དེ་རིང་ནི2026ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-19 07:21:34   |   374

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ3ཚེས18ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཏུར་མེན་སི་ཐན་གྱི་མི་རིགས་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་མཇལ་འཛོམས་གནང་།

  • 《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་སྒྲིག》དེབ་དང་པོ་དང《ཞི་ཅིན་ཕིང་དང་སློབ་ཆེན་སློབ་མའི་གྲོགས་པོ་ཚོ》ཞེས་པའི་བམ་པོ་དང་པོ་དང་གཉིས་པའི(繁体)པར་གཞི་ཉེ་ཆར་མཉམ་འབྲེལ་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་འགྲེམས་སྤེལ་བྱས།

  • ཉེ་ཆར། ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རེས་སྐོར་གཉིས་པའི་ས་ཆ་འགན་གཙང་ལེན་གྱི་དུས་ཚད་ཐོན་རྗེས་སླར་ཡང་ལོ30ལ་རིང་དུ་གཏོང་རྒྱུའི་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་གྲོང་གསེབ་ཏུ་རང་འབབ་ཆུའི་ཁྱབ་གདལ་གཏོང་ཚད96%ཟིན་པ་དང་། གྲོང་གསེབ་ཀྱི་གློག་སྤྱོད་མཁན་གྱི་ཆ་སྙོམས་གློག་མཁོ་འདོན་གྱི་ཁག་ཐེག་ཚད99%ལས་བརྒལ་ཡོད།

  • ད་ལོའི་ཟླ་དང་པོ་དང་གཉིས་པར། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས5.2%འཕར་བ་དང་། འཕར་ཚད་ལོ་གོང་མའི་ཟླ12པ་ལས་བརྒྱ་ཆའི་གྲངས0.2ཀྱིས་ཇེ་མགྱོགས་སུ་སོང་ཡོད།

  • 2026ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ལོ་ཚོགས་དེ་ཚེས25ནས29ཉིན་བར་པེ་ཅིང་དུ་འཚོག་རྒྱུ་རེད།

02.jpg

  • ཚེས18ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག1307དམག་གྲུའི་དཔུང་ཁག་གིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་སྐོར་ཞིབ་བྱས་པ་རེད།

  • རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་དམག་ཡོངས་ཀྱིས་དམག་སྒར་སྒོ་དབྱེའི་བྱེད་སྒོ་ཐེངས2100ལྷག་ཙམ་སྒྲིག་འཛུགས་བྱ་རྒྱུ་རེད།

  • ཚེས18ཉིན་ཕྱི་འབྲེལ་པུས་གཙོ་འཛིན་ཕྱི་འབྲེལ་གྱིས་ཀྲུང་ཨའི་འབྲེལ་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། ཀྲུང་ཨ་ཕྱོགས་གཉིས་པོས་ཙུང་ཐུང་ཁྲོམ་ཕུས་ཀྲུང་གོར་འཚམས་འདྲི་གནང་བའི་གནས་ཚུལ་ཐད་མུ་མཐུད་དུ་འབྲེལ་གཏུག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

སྤྱི་ཚོགས།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས12ཉིན་བར། བྱ་དགའི་འཛིན་ཤོག་ཚོད་ལྟའི་གྲོང་ཁྱེར་གྱིས་བྱ་དགའི་དངུལ་སྒོར་དུང་ཕྱུར18.5བཏང་བ་དང་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར2.3བྱེད་སྒོའི་ནང་ཞུགས་སུ་བཅུག་ཡོད།

  • ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ2པའི་ཟླ་དཀྱིལ་དང་ཟླ་སྨད་དུ། ཞིང་ཆེན་ཁག་གིསHPVརིམས་འགོག་སྨན་ཁབ་ཉོ་སྒྲུབ་ལས་དོན་སྤེལ་བ་མ་ཟད་རིན་མེད་ངང་འགོག་ཁབ་རྒྱག་པའི་ལས་དོན་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བ་རེད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རེས་སྐོར་གསར་པའི་གཏེར་ཁ་འཚོལ་བའི་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་པ་དང་། སི་ཁྲོན་མན་ཉིང་དང་ཀན་སུའུ་ཡན་ཁྲང་དུ་སྲ་གཟུགས་གཏེར་ཁ་ཤེས་རྟོགས་བྱུང་བ་སྟེ། ཞི་ཐུའུ་དང་། སྲིན་འཁྱེར་རྡོ། བདར་རྡོ། ཐཱི་བཅས་རྙེད་པ་རེད།

  • ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་མཱ་ཧྥེང་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། མཱ་ཧྥེང་ཧྲེང་ལ་དུས་བཙོན་ལོ་བཅུ་བཞི་ཡི་ཁྲིམས་ཆད་བཅད་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རིན་གཞོན་པ་ཞུས་ཞན་ཕིང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

03.png

  • ནན་ཅིན་དམར་གསོད་ཆེན་པོའི་ནང་སྲོག་ཉེན་ལས་ཐར་བའི་ཀོན་ཧྲུན་ཧྭ་ཚེས18ཉིན་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ101ཡིན། མིག་སྔའི་བར། ཐོ་བཀོད་བྱས་པའི་ནན་ཅིན་དམར་གསོད་ཆེ་མོའི་ནང་སྲོག་ཉེན་ལས་ཐར་བའི་མི21ལས་ལྷག་མེད།

  • ཚེས18ཉིན་བར། ཞིན་ཅང་གི་ནུས་རྒྱུ་གསར་པས་རིམ་རྩིས་བྱས་ན་ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར3043.6ཟིན་པ་དང་། སྟོང་ཝ་དུང་ཕྱུར3000གྱི་འགག་སྒོ་ཆེན་པོ་ལས་བརྒལ།

  • ཧའེ་ནན་མཚོ་འགག་དོ་དམ་གྱི་དམིགས་བསལ་ཁུལ་དུ་སྒྱུར་བའི་ཚུན་དུ། ད་ལོའི་ཟླ་གཉིས་པའི་ཟླ་མཇུག་བར། ཧའེ་ནན་ཁེ་ལས་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར654.9ཟིན་པ་དང་། དུས་མཚུངས་ལས29.1%འཕར་ཡོད།

04.png

  • ཚེས18ཉིན། ཡུས་ཁུན་མྱུར་བགྲོད་ལྕགས་ལམ་གྱི་ཁུན་མིང་ནས་ཁྲུང་ཆིང་ཕྱོགས་སུ་སྐྱོད་པའི་ལྕགས་ལམ་འདིང་བའི་ཨར་ལས་དངོས་སུ་བྱེད་མགོ་ཚུགས་པ་རེད།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《རྒན་པས་ངོས་འཛིན་འགལ་རྐྱེན་ལ་སྔོན་འགོག་དང་ཐེ་གཏོགས་བྱེད་པའི་ལག་རྩལ་ཚད་གཞི》སོགས་འོས་སྦྱོར་རང་བཞིན་གྱི་འཕྲོད་བསྟེན་ལས་རིགས་ཀྱི་ཚད་གཞི་ཁག7ཁྱབ་བསྒྲགས་བྱས་པ་དང་། ཟླ9ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་རེད།

  • པེ་ཅིང་གིས་ཡིག་ཆ་བཀྲམ་ནས་གཞོན་ནུ་ཤེས་ལྡན་མི་སྣའི་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྨི་གྲུ་བཞི་ས་ཡ1གི་ལས་གཏོད་བར་མཐོངས་མཁོ་འདོན་བྱ་རྒྱུ་རེད།

  • ཀྲེ་ཅང་གིས་བྱ་ཐབས་པར་འགྲེམས་བྱས་ནས་གསར་དུ་གཏན་འཁེལ་བྱས་པའི་ཞིང་ཆེན་རིམ་པའི་འབྲིང་རིམ་ཚོད་ལྟའི་ལས་སྟེགས་ལ་དེའི་འཛུགས་སྐྲུན་ལས་འགན་ཡི་གེའི་ནང་ཁས་ལེན་བྱས་པའི་གསར་དུ་བཏང་བའི་ཚོད་ལྟའི་སྒྲིག་ཆས་ཀྱི་གཏོང་སྒོ་གཞིར་བཟུང་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་བྱེ་བ1སྟེར་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་བྱང་རྒྱུད། ཞིན་ཅང་གི་བྱང་རྒྱུད་ཀྱི་ཐེན་ཧྲན་ས་ཁུལ་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ནུབ་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་འབྲིང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཁྲུང་ཆིན་གྱི་དབུས་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཨན་ཧུའེ་ཡི་བྱང་རྒྱུད། ཅང་ནན་གྱི་ས་ཆ་མང་ཆེ་བ། ཧྭ་ལྷོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།