དེ་རིང་ནི2026ལོའི་ཟླ03པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-26 09:21:54   |   60

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད།

  • སློབ་གསོ་པུ་སོགས་སྡེ་ཚན་བཞིས་སློབ་གྲྭའི་བདེ་འཇགས་ལས་དོན་བཀོད་སྒྲིག་བྱས་ཏེ། སློབ་གྲྭའི་རླངས་འཁོར་དང་བསུ་སྐྱེལ་རླངས་འཁོར་དོ་དམ་ཚད་ལྡན་དུ་གཏོང་བ་དང་། སློབ་གྲྭའི་བརྙས་བཅོས་འགོག་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་བཏོན་ཡོད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་གཏན་འབེབས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ནས་དུས་ཚིགས་བཞིའི་སྲན་མ་དང་། མེ་ཏོག་སེར་པོའི་སྔོ་ཚལ། རི་སྐྱེས་ཤ་མོའི་རིགས། མྱུ་གུ་འབུས་པའི་ཞོག་ཁོག་སོགས་ཉེན་ཁ་ཆེ་བའི་བཟའ་བཅའ་ལས་སྣོན་དང་བཟོ་འཚོང་བྱ་རྒྱུ་གཏན་འགོག་བྱེད་རྩིས་ཡོད་པ་རེད།

  • 2026ལོའི་ཟླ2པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་9.5ཟིན་པ་དང་། དེ་དུས་མཚུངས་ལས15.9%འཕར་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ད་ལོའི་ཟླ་གཉིས་པར་རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན16299ཞིབ་བཤེར་ཐག་གཅོད་བྱས་པ་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ནས་ཟླ4པའི་ཚེས1ཉིན་ནས་བཟུང་ཅི་ཁུང་ཁེན་ཡ་རེ་དང་ཚ་བ་རྒྱས་པའི་ཁྲག་ལེབ་ཆུང་བ་ཉུང་དུ་གཏོང་བའི་ཕྱོགས་བསྡུས་ནད་རྟགས་དེ་འགོས་ནད་ཁ་པའི་དོ་དམ་ནང་བཅུག་པ་རེད།

  • དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས“སྦྱོང་བརྡར”གྱི་འཆར་འགོད་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་མ་ཡིན་ཡིན་མདོག་བྱས་པ་ཚང་མ་ནི་རང་ཚོད་མི་ཟིན་པའི་རྫུན་ཆས་ཤ་སྟག་རེད་ཅེས་ལན་བཏབ།

  • ངེད་ཕྱི་འབྲེལ་པུས་འཇར་པན་ཕྱོགས་ལ་འཇར་པན་རང་སྲུང་རུ་ཁག་གི་དཔོན་རིགས་ཀྱིས་འཇར་པན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་བཙན་ཤེད་ངང་བསྐྱོད་པའི་དོན་རྐྱེན་འཕྲལ་མར་ཞིབ་བཤེར་མཐར་ཕྱིན་བྱས་ནས་ཁྲིམས་འགལ་པར་ཆད་པ་ནན་པོ་བཅད་དེ་ཀྲུང་གོ་ཕྱོགས་ལ་འགན་འཁུར་བའི་གསལ་བཤད་ཅིག་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  • ཨ་རིས་མི་ཐབས་རིག་ནུས་ཞིབ་འཇུག་ལྟེ་གནས(OpenAI)སྒོ་འབྱེད་ནས་འཐབ་ཇུས་ཕྱོགས་སྒྱུར་གལ་ཆེན་ཁྱབ་བསྒྲགས་བྱས་པ་དང་། བརྙན་ལམ་གྲུབ་པའི་ཉེར་སྤྱོདSoraདོར་ནས་འཕྲུལ་མི་སོགས་ལྟེ་བའི་ཐོན་རྫས་ལ་སྔར་བས་དམིགས་རྒྱུ་བསྟན།

སྤྱི་ཚོགས།

  • 2025ལོའི་ལོ་འཁོར་གྱི“ཀྲུང་གོའི་ཚན་རིག་གི་འཕེལ་རིམ་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་པའི་ནང་ཚོད་འཛིན་ཐུབ་པའི་ཉིང་རྡུལ་འདུས་འགྱུར་ཚན་རིག་སྒྲིག་ཆས་ཆེ་མོ“ཏུའུ་དུང་ཕྱུར”འཁོར་སྐྱོད་ཐུབ་པ་སོགས་ཚུད་ཡོད།

  • ཀོང་ཀྲོའུ་གནམ་ཐང་གསར་པ་ཚེས25ཉིན་ལས་མགོ་ཚུགས་ཤིང་། རྣམ་གྲངས་དེ་ཧྥོ་ཧྲན་དང་། ཀྲའོ་ཆིང་། ཅང་མོན། ཡུན་ཕུའུ་བཅས་གྲོང་ཁྱེར་བཞིའི་ས་ཁམས་ལྟེ་གནས་སུ་གནས་པ་དང་མི་འབོར་ཁྲི2000ལྷག་ཙམ་ལ་ཐད་ཀར་ཞབས་འདེགས་ཞུས་པ་རེད།

1.jpg

  • ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་དང་རང་རྒྱལ་གྱི་ཕུལ་དུ་བྱུང་བའི་གློག་རྡུལ་ཕྲ་རབ་ཚན་རིག་མཁས་ཅན་བློ་མཐུན་ཝུའུ་ཏེ་ཤིན་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཟླ3པའི་ཚེས23ཉིན་པེ་ཅིང་དུ་སྐུ་གཤེགས། དགུང་ལོ90ཡིན།

  • WTTའཛམ་གླིང་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཐེངས་གསར་པའི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས། རང་རྒྱལ་གྱི་ཕིང་ཕང་སྤོ་ལོའི་བདམས་ཐོན་པ་སུན་དབྱིང་ཧྲ་གཟའ་འཁོར200རིང་ལ་རིམ་རྩིས་བྱས་ན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • པེ་ཅིང་སློབ་ཆེན་གྱི་དེ་སྔའི་ཏང་ཨུའི་རྒྱུན་ཨུ་དང་སློབ་གཙོ་གཞོན་པ་རེན་ཡུས་ཀྲུང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་དོན་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་སྒྲིལ་བ་དང་། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱེད་པར་བསྐྱལ་བ་རེད།

  • ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཐན་རུའེ་སུང་གིས་ལྐོག་ཟ་དང་། ལྐོག་རྔན་ལེན་པ། ནང་ཁུལ་ཉོ་ཚོང་། ནང་ཁུལ་གྱི་ཆ་འཕྲིན་ཕྱིར་གྱར་བཅས་ཀྱི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། ཐན་རུའེ་སུང་ལ་སྲོག་ཁྲིམས་ནར་འགྱངས་ཀྱི་ཁྲིམས་ཐག་བཅད་པ་རེད།

  • རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་གྱིས་པུ་རུ་སེར་ནས་པེ་ཅིང་དང་ཁྲེང་ཏུའུ་བར་གྱི་ཐད་གཏོང་མཁའ་ལམ་ཤར་གཏོང་བྱས་པ་རེད།

  • རང་རྒྱལ་གྱིས་སྣུམ་གྲུ་ཆེ་གྲས་རབས་གསར་པར་ཞིབ་འཇུག་བྱས། ཏུན་ཁྲི30.7ལྷག་ཙམ་ཡོད་པའི་སྣུམ་གྲུ་ཆེ་གྲས“ཅུན་ཝང”ཞེས་པའི་གྲུ་གཟིངས་ཚེས25ཉིན་བདེ་བླག་ངང་རྩིས་སྤྲོད་བྱས་པ་རེད།

2.jpg

  • ཚེས25ཉིན། ཧྲང་ཧའེ་རི་སྐྱེས་སྲོག་ཆགས་གླིང་གི་དོམ་ཁྲ་མཚེ་མ“ཆན་རན”དང“ཆན་དབྱི”ཐེངས་དང་པོ་ཕྱི་རོལ་དུ་འགྲེམས་སྟོན་བྱས་པ་རེད།

  • ཡུན་ནན་ཏ་ལི་ཡིས་ཀྲུའུ་ལུའོ་དུས་རབས་ལས་སྔ་བའི་རྩངས་པ་རིགས་ཀྱི་ཁུང་འབྲུག་གི་རིགས་གསར་བ་སྟེ། ཧྥུན་མིང་ཞང་ཡུན་ཁུང་འབྲུག་ཤེས་རྟོགས་བྱུང་།

དོ་སྣང་།

3.jpg

  • ཉེ་ཆར། དེ་སྔ་དུས་གཏན་གནམ་གྲུར་བསྡད་ནས་ཧྲང་ཧའེ་རུ་བསྐྱོད་པའི་འགྲུལ་པ་ཞིག་གིས་གནམ་གྲུའི་སྤ་སེ་ཉོས་པ་དང་། བདེ་འཇགས་ཞིབ་བཤེར་བཅས་བྱས་ཀྱང་གནམ་གྲུར་འཛེག་པའི་འགག་སྒོ་ནས་དུས་གཏན་གནམ་གྲུའི་སྤ་སེ་ཚད་བརྒལ་འཚོང་པའི་བརྡ་བཏང་མཐར་དུས་ཐོག་ཏུ་གནམ་གྲུར་འདུག་མ་ཐུབ་རྩོད་གླེང་ཡང་ཡང་བྱུང་བའི་མཁའ་འགྲུལ་ཚད་བརྒལ་ཕྱིར་འཚོང་བྱེད་པར་འགལ་བ་སེལ་ཐབས་མེད་དམ། མི་དམངས་དཔྱད་གླེང་གིས་ཡིག་ཆ་བཀྲམ་དོན། ལས་རིགས་ཀྱི་གོམས་སྲོལ་ནི“འགན་འཁྲི་མེད་པར་བཟོ་བའི”ཁ་གཡར་ས་ཞིག་མིན་པར་མཁའ་འགྲུལ་སིའི་ཞབས་ཞུའི་ཆུ་ཚད་དང་ཚད་གཞི་རང་དགར་ཇེ་དམའ་རུ་གཏོང་མི་རུང་ལ་གནམ་གྲུའི་སྤ་སེ་ཉོ་རྒྱུ་དེའང“གབ་སྒམ་ཕྱེ་བ”ཞིག་ཏུ་འགྱུར་མི་རུང་། སྒྲིག་སྲོལ་གསལ་པོ་བཟོས་ནས་སྤ་སེ་འཚོང་བར་སྒྲིག་སྲོལ་གྱི་ཞིབ་ལྟ་དང་འགན་འཁྲིའི་འགན་ལེན་ཐེག་ཐུབ་པ་བྱས་ཚེ་གཞི་ནས་བློ་གྲོས་ལྡན་པའི་གདམ་ག་ཞིག་རེད།

འཚོ་བའི་ཞབས་ཞུ།

  • གནམ་གཤིས། ཚེས25ཉིན་གྱི་དགོང་མོ་ནས་ཚེས28ཉིན་བར་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད་སོགས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད་དང་། ཧུའུ་ནན་གྱི་དབུས་རྒྱུད། ཅང་ཞིའི་དབུས་རྒྱུད། ཧྥུའུ་ཅན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། གོང་གི་ས་ཁུལ་ཁག་ཅིག་ཏུ་དུས་ཐུང་དྲག་ཆར་འབབ་པའམ་ཡང་ན་སེར་བ་འབབ་པའི་གནམ་གཤིས་ཡོད་པས་རྒྱུན་མཐུད་དུ་ཆར་ཆུ་འབབ་པའམ་ཡང་ན་བལྟོས་རྒྱུག་དྲག་པོའི་གནམ་གཤིས་ལས་བྱུང་བའི་ཤུགས་རྐྱེན་ལ་དོགས་ཟོན་བྱེད་དགོས།

  • གནམ་གཟིགས། དེ་རིང་སྐར་མ་ཕུར་བུ་ནི་ཡར་ངོའི་ཟླ་བ་དང་འདྲེས་རྒྱུ་རེད། གནམ་གཤིས་དྭངས་ཤིང་གསལ་བ་ཡིན་ཚེ། ཉི་མ་ནུབ་པའི་རྗེས་སུ་སྤྱི་དམངས་ཀྱིས་ལྷོ་ཕྱོགས་ཀྱི་མཁའ་དབྱིངས་སུ་བལྟས་ན“སྐར་མ་དང་ཟླ་བའི་གླེང་མོལ”དེ་མཐོང་ཐུབ།

  • དམག་བསྡུ། ཟླ3པའི་ཟླ་སྨད་ནས་བཟུང་ཐད་ཀར་དམག་མི་བསྡུ་བའི་སྔོན་བརྡ་གཏོང་མགོ་ཚུགས་པ་དང་ལོ་ཚད་ལོ26བར་ལྷུག་ཏུ་བཏང་ཡོད།


མཉམ་སྤྱོད།