དེ་རིང་ནི2026ལོའི་ཟླ03པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-25 09:39:44   |   51

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་པུ་ཨུ20ཡིས《གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》མཉམ་དུ་པར་འགྲེམས་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཡོང་བར་འགན་ལེན་བྱས་པ་བསྟན།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་ཡིག་ཆ་པར་འགྲེམས་བྱས་ཏེ། ཁྱིམ་ཚང་གཏུམ་སྤྱོད་བཟའ་འཐོར་སོགས་ཀྱི་གནས་ཚུལ་ལ་དམངས་དོན་རྒྱབ་སྐྱོར་ཞུ་གཏུག་བྱ་རྒྱུའི་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཟོས་ཡོད།

  • ཞིང་ལས་གྲོང་གསེབ་པུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར2026ལོའི་དཔྱིད་རྨོད་གྲབས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་མཉམ་འབྲེལ་ཐོག་བཀོད་སྒྲིག་བྱས་ནས་ཆེད་དོན་གྲལ་བཤེར་ཞིབ་བཤེར་མགྱོགས་མྱུར་བྱས་ཏེ། དཔྱིད་རྨོད་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་རྫས་ཀྱི་སྤུས་ཚད་ཚད་ལོན་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས་སྣེ་ཁྲིད་དེ《ཡུལ་གྲོང་འཕྲོད་བསྟེན་ཁང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་དོ་དམ་གྱི་གཞི་རྩའི་ཚད་གཞི》པར་འགྲེམས་བྱས་ནས་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྫས་ཁང་འཛུགས་སྐྲུན་སོགས་ཐད་བླང་བྱ་གསར་པ་བཏོན་ཡོད།

  • ད་ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་དམངས་སྲིད་པུ་དང་ནོར་སྲིད་པུས་རྒྱལ་ཡོངས་སུ་ནུས་པ་ཤོར་བའི་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་ལག་ལེན་བསྟར་མགོ་ཚུགས་ཤིང་། མིག་སྔར་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་20.9བཏང་ཡོད།

1.png

  • པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་དེ་ཚེས24ཉིན་ནས་འཚོགས་མགོ་བརྩམས།

  • རྒྱལ་ཁབ་གྲངས་གཞི་ཅུས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་གསུམ་པར་རང་རྒྱལ་གྱི་ཉིན་རེའི་ཆ་སྙོམས་ཐ་སྙད(Token)སྤྱོད་ཚད་དུང་ཕྱུར་ཁྲི140ལས་བརྒལ་བ་དང་ཀྲུང་གོའི་མི་ཐབས་རིག་ནུས་འཕེལ་རྒྱས་མགྱོགས་མྱུར་འཕར་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།

  • ཚེས24ཉིན་གྱི་སྔ་དྲོར། འཇར་པན་རང་སྲུང་རུ་ཁག་གི་དངོས་ཞབས་དཔོན་རིགས་ཡིན་ཞེས་བཤད་པའི་ཁྲིམས་འགལ་བ་ཞིག་གྱང་ལ་བརྒལ་ནས་ཀྲུང་གོའི་བཅའ་སྡོད་འཇར་པན་གཞུང་ཚབ་ཆེ་མོ་ཁང་དུ་བཙན་ཤེད་ཀྱིས་འཛུལ་ནས“ལྷའི་མིང་ཐོག་ནས”ཀྲུང་གོའི་ཕྱི་འབྲེལ་མི་སྣ་གསོད་རྒྱུའི་འཇིགས་སྐུལ་བྱས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་རྒོལ་གཏམ་དྲག་པོ་བཏང་།

  • ས་གནས་དེ་གའི་དུས་ཚོད་ཚེས24ཉིན། དབྱི་རན་རྒྱལ་ཁབ་ཛ་དྲག་ལས་དོན་དོ་དམ་རྩ་འཛུགས་ཀྱི་འགན་འཁུར་བས་རེས་སྐོར་འདིའི་གདོང་ཐུག་བྱུང་ཚུན་ཨ་རི་དང་དབྱི་སི་རལ་གྱིས་འཇབ་རྒོལ་བྱས་པ་དེས་དབྱི་རན་གྱི་ལོ18མན་གྱི་ན་སོ་དར་ལ་མ་བབས་པའི་མི208རྐྱེན་ལམ་དུ་ཤོར་བ་བཤད།

སྤྱི་ཚོགས།

  • 2025ལོར་རང་རྒྱལ་གྱི་བྱུག་རྫས་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དང་རྒྱལ་ཁབ་ཀྱི་ཚོང་ཟོག་གིས་བརྒྱ་ཆའི་དྲུག་བཅུ་ཙམ་བཟུང་ཡོད།

  • ཚེས24ཉིན། ཞི་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧུའུ་པེ་དུམ་བུར་མཉམ་འབྲེལ་ལེགས་སྒྲིག་ཚོད་ལྟ་བྱེད་མགོ་ཚུགས་པ་རེད། ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་ས་ཁུལ་གཉིས་དབར་གྱི་ལྕགས་ལམ་གནས་སྐོར་དུས་ཚོད་མིག་སྔའི་མགྱོགས་ཤོས་ལ་ཆུ་ཚོད5དང་སྐར་མ32ནས་ཆུ་ཚོད1ཙམ་བར་ཐུང་དུ་འགྲོ་རྒྱུ་རེད།

  • ཚེས24ཉིན།“ཀན་སུའུ་ཡི་གློག་ཀྲེ་ཅང་དུ་བསྐྱོད་པའི”ལས་གྲྭའི་དུམ་བུ་དང་པོ་ཀན་སུའུ་ཐེན་ཧྲུའེ་ཆིན་ཨན་རྫོང་དུ་ཤར་གཏོང་ཐུབ་པ་རེད།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་ཏང་ཨུའི་ཨུ་ཡོན་དང་། ཅུ་ཀྲང་གཞོན་པ་ཀྲོའུ་ལེའང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུའི་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་སུང་ཁྲའོ་ཧྭ་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • ཚེས24ཉིན། ཧྲན་ཏུང་ཐའེ་ཨན་གྱི་ཁང་པའི་ནང་འཛུལ་ནས་ཕྲུ་གུ་འཕྲོག་པའི་གྱོད་གཞིར་འདྲི་གཅོད་གཉིས་པའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཁྲིམས་ལྟར་གོང་གཏུག་ཕྱིར་སློག་བྱས་ནས་ཐོག་མའི་དཔྱད་མཚམས་རྒྱུན་འཁྱོངས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

2.png

  • ཉེ་ཆར། གནས་སྐོར་བས་པ་ཏ་ལིང་ལྕགས་རི་རིང་པོའི་སོ་ཕག་ཐོག་མིང་བརྐོས་པ་སོགས་ཀྱི་ཡི་གེ་བྲིས་ནས་པེ་ཅིང་ཡན་ཆིང་ཉེན་རྟོག་ཕྱོགས་ཀྱིས་ཡི་གེ་བརྐོ་མཁན་ལ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་དང་འབྲེལ་དངུལ་ཆད་བཅད་པའི་ཆད་པ་བཅད་པ་རེད།

  • ཐོལ་བྱུང་གི་གཏུམ་སྤྱོད་དོན་རྐྱེན་ལ་ཁ་གཏད་དེ་ཁྲིམས་འགལ་བྱེད་སྤྱོད་བཀག་འགོག་ཚད་ལྡན་དང་ཡུལ་དངོས་ཀྱི་སྒྲིག་ལམ་ཚོད་འཛིན་ནུས་ལྡན་བྱེད་མཁན་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་གྱི་སློབ་མ་ཀེང་ཧྥེ་ཐུང་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་གཟེངས་རྟགས་ཐོབ།

3.jpg

  • ཉེ་ཆར། ཀོང་ཞི་ཡིས་ཉ་ཁུང་ཉ་རིགས་གསར་པ་ཞིག་ཤེས་རྟོགས་བྱུང་བ་སྟེ། ནུང་ཀང་གཟུགས་འགྱུར་འདམ་ཉ་རེད།

4.jpg

  • ཉེ་ཆར། སི་ཁྲོན་པ་ཀྲུང་གི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཏེང་ཡིའུ་ཧྭ་ལ་སྐྱེལ་འདྲེན་བྱེད་པའི་ལམ་བར་དུ་ནད་གཞི་ལྕི་པོ་ཕོག་པའི་བྱིས་པ་ཞིག་འཕྲད་པ་རེད། ཁོང་གིས་འཕྲལ་དུ་འགྲིམ་འགྲུལ་ཉེན་རྟོག་པར་རོགས་རམ་བྱས་ཏེ་གླ་གཏོང་རླངས་འཁོར་ལྡོག་སྐྱོད་བྱས་ནས་བྱིས་པ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་ཀྱི་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས།

དོ་སྣང་།

5.png

  • ཉེ་ཆར། 《གངས་རི་ནས་ཝ་མོ་སྐྱོབ་པ》ཞེས་པའིAIབརྙན་ཐུང་དར་ཁྱབ་དུ་སོང་། དྲ་གྲོགས་ཚོས་གསར་རྩོམ་སྣ་ཚོགས་བྱས་པ་རེད། མི་དམངས་ཉིན་རེའི་ཚགས་པར་གྱིས་དཔྱད་གཏམ་སྤེལ་ནས“གངས་རི་ནས་ཝ་མོ་སྐྱོབ་པ”ཞེས་པའི་སྣང་ཚུལ་དེ་རིགས“རྩེད་འཇོ་ཆུང་ཆུང”ཡིན་ནའང་མཐོང་ཆུང་བྱེད་མི་རུང་། དེ་ཚོ་ནི་མཉམ་འབྲེལ་དྲ་བའི་སྟེང་གི་གནས་སྐབས་ཀྱི་འཁྲུག་ཆ་མ་རེད། སྤྱི་ཚོགས་ཤིག་གི་ཕྱོགས་གང་སར་མི་འགའ་ཞིག་གིས་“ད་དུང་ཇི་ལྟར་རྩེད་ཐུབ”“ད་དུང་ཇི་ལྟར་བསྒྱུར་ཐུབ”“ད་དུང་ཇི་ལྟར་བསྒྱུར་ན་ལེགས”ཞེས་པའི་བསམ་བློ་གཏོང་བཞིན་ཡོད་པ་དེ་རྒྱུན་གཏན་དུ་འགྱུར་བཞིན་ཡོད་པ་དང་། གསར་གཏོད་བྱ་རྒྱུ་དེ་གོམས་གཤིས་སུ་འགྱུར་བཞིན་ཡོད་པ་མཚོན་གྱི་ཡོད། 

འཚོ་བའི་ཞབས་ཞུ།

6.png

  • གནམ་གཤིས། ཚེས24ནས་ཚེས26ཉིན་བར་ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་ཆར་པ་འབབ་པའི་གནམ་གཤིས་རྒྱུན་མཐུད་ངང་གནས་པ་དང་། ཧུའུ་ནན་དང་། ཅང་ཤིས། ཧྥུའུ་ཅན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོའམ་དྲག་ཆར་འབབ་རྒྱུ་རེད། ཆར་པ་བབས་པའི་རྐྱེན་གྱིས་ལྷོ་ནུབ་ནས་འབྲི་ཆུའི་ལྷོ་རྒྱུད་སོགས་སུ་དྲོད་ཚད་འཕར་ཤུགས་ཞན་པ་དང་། བྱང་ཕྱོགས་ཀྱི་ས་ཆ་མང་པོའི་དྲོད་ཚད་མཐོ་རུ་འགྲོ་རྒྱུ་རེད། 

  • ལེའོ་ཉིང་། “བྱང་ཤར་རྐང་རྩེད་མཉམ་འགྲན”སྐབས་དང་པོའི2026ལོའི་བྱང་ཤར་ས་ཁུལ་གྱི་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་དེ་ཟླ5པའི་ཚེས23ཉིན་ཧྲེན་དབྱང་དང་། ཁྲང་ཁྲུན། ཧར་པིན། ཧུའུ་ཧོ་ཧའོ་ཐེ་བཅས་སུ་དུས་མཉམ་དུ་སྤོ་ལོ་རྒྱག་རྒྱུ་ཡིན་པ་རེད།“བྱང་ཤར་རྐང་རྩེད་མཉམ་འགྲན”སྤོ་ལོའི་སྤ་སེ་ལ་བརྟེན་ནས་ལམ་རྒྱུད་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།

  • ཨན་ཧུའེ། གྲོང་ཁྱེར16གིས་སྔ་རྗེས་སུ་དཔྱིད་ཀྱི་གུང་གསེང་དུས་ཚོད་གཏན་འཁེལ་བྱས་ཤིང་། དཔྱིད་ཀྱི་གུང་གསེང་དང་པོ་དེ་ཟླ4པའི་ཚེས1ནས་ཚེས3ཉིན་བར་བཀོད་སྒྲིག་བྱས་ནས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་དང་ཉིན་དྲུག་བསྟུད་མར་ངལ་གསོ་རྒྱག་རྒྱུ་རེད། ལག་བསྟར་བྱ་ཡུལ་ནི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལོ་རིམ་དང་པོ་ནས་བརྒྱད་པའི་བར་གྱི་སློབ་མ་ཡིན་པ་རེད།


མཉམ་སྤྱོད།