དེ་རིང་ནི2026ལོའི་ཟླ03པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-23 09:43:57   |   54

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ་3ཚེས་21ཉིན་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་དབུ་ཚོགས་སྐབས་བཅུ་པ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་དབང་ཁེ་ལས་ཀྱི་མགོ་ཁྲིད་མི་སྣའི་སྤྱོད་གཙང་ལས་ཞུགས་གཏན་འབེབས》པར་འགྲེམས་བྱས།

  • ནོར་སྲིད་པུས་འབྱུང་འགྱུར་ལོ་ལྔའི་ནང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་པའི་ཞབས་ཞུའི་གཏོང་སྒོས་ནོར་སྲིད་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་ལུགས་མཐུན་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་བཤད།

  • ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་ནོར་སྲིད་པུས་དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་ཀྱི་བྱེད་ཐབས་ཁག16བཏོན་ནས་མཐོ་རིམ་སློབ་ཐོན་སློབ་མ་སོགས་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་།

1.jpg

  • ཆུ་བེད་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔའི་བར་རྒྱལ་ཁབ་ཀྱི་ཆུ་དྲའི་རྒྱལ་ཁོངས་ཀྱིས་རྒྱལ་ཁོངས་ཀྱི་རྒྱ་ཁྱོན་གྱི80.3%བཟུང་བ་དང་། རང་རྒྱལ་གྱིས་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཀྱི་ཆུ་དྲ་བསྐྲུན་ཡོད་པ་རེད།

  • གསར་དུ་ཁྱབ་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱི་ས་ཆ་སའི་གོ་ལའི་རྫས་འགྱུར་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ2025》ལས་མངོན་པར། རང་རྒྱལ་གྱི་ས་ཆའི་སྤུས་ཚད་བརྟན་ཐོག་ལེགས་སུ་ཕྱིན་ནས་ས་རྒྱུ་དེ་བས་གཤིན་པོ་དང་བདེ་ཐང་དུ་འགྱུར་བཞིན་ཡོད་པ་རེད།

  • ཚེས22ཉིན། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་བརྟེན་ནས་མཁའ་འགྲུལ་ཆེད་གཏོགས་ཚབ་རྟགས་རྩེག་སྣོན་གྱི་མཁའ་ཐོག་འགག་སྒོ་ཐོག་མ་སྟེ། ཞུང་ཨན་རྒྱལ་སྤྱིའི་མཁའ་འགྲུལ་གྲུ་ཁ་དངོས་སུ་སྤྱོད་མགོ་ཚུགས་པ་རེད།

  • ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ཤིག་ལས་མངོན་པར་གཞིགས་ན། ཚེས15ཉིན་བར་ཀྲུང་གོའི་དཔེ་དབྱིབས་ཆེ་གྲསAIགཟའ་འཁོར་རེར་ལེགས་སྒྲིག་བྱེད་ཚད་དུང་ཕྱུར་ཁྲིToken4.69ཟིན་ནས་གཟའ་འཁོར་གཉིས་པ་བསྟུད་མར་ཨ་རི་ལས་བརྒལ་ཡོད་པ་རེད།

  • དབྱི་རན་ཐ་སི་ཉི་མུའུ་གསར་འགྱུར་ཁང་གིས་ཚེས21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་དམག་དཔུང་གིF-35དམག་འཐབ་གནམ་གྲུའི་ལ་དབྱི་རན་གྱི་རྒྱལ་ཐོན་མཁའ་ཟོན་མ་ལག་གིས་ཕོག་པ་རེད།

སྤྱི་ཚོགས།

  • རྒྱལ་ཁབ་དྲ་སྦྲེལ་འཕྲལ་སྡོམ་ལྟེ་གནས་སོགས་ཀྱིསOpenClawབདེ་འཇགས་བེད་སྤྱོད་ཀྱི་ལག་ལེན་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་དང་། སྤྱོད་མཁན་དཀྱུས་མས་རྒྱུན་གཏན་གྱི་གཞུང་ལས་གློག་ཀླད་ཐོགOpenClawསྒྲིག་སྦྱོར་བྱེད་མི་རུང་བ་ཁ་གསལ་བཟོས་ཡོད།

  • རང་རྒྱལ་གྱི་རྒྱུད་འདྲེས་ཆུ་འབྲས་ཀྱི་མུའུ་རེའི་ཐོན་ཚད་དེ་རྒྱུད་འདྲེས་ཆུ་འབྲས་ཀྱི་ཆུ་ཚད་ལས་བརྒལ་ནས་རྒྱུད་འདྲེས་ཆུ་འབྲས་འདེབས་འཛུགས་དཀའ་བ་དང་མ་གནས་མཐོ་བའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་སེལ་བར་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད།

  • སྐབས་དྲུག་པའི་འཛད་སྤྱོད་པའི་དངོས་མང་སྟོན་ཚོགས་ཀྱི་ཆེད་ལས་ལྟད་མོ་བའི་མིང་ཐོ་དངོས་སུ་འགོད་པ་མགོ་བརྩམ་པ་དང་། ཚོགས་པ་མིན་པའི་ཆེད་ལས་ལྟད་མོ་བར་ཁག་དང་པོའི་ཚད་བཀག་ལག་ཁྱེར3000བཏོན་པ། གྲོན་བསྡུའི་ཚད་གཞི་མི་རེར་སྒོར200ཡིན་པ་རེད།

2.jpg

  • ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། འཕྲིན་གཏོང་ལག་རྩལ་གྱི་རིགས་གཅིག་མཁས་ཅན་སུན་ཡུས་ནད་ཀྱིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས20ཉིན་པེ་ཅིང་དུ་སྐུ་གཤེགས། དགུང་ལོ89ཡིན།

  • ཉེ་དུས“དབྱིང་རྫོང་མཆོད་རྟེན་ཚང་མ་བཤིག་ནས་ཉམས་གསོ་ཆེན་པོ་བྱེད་པའི”འབྲེལ་ཡོད་བརྗོད་གཞིར་དྲ་དམངས་ཀྱིས་གླེང་མོལ་བྱས་པ་རེད། ཀྲུང་གོའི་དྲ་སྦྲེལ་གྱིས་དཀྲོག་གཏམ་སེལ་སྟེགས་དང་མཉམ་འབྲེལ་བྱས་ནས་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་བཤེར་བདར་བྱས་ནས་ཆ་འཕྲིན་དེ་དཀྲོག་གཏམ་ཡིན་པ་གཏན་འཁེལ་བྱས།

  • ཧྲན་ཞིས་བྱ་ཐབས་བཏོན་ནས་གྲོང་ཚོའི(སྡེ་ཁུལ)རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ། གསར་དུ་བསྐྲུན་པའི་སྡོད་གནས་དུད་ཚང་བརྒྱ་རེར་སྨི་གྲུ་བཞི་མ30ཡི་བླང་བྱ་ལྟར་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་དུས་གཅིག་ཏུ་བཀོད་སྒྲིག་བྱེད་དགོས་པ་བསྟན་པ་རེད།

  • ཉེ་ཆར། ཀོང་ཞི་ཆིན་ཀྲོའུ་ཡིས་ཉ་སོག་འབུད་འཐེན་ཁུལ་གྱི་བདེ་འཇགས་དོ་དམ་བྱ་ཐབས་བཏོན་ནས་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་བསྐངས་ཡོད།

3.jpg

  • ཚེས21ཉིན། ཐེན་ཧྲན་གསའ་ཞིག་ཞིན་ཅང་ཧྲན་ཧྲན་རྫོང་ཁུའུ་མུའུ་ཐ་ཀེ་བྱེ་ཐང་དུ་གནས་ཤིང་། ས་གནས་དེ་གས་བྲེལ་མྱུར་ངང་རོགས་སྐྱོབ་བྱས་པ་དང་ཆུ་ཚོད6བརྒྱུད་དེ་གསའ་བདེ་འཇགས་ཚོད་འཛིན་བྱས་པ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་ལ་ཆེད་ལས་རོགས་སྐྱོབ་བྱ་རྒྱུར་རྩིས་སྤྲད་པ་རེད།

དོ་སྣང་།

4.jpg

  • ཉེ་དུས“ཀྲང་ཝུའེ་ཕིང་སོགས་ཀྱིས་བྱིས་པ་བསླུ་ཚོང་བྱས་པའི་གྱོད་གཞིར”གྲུབ་འབྲས་ཆེན་པོ་ཐོབ་ནས་ཉེས་གསོག་དོགས་ཅན་ཞེ་ཆེ་གེ་མོ(“ཨ་ནེ་མེ”)འཛིན་བཟུང་བྱས་པ་རེད། མི་དམངས་དཔྱད་གླེང་གིས་ཡིག་ཆ་བཏང་སྟེ། “ཨ་ནེ་མེ”ཁྲིམས་ལ་སྦྱར་བ་དང་། “དཀྱོག་ལམ”གྱི་མཇུག་ལམ། དྲང་བདེན་འབྱོར་བ་དེས་གནོད་འཚེ་ཕོག་མཁན་ལ་སེམས་གསོ་ཟབ་མོ་ཐེབས་པ་མ་ཟད། སྤྱི་དམངས་ཀྱིས་ཁྲིམས་སྐྱོང་གི་སྟོབས་ཤུགས་དང་དྲོད་ཚད་ཀྱང་དངོས་སུ་རྟོགས་ཐུབ་པ་བྱུང་ཡོད། མི་འཚོང་སྔོན་འགོག་དང་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་རྒྱུ་ནི་དམངས་ཡོངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱ་དགོས་པའི་རྒྱུན་སྲིང་དམག་འཁྲུག་ཅིག་རེད། དོགས་ཟོན་གྱི་དྲ་བ་དམ་པོ་བཟོ་བ་ནས་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་བར་དང་། དེ་ནས་རྡུང་རྡེག་གི་རལ་གྲི་མཐོན་པོར་སྒྲེང་བའི་བར། གཅིག་ལ་གཅིག་སྦྲེལ་དང་མཉམ་དུ་ཤུགས་འདོན་བྱས་ན་གཞི་ནས་གྲུབ་འབྲས་ཆེན་པོ་ལེན་ཐུབ།

འཚོ་བའི་ཞབས་ཞུ།

  • གནམ་གཤིས། ཚེས22ནས་ཚེས་26ཉིན་བར་ལྷོ་ཕྱོགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཆར་པ་འབབ་ཐེངས་གསར་པ་ཞིག་བྱུང་རྒྱུ་ཡིན་པ་དང་། ཅང་ཧན་དང་། ཅང་ཧོའེ། འབྲི་ཆུའི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབབ་ཤུགས་ཆེ་ཙམ་ཡོད་པ་དང་ས་ཆ་ཁག་གཅིག་ཏུ་དྲག་ཆར་འབབ་པ་མ་ཟད། གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་ཀྱང་ཡོད། བྱང་ཕྱོགས་ཀྱི་དྲོད་ཚད་སྤྱིའི་ཆ་ནས་འཕར་ཆག་ཁྲོད་བསྐྱར་འཕར་ཡོང་རྒྱུ་དང་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་མཐོ་བ་ཡོང་རྒྱུ་རེད།

  • པེ་ཅིང་། 2026ལོར་པེ་ཅིང་གྲོང་ཁྱེར་གྱི་མཐོ་རིམ་ལས་རིགས་སློབ་གསོའི་རང་བརྟེན་སློབ་བསྡུའི་མིང་ཐོ་འགོད་པའི་ལས་དོན་ཚེས22ཉིན་སྤེལ་མགོ་ཚུགས་པ་དང་ཚེས26ཉིན་མཇུག་སྒྲིལ་རྒྱུ་རེད།

  • གནམ་གཟུགས། དོ་དགོང་ཟླ་བ་དང་མའོ་སྐར་ཚོགས(昴星团)གཉིས་ཀྱི་བར་ཐག་ཉེ་བར་སླེབས་རྒྱུ་ཡིན་པ་དང་། ལྟ་ཞིབ་ཚད་ལེན་ཆེས་ལེགས་པའི་དུས་ཚོད་ནི་ཆུ་ཚོད19ནས21བར་ཡིན།


མཉམ་སྤྱོད།