དེ་རིང་ནི2026ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-16 09:48:53   |   449

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ3ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་དུས་ཐེངས་དྲུག་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》ཞེས་པ་སྤེལ་རྒྱུ་རེད།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། མིག་སྔར་བྱང་ཕྱོགས་ཀྱི་དགུན་གྲོ་ཕྱོགས་ཡོངས་ནས་སྔོ་ལྗང་དུ་གྱུར་ནས་ལོ་ཏོག་སྐྱེ་བའི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། ཐོན་ཁུལ་གཙོ་བོའི་དཔྱིད་དུས་ཞིང་ཁའི་དོ་དམ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།

  • ད་ལོ་ནས་བཟུང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། མིག་སྔའི་བར་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར3232.6ལ་སྐུལ་ཁྲིད་བྱས་པ་དང་། དུས་མཚུངས་ལས3.2%འཕར་ཡོད།

  • 2025ལོར། རྒྱལ་ཡོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འཛད་སྤྱོད་ཞུ་གཏུག་ཐེར་འདོན་ཁྲི2600ལྷག་ཙམ་བདག་སྤྲོད་བྱས་ནས། འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར43.5ཕྱིར་ལྡོག་བྱས།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ6ཁྱབ་བསྒྲགས་བྱས་པ་དང་། བཟའ་བཅའི་བདེ་འཇགས་དང་། སྨན་བཅོས་དང་མཛེས་བཟོ། རྒན་པར་མགོ་སྐོར་གཏོང་བ་སོགས་དང་འབྲེལ་བ་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་དུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས།

01.jpg

  • ཚེས15ཉིན་གྱི་དུས་ཚོད21:22སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་ལྔ་བཅུ་པའི་སྲུང་སྐར02བདེ་བླག་ངང་འཕེན་གཏོང་བྱས།

02.jpg

  • ཚེས15ཉིན། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་རི་མགོའི་གངས་ཤུད་དང་དགུན་དུས་གངས་ཤུད་གཉིས་ཀྱི་ལུས་རྩལ་པ་ཚའེ་ཅ་ཡུན་དང་རྐུབ་སྟེགས་འཁོར་ལོའི་འཁྱགས་ལྟིར་བུད་མེད་ལུས་རྩལ་པ་ཝང་མོང་གིས་སྨི་ལན་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་སྒྲེང་མཁན་གྱི་འགན་འཁུར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ3ཚེས15ཉིན་གྱི་སྔ་དྲོར། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་ཧྥ་རན་སེའི་ཕ་རི་སིར་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱེད་མགོ་ཚུགས་པ་རེད།

  • དབྱི་རན་གྲོས་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ལྷན་གྱི་ཀྲུའུ་ཞི་དབྱི་པུའུ་ལ་ཤིན·ཨ་ཆི་ཙེས་ཉིན་ཤས་གོང་ཡུག་རེན་གྱིས་དབྱི་སི་རལ་ལ་རོགས་རམ་བྱས་པར་གཞིགས་ནས་དེ་དབྱི་རན་གྱི་ཁྲིམས་མཐུན་རྡུང་རྡེག་གཏོང་བའི་དམིགས་འབེན་དུ་གྱུར་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

  • ཚེས15ཉིན། མཁའ་རླུང་གྲང་མོའི་དྲོད་ཚད་དམའ་བའི་ལྟེ་བའི་ས་ཁོངས་ལྷོ་ཕྱོགས་སུ་སྤོ་རྒྱུ་དང་། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཧུའུ་པེའི་རྒྱུད་བཅས་ཀྱི་ས་ཆ་མང་པོར་དྲོད་ཚད་མར་ཆག་ཚད་ཧྲེ་ཧྲི་ཏུའུ10ལས་བརྒལ་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ཉེ་དུས་དཔེ་མཚོན་གྱི་ལས་འཛོལ་ཆེ་བ4ལ་ཞིབ་བཤེར་ཐག་གཅོད་བྱས་ནས་མིང་སྦྱར་ལྟ་སྐུལ་བྱས་པ་རེད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཀྱིས་ཀྲུང་གོའི་དྲ་སྦྲེལ་མཉམ་འབྲེལ་ཐོག་དཀྲོག་གཏམ་བཟོ་བའི་ལས་སྟེགས་སུ་ཁེ་ལས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་དཀྲོག་གཏམ་བཟོ་བའི་ཆེད་དམིགས་ཁུལ་བཙུགས་པ་རེད།

  • ཀྲུང་གོའི་མཉམ་སྦྲེལ་དྲ་རྒྱ་དངུལ་རྩའི་མཐུན་ཚོགས་ཀྱིསOpenClawབེད་སྤྱོད་བདེ་འཇགས་སྐོར་གྱི་ཉེན་ཁའི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་རེད།

  • 2026ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྤྱིའི་གློག་གསོག་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར4.16ཟིན་པ་དང་། ཉིན་རེར་ཆ་སྙོམས་གློག་གསོག་ཚད་ཆུ་ཚོད་རེར་སྟོང་ཝ་ཁྲི1041.03ཟིན་ཡོད་ལ། 2025ལོའི་དཔྱིད་གསར་སྐབས་དང་བསྡུར་ན44.5%འཕར་ཡོད།

  • རྨ་ཆུའི་ནང་སོག་དུམ་བུའི་འཁྱགས་ལིང་ཆུ་ལོག་བདེ་འཇགས་ངང་དབན་ཅ་ཀྲའེ་ཆུ་བེད་ལྟེ་བའི་ཆུ་མཛོད་ཁུལ་དུ་སླེབས་པ་དང་། རྨ་ཆུའི་ནང་སོག་གི་འཁྱགས་དུར་ཆུ་ལོག་བདེ་འཇགས་ངང་ཝན་ཅ་ཀྲེའི་ཆུ་བེད་ལྟེ་བའི་ཆུ་མཛོད་དུ་བཞུར་བ་དང་། དུམ་བུ་ཧྲིལ་པོ་ཤར་གཏོང་ཐུབ་པས2025ལོ་ནས2026ལོའི་བར་གྱི་འབྲུབ་དུས་བརྟན་བརླིང་ངང་བརྒལ་བ་མཚོན་ཡོད།

  • “མི་དམངས་སློབ་གསོ་པ”ཡུས་དབྱི་ནད་གཞིས་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོབ་པར་ཟླ3ཚེས14ཉིན་གྱི་དུས་ཚོད22:18སྟེང་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་དགུང་ལོ97ཡིན།

  • སི་ཁྲོན་ནན་ཁྲུང་གིས་དྲ་རྒྱའི་ཐོག་ནས་ཁྲོན་ཉིའུ་ཕུའུ་བཟའ་བཅའ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ཁོར་ཡུག་སོགས་ཀྱི་གནད་དོན་མཚོན་པའི་གནས་ཚུལ་བརྡ་ཁྱབ་བཏང་ནས་ཁྲོན་ཉིའུ་ཕུའུ་བཟའ་བཅའ་ཚད་ཡོད་ཀུང་སིར་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས་པ་རེད།

  • ཉེ་ཆར། ས་ཁང་བདག་ཁོངས་ནས་ཐོན་པའི་སྨྱན་སྦྱོར་གསར་པ་ཁག་གཅིག་གིས་ཡ་ལུང་མཚོ་ཁུག་གི་རྒྱ་སེ་མེ་ཏོག་གི་དུས་བཞིའི་རྣམ་གྲངས་སྐོར་གྱི་དྲིལ་སྒྲོག་གི་ཆ་འཕྲིན་རྫུན་མས་མང་ཚོགས་ལ་གོ་ནོར་ཐེབས་སུ་བཅུག་ནས་ཁང་བ་ཉོ་རུ་འཇུག་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། སན་ཡ་ཡིས་ཁང་པ་ཉོ་བའི་ཉེན་ཁའི་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས་འཛད་སྤྱོད་པར་ལུགས་མཐུན་ངང་ཁང་པ་ཉོ་བ་དང་འཛད་སྤྱོད་ཀྱི་རྒྱ་རྙི་དང་རིང་དུ་གྱེས་དགོས་པའི་དྲན་སྐུལ་བྱས་པ་རེད།

03.gif

  • ཉེ་ཆར། སི་ཁྲོན་ཁྲེང་ཏུའུ་ཡི་གཞིས་ཁུལ་ཞིག་ལ་མེ་ཤོར་བ་དང་། ཉེན་ཁ་ཆེ་བའི་སྐབས་སུ་གཞོགས་འདེགས་ཉེན་རྟོག་པ་ཝུའུ་ཡུང་ཅེས་མེ་གསོད་འཕྲུལ་ཆས་བླངས་ནས་འགྲོ་རོགས་མི་སྣ་དབྱི་ཕེང་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ནང་དུ་རྒྱུག་ནས་ནང་དུ་བཀག་ཡོད་པའི་རྒན་པ་དེ་བདེ་འཇགས་ངང་ཕྱིར་བདེ་འཇགས་སར་ཁྲིད་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཡིག་ཆ་བཀྲམ་ནས་རྒན་པའི་ལས་ཞུགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་དང་། ལས་འཁྱུར་ངལ་གསོའི་ཆ་རྐྱེན་འཛོམས་མེད་པ་དང་མུ་མཐུད་འགན་བཅོལ་ནང་ཞུགས་རྒྱུའི་གདམ་ག་བྱས་པའི་རྒན་པར་མི་སྒེར་གྱི་ཐོབ་ཐང་ཐོག་ནས་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་དངུལ་འབབ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་འབབ་འཇལ་སྤྲོད་བྱེད་ཆོག་པ་དང་། མི་སྤྱོད་ཚན་པ་དང་གྲོས་མོལ་གཅིག་མཐུན་བྱུང་བ་བརྒྱུད་མི་སྤྱོད་ཚན་པས་ཀྱང་གཏན་འབེབས་ལྟར་དེར་འགན་བཅོལ་དངུལ་འཇལ་ཆོག

  • ཧེ་ལུང་ཅང་གིས་བྱེད་ཐབས་བཏོན་ནས་སློབ་གྲྭ་དང་ཉེ་འཁོར་གྱི་སྤྱི་པའི་ལུས་རྩལ་ཐང་དང་། གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས། ལུས་རྩལ་སྤྲོ་སྐྱིད་ཁང་སོགས་དང་མཉམ་ལས་གྲོས་མཐུན་འཇོག་རྒྱུར་སྐུལ་མ་བཏང་སྟེ། སློབ་ཚན་གྲོལ་རྗེས་དང་དབྱར་དགུན་གུང་གསེང་རིང་སློབ་ཡོན་དམའ་བའམ་ཡང་ན་རིན་མེད་ངང་སློབ་མར་སྒོ་ཕྱེ་རྒྱུ།

  • ཧྥུའུ་ཅན་གྱིས་བརྡ་ཐོ་བཀྲམ་ནས་ཁག་ཐེག་སྒྲིག་གཞིས་ཁེ་ལས་ཆུང་གྲས་དང་ཕྲན་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་རིགས་ཀྱི་ཁེ་ལས་འབྲིང་ཆུང་གི་དུད་ཚང་རྐྱང་པའི་འགན་བཅོལ་ལྷག་གྲངས་མཐོ་ཤོས་སྒོར་ཁྲི1000ནས་སྒོར་ཁྲི3000ལས་མི་བརྒལ་བར་མཐོ་རུ་བཏང་།

དེ་རིང་གི་གནམ་གཤིས།

04.jpg

  • ཞིན་ཅང་གི་ལྷོ་ནུབ་རྒྱུད་དང་། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་། ཞིན་ཅང་གི་ལྷོ་ནུབ་རྒྱུད་དང་། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་དྲག་ཁངས་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཨན་ཧུའེ་ཡི་ལྷོ་ནུབ་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་ཞིའི་ནུབ་བྱང་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།