དེ་རིང་ནི2026ལོའི་ཟླ03པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-18 09:19:29   |   155

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི《2025ལོའི་ཀྲུང་གོའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུའི》ནང་། 2025ལོར། ནོར་སྲིད་འཁོར་སྐྱོད་བརྟན་པོ་ཡིན་ལ་གོ་རིམ་ལྡན། སྔོན་རྩིས་ལག་བསྟར་བྱས་ཚུལ་སྤྱིའི་ཆ་ནས་ཅུང་ལེགས།

  • 《སྤྱི་ཚོགས་ཡོངས་སུ་བྱིས་པའི་མཛའ་མཐུན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་ནས། ཆ་རྐྱེན་ཡོད་པའི་མཛེས་ལྗོངས་ཁུལ་གྱིས་གོ་རིམ་ལྟར་བྱིས་པར་སྤ་སེ་མི་དགོས་པའི་གཟུགས་པོའི་རིང་ཚད་དང་ལོ་ཚད་འོས་འཚམ་གྱིས་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱས།

  • ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁག་གསར་པའི་མཚོན་རྟགས་རང་བཞིན་གྱི་ཕྱི་རྒྱལ་གྱི་མ་དངུལ་རྣམ་གྲངས་གལ་ཆེན13བཏོན་པར་མ་དངུལ་ཨ་སྒོར་དུང་ཕྱུར134གཏོང་རྩིས་ཡོད་པ་རེད། གསར་དུ་བདམས་པའི་རྣམ་གྲངས་གཙོ་བོ་བཟོ་སྐྲུན་ལས་རིགས་སུ་གཅིག་སྡུད་བྱས་ཡོད།

  • དམངས་སྲིད་པུ་སོགས་སྡེ་ཚན་མང་པོས་ཉིན་ཤས་གོང་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས། དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་པུར་འཇུག་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་གོམས་སྲོལ་བསྒྱུར་རྒྱུར་ཁྲིད་སྟོན་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་སོགས་སྡེ་ཁག་གསུམ་གྱིས་མཛུབ་ཁྲིད་བསམ་འཆར་པར་འགྲེམས་བྱས་ནས། གཞི་རིམ་དུ་དུས་ཡུན་རིང་ཤོས་གཟའ་འཁོར12རིང་སྨན་སྤྱོད་པའི་སྨན་ཐོ་འབྲི་ཆོག་པ་རེད།

  • རྒྱལ་ཁབ་བདེ་འཇགས་པུས“གློན་ཆེན”(龙虾)(OpenClaw)བདེ་འཇགས་གསོ་ཚགས་ལག་དེབ་ཁྱབ་བསྒྲགས་བྱས་པ་རེད།

  • ཟླ་དང་པོ་ནས་གཉིས་པའི་བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་དངུལ་བུན་སྒོར་དུང་ཕྱུར758བཏང་བ་དང་། ན་ནིང་གི་དུས་མཚུངས་ལས23%འཕར་ཡོད།

  • ཟླ་དང་པོ་ནས་གཉིས་པའི་བར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་སྟོང་ཝ་ཆུ་ཚོད་དུང་ཕྱུར16546ཟིན་པ་དང་། དུས་མཚུངས་ལས6.1%འཕར་ཡོད།

  • ཚེས16ཉིན། འཇར་པན་གྱི“ཁྲའོ་ཝན”རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་ངང་ཀྲུང་གོའི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་སུ་ཐོན་པ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་པ་དང་འབྲེལ་ཕྱིར་འབུད་བྱ་རྒྱུའི་ཐ་ཚིག་བསྒྲགས་པ་རེད།

  • ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་དང་། ཡུའེ་ཏན། ལེ་པ་ནོན། དབྱི་རག་བཅས་རྒྱལ་ཁབ་བཞིར་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

སྤྱི་ཚོགས།

01.jpg

  • དཔྱིད་ཀ་ཐོན་པའི་དུས་འདིར། ཕྱོགས་བཞི་ཀུན་ཏུ་མེ་ཏོག་རྣམ་པར་བཞད་ཅིང་། ས་གནས་ཁག་གི་ཡུལ་ལྗོངས་ལྟ་ན་སྡུག་པས། གནས་སྐོར་བའི་ཡིད་དབང་བཀུག་ཡོད།

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་ཆེད་མཁས་པས་ད་ལོའི་ལོ་སྨད་དུ་ཐིག་དམར་དབུས་ཤར་ཞི་བདེ་རྒྱ་མཚོ་ཆེ་མོ་ཨེར་ཉི་ནུའོ་ཡི་རྣམ་པར་གནས་པའི་སྲིད་ཕྱོད་ཆེ་བ་དང་། འོན་ཀྱང་མིག་སྔར་དེའི་ཞིབ་ཕྲའི་དུས་ཚོད་དང་སྤྱིའི་ཤུགས་ཚད་ལ་སྔོན་དཔག་ཡང་དག་བྱེད་ཐུབ་ཀྱི་མེད་ཅེས་བཤད་པ་རེད།

  • ཟླ་དང་པོ་ནས་གཉིས་པའི་བར། རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རིམ་རྩིས་བྱས་ན་རླངས་འཁོར་ཁྲི135.2ཕྱིར་གཏོང་བྱས་པ་དང་། དུས་མཚུངས་ལས48.4%འཕར་ཡོད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཨུ་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཅང་ཁྲའོ་ལེང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • ཀན་སུའུ་ཞིང་ཨུའི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་ལེ་སི་ཝེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས17ཉིན། ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ལི་ཧའེ་ཐའོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལི་ཧའེ་ཐའོ་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་རེད།

  • ཉེ་ཆར། རང་རྒྱལ་གྱི་ཚན་རིག་ཆེད་མཁས་པས་རྒྱལ་སྤྱིའི་ཐོག་ནས་ཐོག་དང་པོར་རང་གཟུགས་དང་གཟུགས་མི་འདྲ་བའི་ཕྲ་ཕུང་གཙོ་བོའི་འབྱུང་ཁུངས་ཀྱི་བསྐྱར་སྐྱེས་གཤེར་མའི་རྨ་ཆུང་སྤོ་སྐྱེ་(胰岛微创移植)སྤྱད་དེ། ་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱི་ཤན་གླིང་ནུས་པ་བསྐྱར་སྐྲུན་དང་ཁྲག་མངར་རང་བརྟེན་སྙོམས་སྒྲིག་ཐུབ་ཡོད།

  • ཚེས17ཉིན་གྱི་དགོང་མོ། པོ་སི་ལུས་རྩལ་ཐང་དུ་སྤེལ་བའི2026ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་དང་པོའི་ནང་། ཀྲུང་གོའི་རུ་ཁག་གིས1:2ཡི་ཐོག་ནས་གཙོ་གཉེར་རྒྱལ་ཁབ་ཨོ་སི་ཁྲུ་ལི་ཡའི་རུ་ཁག་ལས་ཕམ་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་མེད།

02.jpg

  • ཧྲའན་ཤིས་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གནའ་རྫས་རྟོག་ཞིབ་ལས་དོན་པས་ཧྲའན་ཤིས་ཅང་ལིའུ་གནའ་ཤུལ་ནས་ཀྲོའུ་ནུབ་མའི་དུས་སྐབས་ཀྱི་ཐལ་དོང་དང་བང་སོ་མང་པོ་རྙེད་པ་དང་། རྫ་ཆས་དང་། གཡང་ཊིའི་ཡོ་བྱད། རྡོ་ཆས། ཟངས་ཆས་སོགས་རྙེད་པ་རེད།

03.jpg

  • ཉེ་ཆར། ཧོ་ནན་རུའུ་ཁྲེང་གི་སྐྱེས་པ་ཞིག་སེམས་ཆུང་མ་བྱས་པར་ཆུའི་ནང་དུ་ལྷུང་བ་དང་། ཕོ་བའི་འབྲས་སྐྲན་བྱུང་ཡོད་པའི་ཝང་རུའུ་ཧྲེང་ལ་ཚ་བ་རྒྱས་བཞིན་ཡོད་ཀྱང་། ཐོས་མ་ཐག་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུའི་ནང་དུ་མཆོངས་ཏེ། མཚོ་འགྲམ་གྱི་མང་ཚོགས་དང་མཉམ་དུ་ཆུའི་ནང་དུ་ལྷུང་བའི་སྐྱེས་པ་དེ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཀྲམ་ནས2026ལོར་ཡུལ་བབ་དང་བསྟུན་ནས་རི་ཁུལ་གྲོང་ཚོའི་དྭངས་གཙང་དྲོད་ལེན་སྒྱུར་བཀོད་ལ་སྐུལ་འདེད་བཏང་སྟེ། སྒྲིག་ཆས་རྙིང་པ་དུད་ཚང་ཁྲི2ཡན་གསར་བརྗེས་བྱ་རྒྱུ་ཡིན་ཞེས་བཏོན་པ་རེད།

  • ཧྥུའུ་ཅན་གྱིས་བརྡ་ཐོ་བཀྲམ་ནས་སློབ་འབྲིང་དཀྱུས་མའི་སློབ་སྒྱུར་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཏེ། མཐོ་རིམ་སློབ་འབྲིང་དཀྱུས་མའི་དུས་མཚམས་ཀྱི་སློབ་སྦྱོང་ལ་དཀའ་ངལ་ཡོད་པ་དང་རྩལ་ནུས་འཕེལ་རྒྱས་ཀྱི་འདུན་པ་ཡོད་པའི་སློབ་མས་དུས་དང་རྣམ་པ་ཀུན་ཏུ་ལག་རྩལ་བཟོ་པའི་སློབ་གླིང་གི་ལོ་གསུམ་ལམ་ལུགས་ཀྱི་འབྲིང་རིམ་བཟོ་པའི་འཛིན་གྲྭར་བསྒྱུར་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

  • ཡུན་ནན་གྱིས་བྱེད་ཐབས་བཏོན་ནས་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་དང་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་བེད་མེད་དུ་བསྐྱུར་བའི་ས་ཆ་སྤྱད་དེ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བོགས་གཏོང་ཞབས་ཞུའི་དྲ་ཚིགས་དང་དེའི་མཚུངས་ཀྱི་རླངས་འཁོར་འཇོག་ས་དང་གློག་གསོག་སྒྲིག་བཀོད་འཛུགས་རྒྱུར་སྐུལ་ལྕག་བྱས་པ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ས་ཆ་མང་ཆེ་བ། ཞིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ཁྲོན་ཞི་མཐོ་སྒང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྭ་བྱང་གི་ལྷོ་རྒྱུད། ཧོང་ཧོའེ་ཡི་ས་ཆ་མང་ཆེ་བ། ཅང་ཧོའེ་དང་། ཅང་ཧན་གྱི་ས་ཆ་མང་ཆེ་བ། ཅང་ནན་གྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།