དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-17 09:05:10   |   38

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཏུར་མེན་སི་ཐན་མི་རིགས་གཙོ་འཛིན་དང་། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ཟླ3ཚེས17ནས19ཉིན་བར། ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རྒྱུ་རེད།

  • ཚེས16ཉིན་རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་གཉིས་པའི་བར། རང་རྒྱལ་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་མངོན་གསལ་དོད་པོས་འཕར་ནས་མགོ་ཡག་པོ་ཚུགས་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར13.3ལས་བརྒལ་བ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཁག་དགུ་ཡིས《ལས་རྨས་སྔོན་འགོག་གི་ལོ་ལྔའི་བྱ་སྤྱོད་འཆར་གཞི(2026—2030ལོ)》མཉམ་འབྲེལ་ཐོག་དཔར་འགྲེམ་བྱས་ནས། ལས་རྨས་སྔོན་འགོག་བྱ་རྒྱུ་དེ་ལས་རྨས་འགན་བཅོལ་གྱི་སྔོན་དུ་འཇོག་པའི་དོན་ཚན་དུ་བརྩི་རྒྱུ་ཁ་གསལ་བཏོན་ཡོད།

  • རང་བྱུང་ཐོན་ཁུངས་པུ་དང་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཉེ་དུས་མཉམ་འབྲེལ་ཐོག་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་ནས། རང་རྒྱལ་གྱིས་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་རྐྱེན་སྲོལ་འཛུགས་རྒྱུ་ཁ་གསལ་བཏོན་ཡོད།

  • ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རྒྱལ་ཡོངས་སྲུང་སྐར་དྲ་སྦྲེལ་མ་ལག་དང་ཞབས་ཞུ་ཚད་ལྡན་ཅན་གྱི་ལག་རྩལ་ཨུ་ལྷན་འཛུགས་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ3ཚེས15ནས་ཚེས16ཉིན་བར། ཀྲུང་གོ་དང་ཨ་རིས་ཧྥ་རན་སེའི་ཕ་རི་སིར་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས་པ་རེད།

01.jpg

  • ཚེས16ཉིན། ཧྲིན་ཀྲོའུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་ཐེངས་གཉིས་པའི་གྲུ་ཚང་ཕྱིར་འབུད་པའི་བྱ་འགུལ་ལེགས་འགྲུབ་བྱུང་།

02.jpg

  • ཚེས16ཉིན། མྱུར་གྲུ་ཨང་བཅུ་གཅིག་པའི་རྒྱང་ཚོར་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཏེ་ཅུན་ཐེན་ཨང་དང་པོའི་སྲུང་སྐར04Aདང་། ཏུང་ཕོའི་སྲུང་སྐར11པ་དང་།12 པ། 16པ་བཅས་དང་། ཡུས་ཞིན་ཨང་རྟགས་གསུམ་པའི་སྲུང་སྐར་ཨང05པ་དང་06པ། ཝེ་ཐུང་ཨང་རྟགས་དང་པོའི་སྲུང་སྐར01པ། ཞིས་ཀོང་ཨང་རྟགས་དང་པོའི་སྲུང་སྐར06པ་སོགས་སྲུང་སྐར8གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་རེད།

  • དབྱི་རན་དམག་འཁྲུག་གི་ཤུགས་རྐྱེན་ཕོག་པའི་དབང་གིས་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ས་སྲོས་སུ་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་སུའོ་ཡིས་ཟླ4པར་དངོས་ཟོག་སྤྲོད་པའི་སྤུས་ཚད་ཡང་བའི་མ་བཅོས་རྡོ་སྣུམ་དུས་བཅད་ཚོང་ཟོག་གི་རིན་གོང་དང་ཟླ5པར་ཚོང་ཟོག་སྤྲོད་པའི་ལོན་ཏོན་པུའུ་ལུན་ཐེ་མ་བཅོས་རྡོ་སྣུམ་དུས་བཅད་ཚོང་ཟོག་གི་རིན་གོང་ཚང་མ་སྐབས་ཤིག་རིང་ཟོམ་རེར་ཨ་སྒོར100ལས་བརྒལ་ཡོད།

སྤྱི་ཚོགས།

  • ཉེ་ཆར། “ད་ལོ་དང་སང་ལོ་གཉིས་སམ་ཡང་ན་ལོ་རྒྱུས་ཀྱི་ཚ་རླབས་ཆེ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་པ”སོགས་ཀྱི་བརྗོད་གཞིར་གྲོས་བསྡུར་འཁྲུག་པོ་བྱུང་བ་དང་། རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་དབང་གྲགས་མཁས་པས་བཤད་པ་ལྟར་ན། མིག་སྔར་ཨེར་ཉི་ནུའོ་ཧ་ཅང་ཆེ་བའམ་ཡང་ན་ད་ལོ་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་ཏུ་འགྱུར་རྒྱུ་ཞེས་པ་བཤད་པ་སྔ་དྲགས་པ་རེད་ཟེར།

  • ཚེས16ཉིན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཚད་གཞི་མ་ལོན་པའི་ཐོན་རྫས་ཐོན་སྐྱེད་བྱས་པ་སོགས་ཀྱིས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་བཅུག་པའི་གཉེར་སྐྱོང་བྱེད་པོ་ཁག་གཅིག་གཅིག་སྡུད་ཐོག་དམར་འདོན་བྱས་པ་རེད།

03.jpg

  • 2026ལོའི་ལོ་སྟོད་དུ་དམག་མི་གསར་བའི་སྐྱེལ་འདྲེན་བྱ་བ་ཚེས16ཉིན་ནས་བཟུང་ཕྱོགས་ཡོངས་ནས་མགོ་བརྩམས།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ)དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཅུ་ཀྲང་གཞོན་པ་ལི་ཁྲུན་ལེང་གིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས་པ་རེད།

  • ཉིན་ཤས་གོང་། རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་དང་། ཤར་ཕྱོགས་མཁའ་འགྲུལ། ལྷོ་ཕྱོགས་མཁའ་འགྲུལ་སྤྱི་གཉེར་བཅས་ཀྱིས་འགྲུལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྤྱི་བསྒྲགས་སྤེལ་ནས། སྤ་སེའི་རིན་གོང་འཕར་ཆག་ལ་རིན་མེད་ངང་སྤ་སེ་ཕྱིར་སློག་བྱེད་པའི་སྲིད་ཇུས་བཏོན་པ་རེད།

  • ཚེས16ཉིན། ཀྲུང་ནན་སློབ་ཆེན་དང་ཧུའུ་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཙུགས་པའི་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་གིས་ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་གི་ཞིབ་འཇུག་སློབ་མ་ཆུའི་ནང་དུ་ལྷུང་བའི་དོན་རྐྱེན་བརྡ་ཁྱབ་བཏང་བ་རེད།

  • ཚེས16ཉིན་རྒྱལ་ཡོངས་ཀྱི་གྲུ་ཁ་འགྲིམ་འགྲུལ་རྣམ་པའི་འགྲུལ་པའི་རིག་ནུས་འགག་སྒྲོལ་ཞབས་ཞུའི་མ་ལག་ཐོག་མ་སྟེ“ཞ་ཅིན་ཞའོ་གསུམ་སྦྲེལ”མ་ལག་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ་དངོས་སུ་སྤྱོད་མགོ་བརྩམས་པ་རེད།

04.jpg

  • ཚེས15ཉིན། སི་ཁྲོན་རྔ་བ་ཁུལ་སྤྱི་བདེ་ཅུ་ཡིས་ཉེན་རྟོག་པའི་གནས་ཚུལ་བརྡ་ཁྱབ་བཏང་ནས། སྲོག་གི་གྱོད་གཞིའི་བྲོས་བྱོལ་ཉེས་ཅན་སུའོ་ཆེ་གེ་མོས་མེ་མདས་བརྒྱབ་ནས་འཛིན་བཟུང་ལ་འགོག་རྒོལ་བྱས་པས་མི་དམངས་ཉེན་རྟོག་པ་ངག་དབང་གིས་རང་སྲོག་བློས་བཏང་པ་དང་། མི་དམངས་ཉེན་རྟོག་པ་གཞན་ཞིག་ལ་རྨས་སྐྱོན་ཕོག(ཚེ་སྲོག་གི་ཉེན་ཁ་མེད་པ)ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འཛིན་བཟུང་དང་སྐོར་བཟུང་བྱས་ཐོག ཉེས་གསོག་དོགས་ཅན་དེ་ནག་ཉེས་ལ་སྐྲག་ནས་རང་སྲོག་བཅད་པ་དང་གྱོད་འབྲེལ་མེ་མདའ་དང་རྫས་མདེལ་ཚང་མ་གཞུང་བཞེས་བཏང་བ་རེད།

05.jpg

  • ཉེ་ཆར། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྐྱེལ་འདྲེན་གྲོང་ཁྱེར་གྱི་ཕོ་ཐུག་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་ནས་རྒྱལ་ནང་གི་བང་སོའི་ཐོག་མའི་རྣམ་པ་ཤེས་རྟོགས་བྱུང་ཡོད།

  • ཟླ3ཚེས16ཉིན། ཏུའུ་སེར་ཏུའོ་ཕུའུ་ཕིང་ཕང་སྤོ་ལོའི་སྤྲོ་སྐྱིད་ཁང་གི་པོད་ཆུང་ཐོག་གནས་ཚུལ་སྤེལ་ནས་ཧྥན་ཀྲེན་ཏུང་གིས་རོལ་རྩེད་ཁང་དེར་གན་རྒྱ་བཞག་པ་དེ་ཟླ7ཚེས1ཉིན་སྤྲོ་སྐྱིད་ཁང་བརྗེ་རྒྱུ་ཡིན་ཞེས་བཤད་པ་རེད།

སྲིད་ཇུས།

  • བཟོ་འཕྲིན་པུ་སོགས་སྡེ་ཁག་གསུམ་གྱིས་ཉེ་ཆར་ཆིང་ནུས་ཕྱོགས་བསྡུས་བེད་སྤྱོད་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཀྲམ་ནས2026ལོའི་ཟླ3ཚེས16ཉིན་ནས་བཟུང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཚོང་ལས་སྤྱོད་ཁང་གི(“ཚོང་སྡོད་གཉིས་ཀའི་ཁང་པ”ཚུད)ཁང་པ་ཉོ་བའི་དངུལ་བུན་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་དེ30%ལས་མི་ཉུང་བར་ལེགས་སྒྲིག་བྱས་ཡོད།

  • ཧྥུའུ་ཅན་གྱིས་བྱེད་ཐབས་བཏོན་ནས་ཐོག་མའི་ལོ་གསུམ་ནང་། ཁེ་ལས་ཆུང་ཕྲན་གྱིས་ལས་ཞུགས་བསྡུ་ལེན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་བསྡུ་ལེན་བྱས་པའི་མི་གྲངས་ལྟར་སྤྱི་འབོར་སྒོར་ཁྲི5ལས་མི་བརྒལ་བའི་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཁ་གསབ་སྤྲད་པ་རེད།

དེ་རིང་གི་གནམ་གཤིས།

06.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་ནན་ཅང་གི་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་རི་ཁུལ། མཚོ་བོད་མཐོ་སྒང་གི་ས་ཆ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་འབྲིང་ཙམ་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་དྲག་པོ་འབབ་ཅིང་། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་། ཡུན་ནན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཁྲུང་ཆིང་གི་ཤར་ལྷོ་རྒྱུད། ཧུའུ་པེའི་ལྷོ་རྒྱུད་དང་དབུས་ཤར་རྒྱུད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ལ། དེའི་ནང་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།