དེ་རིང་ནི2026ལོའི་ཟླ03པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-30 09:01:21   |   67

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ་དང་པོ་ནས་གཉིས་པའི་བར་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་སྡོམ་འབོར9.2%འཕར་ཡོད། རིག་ནུས་ཐོན་རྫས་མང་དུ་ཕྱིན་པའི་ནང་རིག་ནུས་མིག་ཤེལ་དང་སྒེའུ་ཁུང་ཕྱི་ཆས་འཕྲུལ་མིའི་དྲ་ཐོག་སིལ་ཚོང་བྱེད་ཚད་སོ་སོར183.5%དང130.8%འཕར་ཡོད།

  • 2025ལོར་ཀྲུང་གོའི་རྒྱལ་ཁོངས་སུ་ཡོང་སྟེ་གནས་སྐོར་བྱེད་པའི་ཁྲོམ་ར་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད་དེ། རྒྱལ་ཁོངས་སུ་ཡོང་མཁན་གནས་སྐོར་བ་མི་ཐེངས་དུང་ཕྱུར1.5ལས་བརྒལ་བ་དེ་དུས་མཚུངས་ལས17%ལྷག་ཙམ་འཕར་ཡོད།

  • རུ་འཁྱུར་དམག་མིའི་ལས་དོན་པུ་སོགས་སྡེ་ཚན་བཞིས་ཉིན་ཤས་གོང་མཉམ་འབྲེལ་ཐོག“2026·དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི”བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་བརྩི་མཐོང་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། གདོང་ལེན་པ་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱས།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་ལྔ་པས་ཉེ་ཆར་ལྟ་ཞིབ་ཚུར་ལན་ལས་དོན་ལེགས་སྒྲུབ་བྱས།

1.jpg

  • ཚེས29ཉིན་ནས་བཟུང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དབྱར་སྟོན་དུས་ཚིགས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་དངོས་སུ་ལག་བསྟར་བྱས་པ་དང་། མཁའ་འགྲུལ་དུས་ཚིགས་གསར་པ་ཟླ10ཚེས24ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་ཁྱོན་ཉིན210ཡིན།

  • 《2025ལོའི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་སྙན་ཞུ》ཚེས29ཉིན་ཁྱབ་བསྒྲགས་བྱས། འབྲས་བུ་ལས་མངོན་པ་ལྟར་ན། ཀྲུང་གོ་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་ཕྱོགས་བསྡུས་ཨང་རིམ་འཛམ་གླིང་གི་ཨང9པ་རེད།

2.jpg

  • 2026ལོའི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གླེང་སྟེགས་ཟླ3ཚེས28ནས་ཚེས29ཉིན་བར་ཧོ་ནན་ཀྲེང་ཀྲོའུ་རུ་འཚོགས།

  • ཚེས29ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ། ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མཚོ་ཐོག་དང་བར་སྣང་གི་མངའ་ཁོངས་དང་དེ་བཞིན་མཐའ་འཁོར་གྱི་མཚོ་ཐོག་དང་བར་སྣང་དུ་དམག་གྲབས་ཉེན་སེལ་སྐོར་ཞིབ་བྱས།

  • ཨ་རིའི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཅུས་སྤྱི་བསྒྲགས་སྤེལ་ཏེ། བྱང་སྣེའི་དགུན་དུས་མཚོ་དར་གྱི་རྒྱ་ཁྱོན་ལོ་གཉིས་བསྟུད་མར1979ལོར་སྲུང་སྐར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཡོད་ཚུན་གྱི་དམའ་ཤོས་སུ་སླེབས་ཡོད་ཅེས་འཁོད་ཡོད།

    སྤྱི་ཚོགས།

  • 2026ལོའི་ཟླ2པར་ཀྲུང་གོའི་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས162.09ཡིན་ཞིང་། བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་མཐུད་བྱས་ཡོད།

  • རྒྱལ་ཁབ་བདེ་འཇགས་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཚན་རྩལ་བདེ་འཇགས་བརྗོད་དོན་བྱས་པའི“རྒྱལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རྟེན་གཞི”ཐོག་མ་དེ་ཉེ་ཆར་ཅང་སུའུ་ནན་ཅིང་དུ་སྒོ་ཕྱེས།

  • ཚེས28ཉིན། ཧྲང་ཧའེ་སྦྲག་སྐྱེལ་གྲུ་གཟིངས་འགག་སྒོའི་ཉིན་གཅིག་གི་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་གྱི་གནས་སྐོར་བའི་མི་ཐེངས5900ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

3.jpg

  • ཚེས29ཉིན་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཛམ་གླིང་གི་ཚངས་ཐིག་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུབ་གྲུབ་འཕྲུལ་འཁོར“སྣེ་ཁྲིད་རྟགས་ཅན”གྱིས་འབྲི་ཆུའི་ཆུ་འོག་དུམ་བུའི་སྟོང་སྨི11.18ཡི་ཨར་ལས་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་།

  • ཚེས29ཉིན་གྱི་ཆུ་ཚོད0ཙམ་ལ་ཧེ་ལུང་ཅང་ཧའེ་ལིན་གྲོང་ཁྱེར་ཧའེ་ལིན་གྲོང་རྡལ་གྱི་འཛུགས་སྐྲུན་གཅིག་རྡིབ་ནས་མི9རྐྱེན་ལམ་དུ་ཤོར། ཚེས29ཉིན་གྱི་ཆུ་ཚོད14:28བར། མི2འཚོལ་སྐྱོབ་བྱས་པ་དང་གཟུགས་པོའི་གནས་ཚུལ་གསལ་པོ་མེད་པ་དང་རོགས་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད།

  • པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་དྲུག་པ་དེ་ཟླ4ཚེས16ཉིན་མགོ་ཚུགས་རྒྱུ་ཡིན་པ་དང་། འགྲན་བསྡུར་གཙོ་བོའི་ཚན་པ་སྟེ“ཐེན་ཐན་བྱ་དགའ”ལ་རྒྱལ་ཁབ་དང་ས་ཁུལ139ཡི་གློག་བརྙན1826གི་མིང་ཐོ་བཀོད་ཡོད།

4.jpg

  • ཉེ་ཆར་ཧུའུ་ནན་ཧེང་དབྱང་གི་ལོ20ལ་སླེབས་པའི་ཞའོ་ཅུན་ལ་གློ་བུར་དུ་ནད་གཞི་ཕོག་ནས་གྲོངས་པ་དང་། ནང་མིས་ཁོང་གི་དབང་པོ་ཞལ་འདེབས་སུ་ཕུལ་ནས་རྒྱུས་མེད་མི་དྲུག་ལ་སྐྱེ་སྟོབས་དང་འོད་སྣང་སྦྱིན་རྒྱུའི་ཐག་བཅད།

    དོ་སྣང་།

5.png

  • ཉེ་ཆར། ཧྲེན་ཀྲེན་པའོ་ཨན་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་གིས་རྒྱུགས་ལ་གྲ་སྒྲིག་བྱེད་སྐབས་བྱེའུ་སྐད་ཀྱིས་བར་ཆད་བཟོས་པས་སློབ་གྲྭར་འཕྲིན་ཡིག་བཏང་ནས“མི་མངགས་ནས་བྱ་ཚང་གཏོར་དགོས་པའི”རེ་ཞུ་བཏོན། རེ་ཞུ་དེར་སློབ་གཙོས་དྲོད་འཇམ་ལྡན་ལ་བློ་གྲོས་ཀྱིས་ཁེངས་པའི་འཕྲིན་ལན་ཞིག་ཕྱིར་བསྐུར་ཏེ་བྱ་ཚང་གཏོར་རྒྱུའི་རེ་ཞུ་དང་ལེན་མ་བྱས། མི་དམངས་ཉིན་རེའི་ཚགས་པར་དཔྱད་བརྗོད་ཀྱིས་དཔྱད་བརྗོད་སྤེལ་དོན། སློབ་གསོ་ཡག་པོ་ནི་དོན་དག་ཆུང་ཆུང་ལ་བརྟེན་ནས་རྒྱུད་ལ་བསམ་པ་བཟང་བོ་བྱེད་པའི་ས་བོན་འདེབས་པ་དང་། འགལ་བ་བྱུང་ན་བསམ་ཤེས་བྱེད་ཐུབ་པར་འཇུག་པ་དེ་ཡིན། བྱིས་པ་རྣམས་ལ་བརྩི་འཇོག་དང་བསམ་ཤེས་བྱེད་པའི་བརྒྱུད་རིམ་ནང་མི་གཞན་ལ་བརྩི་འཇོག་དང་བྱ་དངོས་ཡོད་ཚད་ལ་བརྩི་འཇོག་བྱེད་ཤེས་སུ་འཇུག་དགོས།

    འཚོ་བའི་ཞབས་ཞུ།

5.jpg

  • ཚེས29ནས31ཉིན་བར། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ལྷོའི་དབུས་བྱང་རྒྱུད་སོགས་སུ་གཞི་ཁྱོན་ཆེ་བའི་ཁ་གཏད་གནམ་གཤིས་དང་ཆར་ཆུ་འབབ་པའི་གནམ་གཤིས་ཡོད། དེའི་ཤུགས་རྐྱེན་ཧུའུ་ནན་དང་། ཅང་ཞི། ཀོང་ཞི། ཀོང་ཏུང་། ཀུའེ་ཀྲོའུ་སོགས་སུ་ཁྱབ་ཡོད།


མཉམ་སྤྱོད།