ་ནས་རྒྱལ་ཡོངས་ཀྱི་སྔོན་ལ་རིག་ནུས་དྲ་སྦྲེལ་ནུས་རྒྱུ་གསར་པའི་རླངས་འཁོར་ཆེད་ལས་ཀྱི་གོ་མིང་མང་དུ་བཏང་ཡོད། 

    དེ་རིང་གི་གནམ་གཤིས། 

72ed18cb416c2617cbf68e6ae956db5d.jpg

  • ཞིན་ཅང་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ་དང་། ནུབ་བྱང་ས་ཁུལ་གྱི་དབུས་ནུབ་རྒྱུད། ནང་སོག་གི་དབུས་ཤར་རྒྱུད། ཧྭ་བྱང་བྱང་རྒྱུད། བྱང་ཤར་ས་ཁུལ་གྱི་ནུབ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་བཞིན་ཡོད། ཞིན་ཅང་ལྷོ་རྒྱུད་གཤོང་ས་དང་ཀན་སུའུ་ཤར་ལྷོའི་རྒྱུད། ཧྲའན་ཞི། ཧྭ་བྱང་གི་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་ས། ཡུན་ནན་གྱི་ས་ཆ་མང་ཆེ་བ། བོད་ལྗོངས་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་བ་ནས་འབྲིང་བར་འབབ་རྒྱུ་རེད། 


མཉམ་སྤྱོད།