དེ་རིང་ནི2026ལོའི་ཟླ03པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-27 09:16:05   |   76

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན

  • 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ》ཞེས་པའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚེས26ཉིན་པེ་ཅིང་དུ་འཚོགས།

  • ཟླ2པའི་ཟླ་མཇུག་བར། རང་རྒྱལ་གྱི5Gསྤོ་སྒུལ་ཁ་པར་སྤྱོད་མཁན་དུང་ཕྱུར12.35ཟིན་པ་དེ་སྤོ་སྒུལ་ཁ་པར་སྤྱོད་མཁན་སྡོམ་འབོར་གྱི་གསུམ་ཆ་གཉིས་ལས་བརྒལ་བ་དང་། 5Gསྦྲེལ་ཚུགས་སྡོམ་འབོར་ཁྲི490.9ཟིན་ཡོད་པ་རེད།

  • གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱི་ཚོང་གཉེར་རང་བཞིན་གྱི་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར83ཟིན་པ་དང་། དེ་དུས་མཚུངས་ལས6.5%འཕར་ཡོད།

  • ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་སློབ་གསོ་པུས་ཉིན་ཤས་གོང་བསམ་འཆར་པར་འགྲེམས་བྱས་ནས། 2030ལོར་སླེབས་སྐབས་མཐོ་སློབ་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པ་བཏོན།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཡུན་རིང་ནད་གཡོག་འགན་བཅོལ་ལམ་ལུགས་ཀྱིས་ནུས་པ་ཤོར་བའི་མི་ཁྲི330ལྷག་ཙམ་ལ་ཕན་པ་ཐོབ་ནས་མང་ཚོགས་ལ་ལྟ་སྐྱོང་འགྲོ་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར1000ལྷག་ཙམ་ཡང་དུ་བཏང་ཡོད།

  • ཉེ་ཆར་སྤྱི་བདེ་པུས་བརྡ་ཐོ་བཏང་ནས་ས་བོན་དང་ཞིང་སྨན་སོགས་ཞིང་ལས་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཟོ་བ། ཕྱིར་འཚོང་བྱེད་པའི་བྱ་སྤྱོད་མི་ལེགས་པར་རྡུང་རྡེག་ནན་མོ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ལྗང་གསོ་བ་བཅུ་ཆ་དྲུག་དང་ཕྱེད་ཀ་ཟིན་པ་དང་སྔ་སྨིན་འབྲས་འདེབས་འཛུགས་བཅུ་ཆ་གཅིག་ཙམ་བྱས་ཡོད།

1.jpg

  • ཚེས26ཉིན། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ་ཚད་བཞིའི་མཐོ་ལྗོངས་ཨང་གཉིས་པའི་སྲུང་སྐར05དང06བདེ་བླག་ངང་འཕེན་གཏོང་བྱས་པ་རེད།

  • ཕྱི་འབྲེལ་པུ་དང་འཇར་པན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོའི་སྤྱི་དམངས་ཉེ་དུས་འཇར་པན་དུ་མི་བསྐྱོད་རྒྱུའི་དྲན་སྐུལ་ནན་པོ་བྱས་པ་རེད།

  • ཚེས26ཉིན། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་སྔོན་དཔག་བྱས་ན2026ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད2.9%ཟིན་རྒྱུ་རེད།

སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་འབྱུང་འགྱུར་ལོ་བཞིའི་ནང་རྒྱལ་ཡོངས་ཀྱི་རིགས་ཆེན་པོ་ལྔ་དང་སྐྱེ་དངོས་སྣ་ཁ25ཡོངས་ཁྱབ་ཞིབ་བཤེར་ཁུལ་དབྱེ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཞིང་ལས་གནམ་གཤིས་ཐོན་ཁུངས་ཀྱི་གནས་ཚུལ་གསལ་རྟོགས་བྱ་རྒྱུ་རེད།

  • ཉེ་ཆར། ཅང་སུའུ་དང་ཀྲེ་ཅང་། ཨན་ཧུའེ། སི་ཁྲོན་སོགས་ཀྱིས་མཛེས་ལྗོངས་ཁུལ་དུ་སྤ་སེ་མི་དགོས་པ་དང་འགྲིམ་འགྲུལ་རིན་མེད་སོགས་ཀྱི་དཔྱིད་ཀྱི་གུང་གསེང་རིག་གནས་གནས་སྐོར་གྱི“ལེགས་སྐྱེས་ཆེན་པོ”བཏོན་ཡོད།

  • གྲངས་གཞི་ལས་མངོན་པར། འགག་སྒོ་བརྒྱབ་ཚུན་ཧའེ་ནན་གྱིས་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི8.25གསར་སྣོན་བྱས་ཡོད། དེའི་ནང་ཁེ་ལས་ཁྲི6.79གསར་འཕར་བྱུང་བ་དང་། དེ་དུས་མཚུངས་ལས87.18%འཕར་ཡོད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཧུའེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད་བ་རེད།

  • ཉིན་ཤས་གོང་དངུལ་བུན་སྒོར་དུང་ཕྱུར6.6ལྷག་ཙམ་གཡོ་ལེན་བྱས་པའི་དོགས་ཡོད་ཉེས་གསོག་དོགས་ཅན་ཞིག་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་ནས་ལོ་གསུམ་སོང་རྗེས་ལེའོ་ཉིང་སྤྱི་བདེ་ལས་ཁུངས་ཀྱིས་རང་རྒྱལ་དུ་བཀག་ཉར་བྱས་པ་རེད།

  • ཚེས26ཉིན། པ་སི་ཕུའུ(ཀོང་ཏུང)གཞི་གཅིག་རྟེན་གཞི་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་མགོ་ཚུགས། མིག་སྔར་སྒྲིག་ཆས་ཆ་ཚང18དང་ཐོན་སྐྱེད་སྒྲུབ་རིམ32ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་ཐོན་རྫས་སྣ་ཁ70ལྷག་ཙམ་ཟིན་ཡོད། འདི་ནི་རང་རྒྱལ་གྱི་ཕྱི་རྒྱལ་ཚོང་པས་མ་རྩ་ཁེར་འཇོག་བྱས་པའི་རྡོ་སྣུམ་རྫས་འགྱུར་གཞི་གཅིག་ཅན་གྱི་རྣམ་གྲངས་ཐོག་མ་ཡིན།

2.jpg

  • ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ལྟེ་བའི་ལས་གྲྭའི་སེང་གེ་རྒྱ་མཚོའི་བགྲོད་ལམ་གྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། སེང་གེ་རྒྱ་མཚོའི་ཟམ་ཆེན་གྱི་ཤར་དང་ནུབ་ཀྱི་ལྕོག་གཙོ་བོ་ཚེས26ཉིན་ལས་མཇུག་སྒྲིལ།

  • ཉེ་ཆར། ཧྲའན་ཞི་ཞིང་ཆེན་རིག་དངོས་ཅུས་ཧྲི་མའོ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་འཕེལ་རིམ་བརྡ་ཁྱབ་བཏང་སྟེ། ཚི་སྣའི་ཤུལ་བཞག་གསལ་འབྱེད་ཐེངས་དང་པོ་བྱས་ཏེ་ཧྲི་མའོ་མི་དམངས་ཀྱི་འཁེལ་འཐག་ཐོན་སྐྱེད་ལག་རྩལ་གསལ་སྟོན་བྱས་པ་རེད།

3.jpg

  • ཉེ་ཆར། ཀོང་ཏུང་མེ་ཀྲོའུ་ཡི་སྐྱེས་པ་ཞིག་ཆུ་ནང་དུ་ལྷུང་། ལམ་འགྲོ་བ་ཁྲེན་ཤིན་ཧའོ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་བོའི་ནང་དུ་མཆོངས་ནས་སྐྱེས་པ་བདེ་བླག་ངང་བསྐྱབས་པ་རེད།

དོ་སྣང་།

4.jpg

  • ཉེ་ཆར། རྫུས་མར་རྡུང་རྡེག་གཏོང་མཁན་ཝང་ཧའེ་དང་སྒོ་ངའི་སྤུས་རྟགས་ཧོང་ཐེན་ཨུ་བར་གྱི་ཐོན་རྫས་སྦྱོར་རྟའི་གནད་དོན་ལ་དམིགས་པའི་རྩོད་གཞིར་བརྟེན་ནས་ལས་རིགས་རྫུས་མར་རྡུང་རྡེག་གཏོང་མཁན་མི་ཚོགས་དེ་གླེང་ཕྱོགས་ཀྱི་གནད་འགག་ཏུ་སླར་ཡང་བཞག མི་དམངས་ཉིན་རེའི་ཚགས་པར་གྱིས་དཔྱད་འདེམས་ཡིག་ཆ་བཀྲམ་དོན། འཛད་སྤྱོད་ཁོར་ཡུག་དང་ཁྲོམ་རའི་སྐྱེ་ཁམས་བཟང་པོ་ནི་ཕྱོགས་མང་མཉམ་ཞུགས་དང་ཕན་ཚུན་མཐུན་སྦྱོར་བྱེད་པའི་གཞི་གཅིག་གི་ཕུང་པོ་ཞིག་ཡིན་ཞིང་། དེས་ང་ཚོས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ལ། གཉེར་སྐྱོང་ཏན་ཏིག་བྱེད་མཁན་ཚོང་པར་བློ་བདེ་པོའི་ངང་འཕེལ་རྒྱས་གཏོང་བའི་བར་སྟོང་ཞིག་ཀྱང་བསྐྲུན་དགོས། དེས་ཚུལ་མཐུན་གྱི་ལྟ་སྐུལ་ལ་སྐུལ་མ་གཏོང་དགོས་ལ། ལྟ་སྐུལ་གྱི་མིང་ཐོག་ནས་ཚུལ་དང་མི་མཐུན་པའི་ཁེ་ཕན་གཉེར་བའི་ངན་སེམས་ཀྱི་བྱ་སྤྱོད་ཀྱང་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས།

འཚོ་བའི་ཞབས་ཞུ།

5.jpg

  • གནམ་གཤིས། ཚེས26ཉིན་གྱི་དགོང་མོ་ནས་ཚེས28ཉིན་བར་ལྷོ་ཕྱོགས་ས་ཁུལ་དུ་བསྟུད་མར་ཆར་པ་འབབ་རྒྱུ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། ཧྥུའུ་ཅན་ལྷོ་ནུབ་ཀྱི་ས་ཆར་དྲག་ཆར་འབབ་རྒྱུ་རེད། གོང་གསལ་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་དུས་ཐུང་དྲག་ཆར་དང་སེར་བ་འབབ་པའི་གནམ་གཤིས་ཀྱང་ཡོད།

  • ཧྲན་ཞི། ཉེ་ཆར། ཐའེ་ཡོན་ཝུའུ་སུའུ་གནམ་ཐང་དུ་ཁྲེང་ཏུའུ་ཐེན་ཧྥུའུ་གནམ་ཐང་བརྒྱུད་ཁེ་རོ་དང་། མོར་པན། རོ་མ། མ་ཏེ་རི་བཅས་བར་གྱི་རྒྱལ་སྤྱིའི་འགྲུལ་བཞུད་དུས་གཏན་གནམ་གྲུ་བཞི་གསར་དུ་བསྣན་པ་དང་། ཡུན་ཁྲེང་ཚྭ་མཚེའུ་གནམ་ཐང་ནས་ཟླ3པའི་ཚེས31ཉིན་ལྷ་སར་ཐད་ཀར་འཕུར་བའི་མཁའ་ལམ་ཤར་གཏོང་ཐུབ་རྒྱུ་རེད།

  • ཧྲང་ཧའེ། 2026ལོའི་རྒྱལ་སྤྱིའི་གངས་ཤུད་མ་ལ་སུང་སྐོར་སྐྱོད་འགྲན་བསྡུར(ཧྲང་ཧའེ་བབས་ཚུགས)སོགས་འགྲན་བསྡུར་ཟླ3པའི་ཚེས29ཉིན(གཟའ་ཉི་མ)མགོ་བརྩམ་རྒྱུ་དང་། ཧོང་ཕུའུ་ཆུས་ཀྱི་འགྲོ་ལམ་ཁག་གཅིག་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད།


མཉམ་སྤྱོད།