དེ་རིང་ནི2026ལོའི་ཟླ03པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-24 09:18:09   |   41

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུང་ལུན་ལ་གློག་འཕྲིན་བཏང་ནས་ཁོང་ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ད་ལོ་ཞིང་ལས་གྲོང་གསེབ་པུ་སོགས་སྡེ་ཚན7གྱིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ལག་ཤེས་པ་གྲགས་ཅན100གསོ་སྐྱོང་བྱ་རྒྱུའི་འཆར་གཞི་དང་ཆབས་ཅིག་ས་གནས་ཀྱིས་གྲོང་གསེབ་ལག་ཤེས་པ་ཁྲི་གསོ་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རང་རྒྱལ་གྱི་ཁེ་བེད་བདག་ཐོབ་དང་འབྲེལ་བ་ཡོད་པའི་ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི1.18ཟིན་ཡོད་པ་རེད།

  • ཀྲུང་གོའི་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་གློག་འཕྲུལ་དང་དེའི་མ་ལག་གི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི1ལས་བརྒལ་བ་དེས་འཛམ་གླིང་ཡོངས་ཀྱི30%ཟིན་ཡོད་པ་དང་། ཐོན་རྫས་ཧྲིལ་པོ་དང་སྦྲེལ་ཐག་ཧྲིལ་པོར་ཁྱབ་པའི་ཐོན་སྐྱེད་བཟོ་སྐྲུན་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད།

  • ཉེ་ཆར། ཨན་ཆིང་དམག་གྲུ་དང་ཏུང་ཀོན་དམག་གྲུ་སོགས་དམག་གྲུ་མང་པོ་མཚོ་ཁོངས་ཤིག་ཏུ་བསྐྱོད་དེ་མདེའུ་དངོས་འཕེན་པའི་སྦྱོང་བརྡར་བྱས་པ་རེད།

2.png

  • ཚེས23ཉིན། ཧྥུའུ་ཅན་མཚོ་ཐོག་ཉེན་རྟོག་གིས་ཅིན་མོན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་རྣམ་གྱི་ཁྲིམས་འཛིན་སྐོར་ཞིབ་བྱས་པ་རེད།

  • དབྱི་རན་གྱི་དྲག་ཆས་དཔུང་སྡེས་གསལ་བསྒྲགས་སྤེལ་ནས་གལ་ཏེ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དབྱི་རན་གྱི་གློག་འདོན་ས་ཚིགས་ལ་འཇབ་རྒོལ་བྱེད་པའི་འཇིགས་སྐུལ་ལག་ལེན་བསྟར་ཚེ་དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་ཕྱོགས་ཡོངས་ནས་སྒོ་རྒྱག་པ་སོགས“ཆད་གཅོད་རང་བཞིན་གྱི”བྱེད་ཐབས4འཕྲལ་མར་སྤྱོད་རྒྱུ་རེད།

  • ཚེས23ཉིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་དྲོད་ཁང་རླངས་གཟུགས་ཕྱིར་འབུད་བྱས་པའི་དབང་གིས་རླུང་ཁམས་ཆེན་མོ་དང་རྒྱ་མཚོ་རྒྱུན་མཐུད་དྲོ་རུ་ཕྱིན་པ་དང་། དེ་བཞིན་འཁྱགས་རིམ་བཞུར་ནས་སའི་གོ་ལའི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་ཡོད་པའི་ཚུན་གྱི་ཆེས་དོ་སྙོམས་མེད་པའི་གནས་ཚུལ་ཚབས་ཆེ་ཤོས་སུ་གནས་ཡོད།

སྤྱི་ཚོགས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་རིན་གོང་ལམ་སྲོལ་ལ་གཞིགས་ནས་རྩིས་བརྒྱབ་ན། ཚེས23ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང(ཚད་ལྡན་ཐོན་རྫས)ཏུན་རེར་སྒོར2205དང་སྒོར2120སོ་སོར་སྤར་དགོས་པ་དང་། སྙོམས་སྒྲིག་བྱས་རྗེས་དོན་དངོས་ཐོག་སྒོར1160དང་སྒོར1115སྤར་ཡོད།

  • ཚེས23ཉིན་གྱི་སྔ་དྲོར། རྒྱལ་ནང་གི་གསེར་གྱི་རིན་གོང་མགྱོགས་མྱུར་ངང་སྒོར1000ལས་མར་ཆག་ཡོད། ཧྲང་ཧའེ་གསེར་ཉོ་ཚོང་སུའོ་ཡི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཧྲང་ཧའེ་གསེར་གྱི་ཞོགས་པའི་རིན་གོང་ཁེ་རེར་སྒོར982.63ཡིན་པ་དང་ཧྲང་ཧའེ་དངུལ་གྱི་ཞོགས་པའི་རིན་གོང་སྟོང་ཁེ་རེར་སྒོར16718ཡིན་པ་རེད།

  • ཤིན་ཅང་ཐ་ལི་མུའུ་གཙང་པོའི་སྨད་རྒྱུད་ཀྱི་སྐྱེ་ཁམས་ལ་ཆུ་འདྲེན་ཐེངས27པ་ཉིན་ཤས་གོང་སྤེལ་མགོ་ཚུགས་ཤིང་། ཆུ་འདྲེན་པ་དཔྱིད་ཀ་དང་དབྱར་ཁ་དུས་དུས་མཚམས་གཉིས་སུ་ལག་བསྟར་བྱས་པ་དང་། དཔྱིད་དུས་ཉིན15ལ་རྒྱུན་མཐུད་ངང་སྨི་རྒྱ་དཔངས་གྲུ་བཞི་ཁྲི2000ཆུ་དྲངས་ནས་འགྲམ་ངོགས་ཀྱི་སྔོ་ཁེབས་གསོ་སྐྱོང་བྱས་ཏེ་སྨད་རྒྱུད་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཧྲན་ཞིའི་ཞིང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཧྲེང་ཀྲང་ཅིན་ཤང་ཅུན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ་རེད།

  • ཚེས23ཉིན། ཀུའེ་ཀྲོའུ་ཧོ་ཀྲང་ལ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། སློབ་མ2རྐྱེན་ལམ་དུ་ཤོར་བ་དང་སློབ་མ14ལ་རྨས་སྐྱོན་ཕོག་པ་རེད། བརྟག་དཔྱད་བྱས་པ་ལྟར་ན། ཁ་ལོ་བ་ཀྲང་ཆེ་གེ་མོས་འགྲུལ་སྐྱེལ་རླངས་འཁོར་བསྐོར་ནས་ཁྲིམས་འགལ་གྱིས་མི་གྲངས་ལས་བརྒལ་ཡོད་པས་ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ཡོད།

  • ཉེ་དུས་པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས“བར་སྨྱན་ནག་པོའི”ཉེས་གསོག་ཚོགས་པ་མང་པོ་མེད་པ་བཟོས་པ་དང་འབྲེལ་གྱོད་འབྲེལ་མཚམས་སྦྱོར་སྒྲིག་གཞིར་སྲིད་འཛིན་ཆད་པ་བཅད་དེ་འབྲེལ་ཡོད་དྲ་སྦྲེལ་ལས་སྟེགས་ཀྱིས་སྡོད་ཁང་བོགས་གཏོང་དང་འབྲེལ་བའི་སྒྲིག་འགལ་ཆ་འཕྲིན་ཁྲི1.7ལྷག་ཙམ་གཙང་སེལ་བྱ་རྒྱུའི་སྐུལ་མ་བཏང་བ་རེད།

  • ཚེས23ཉིན། པེ་ཅིང་གྲོང་ཁྱེར་གྱི་སྡེ་ཚན་གསུམ་གྱིས་ཞེ་ཁྲེང་དང་ཐའོ་པའོ་མྱུར་ཉོ་སོགས་ལས་སྟེགས12སྐོང་འདྲི་བྱས་ནས་དུས་བཀག་ནང“ནང་སྒྲིལ་རྣམ་པའི”འགྲན་རྩོད་གནད་དོན་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

3.png

  • 2026ལོའི་མི་གཟུགས་འཕྲུལ་མི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་ཟླ4པའི་ཚེས19ཉིན་མགོ་ཚུགས་པ་དང་འཕྲུལ་མི300ལྷག་ཙམ་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

  • སི་ཁྲོན་གྱིས་ཞི་ཐུའུ་དབྱང་འགྱུར་རྫས་ཏུན་ཁྲི966ཤེས་རྟོགས་བྱུང་བ་དང་གསོག་ཚད300%ལས་བརྒལ་ཡོད། དེ་ནི་གོ་ལ་ཧྲིལ་པོའི་ཞི་ཐུའུ་གཏེར་རིའི་ཐོན་ཁུངས་གསོག་ཚད་འཛམ་གླིང་གི་ཨང་གཉིས་པ་ཡིན་པ་རེད།

དོ་སྣང་།

4.jpg

  • ཉེ་ཆར། སྨྱན་སྦྱོར་སྤྱི་གཉེར་ཞིག་གིས་པོད་འཕྲིན་དུAIའཁྲབ་སྟོན་པ་གཉིས་ཁྱབ་བསྒྲགས་བྱས་པ་དང་འབྲེལAIའཁྲབ་ཚན་དུ་འཁྲབ་སྟོན་བྱས་པས་དྲ་གྲོགས་མང་པོས་བཀག་འགོག་བྱས་པ་རེད། མི་དམངས་དཔྱད་གླེང་གིས་གཏམ་སྤེལ་བ་སྟེ། མིག་སྔརAIཉེར་སྤྱོད་མེ་ཏོག་མཉམ་བཞད་དང་མི་ཚང་མས་བརྩོན་ལེན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཚོང་རའི་དགོས་མཁོར་མ་དམིགས་ན་ཕན་མེད་མཁོ་སྤྲོད་བྱེད་པ་ཙམ་ཡིན་པས། ཐོན་སྐྱེད་དང་བཟོ་སྐྲུན་ཇི་ཙམ་མང་ནའང“ལྷག་ཐལ་ཆེ་བ”གཞན་ཞིག་ཏུ་འགྱུར་སྲིད། མིའི་དགའ་ཕྱོགས་ཀྱིས་ཚོང་རའི་འགྲོ་ཕྱོགས་ཐག་གཅོད་བྱས། རིག་གནས་རོལ་རྩེད་ཐོན་ལས་སམ་ཡང་ན་དངོས་གཞིའི་ཐོན་ལས་གང་ཡིན་རུངAIབེད་སྤྱོད་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་མིའི་དགོས་མཁོར་དམིགས་ཚེ་གཞི་ནས་ཡུན་རིང་འཕེལ་རྒྱས་འགྲོ་ཐུབ།

འཚོ་བའི་ཞབས་ཞུ།

6.jpg

  • གནམ་གཤིས། ལྷོ་ཕྱོགས་སུ་གཞི་ཁྱོན་ཆེ་བའི་ཆར་པ་འབབ་པའི་གནམ་གཤིས་རྒྱུན་མཐུད་ཡོད། དེ་རིང་ཀུའེ་ཀྲོའུ་དང་། ཅང་ཞི། ཧྥུའུ་ཅན་སོགས་ས་ཆ་ཁ་ཤས་སུ་དྲག་ཆར་དང་བསྟུད་མར་ཆར་པ་འབབ་རྒྱུ་ཡིན་པས་འགྲིམ་འགྲུལ་དང་ཞིང་ལས་སོགས་ལ་ཤུགས་རྐྱེན་ཐེབས་རྒྱུར་དོགས་ཟོན་བྱེད་དགོས། བྱང་ཕྱོགས་ཀྱི་ས་ཆ་མང་པོར་ཚེས25ཉིན་གྱི་སྔ་རྗེས་སུ་ད་ལོའི་དྲོད་ཚད་མཐོ་ཤོས་སླེབས་རྒྱུ་ཡིན་པས་ནམ་ཟླ་དྲོ་རུ་འགྲོ་རྒྱུ་རེད།

  • པེ་ཅིང་། ཟླ3པའི་ཚེས28དང་ཚེས29ཉིན། ཟླ4པའི་ཚེས4དང་ཚེས5ཉིན། ཚེས6ཉིན་བཅས་ནི་དུར་འཕྱག་ཞབས་ཞུའི་མཐོ་རླབས་ཉིན་མོ་ཡིན་པ་དང་། ཧྲི་ཅིན་ཧྲན་པ་པའོ་རི་བོའི་ས་ཁུལ་དང་། ཧྥུའུ་ཐེན་སྤྱི་པའི་བང་སོ། ཧའེ་ཏེན་ཅིན་ཧྲན་བང་སོ་སོགས་དུར་ས་དང་བང་སོའི་མཐའ་འཁོར་དུ་རླངས་འཁོར་གཅིག་འདུས་དང་རླངས་འཁོར་དུས་ཐུང་བང་སྒྲིག་པའི་གནས་ཚུལ་ཐོན་རྒྱུ་རེད།

  • ཧྲན་ཞི། ཚེས25ཉིན་གྱི་ཆུ་ཚོད18ནས་ཚེས31ཉིན་གྱི་ཆུ་ཚོད24བར་རིམ་སྤོར་སྒྱུར་བཀོད་བྱས་པའི་དབང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིའི་འགན་བཅོལ་དྲ་ཐོག་ལས་སྟེགས་ཁག་གསུམ་དང་། དྲ་ཕྱིའི་མ་ལག དམངས་འཚོའི་ཧྲན་ཞིAPPབཅས་ཀྱིས་ཞབས་ཞུ་གནས་སྐབས་མཚམས་འཇོག་བྱ་རྒྱུ་དང་། ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད8པ་ནས་བཟུང་འཁོར་སྐྱོད་སླར་གསོ་བྱ་རྒྱུ་རེད།


མཉམ་སྤྱོད།