དེ་རིང་ནི2026ལོའི་ཟླ03པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-03-31 09:15:57   |   58

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས30ཉིན་གྱི་སྔ་དྲོར་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བཟང་པོ་ཚང་མས་མཉམ་སྤྱོད་བྱེད་དགོས་ལ་མཉམ་ཤུགས་མཉམ་སྐྲུན་བྱེད་དགོས། སྤྱི་ཚོགས་ཡོངས་སྡོང་འཛུགས་ནགས་སྐྲུན་ནང་རྒྱ་ཁྱབ་ངང་ཞུགས་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རི་ཀླུང་ཐམས་ཅད་ལ་མཛེས་པ་བསྣན་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཛེས་པ་མངོན་པར་བྱེད་དགོས།

  • ཟླ3ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གྲངས་གཞིའི་རྩ་འཛུགས་བཙུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཟླ3ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེ་ཉི·ས་སུའུ-ཨེན་ཀེ་སུའོ་ལ་གློག་འཕྲིན་བཏང་ནས་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཀྲུང་གོ་གོ་མིན་ཏང་གི་འཚམ་འདྲི་ཚོགས་པའི་སྣེ་ཁྲིད་དེ། ཟླ4ཚེས7ནས་ཚེས12ཉིན་བར་ཅང་སུའུ་དང་། ཧྲང་ཧེ། པེ་ཅིང་བཅས་སུ་ལྟ་སྐོར་དང་འཚམ་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་གདན་འདྲེན་ཡང་ཞུས།

  • ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་གིས《སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི“ངེས་པར་བཅུ”དང《སློབ་གྲྭའི་ཟ་ཁང་གི་ལས་དོན་མི་སྣས“བྱེད་མི་ཆོག་པ་བཅུ”》པར་འགྲེམ་བྱས་ཏེ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་ཏེ། ཡུན་རིང་ལ་བཟའ་ཟླར་དམའ་འབེབས་དང་སྡིག་དམོད་བྱེད་པ་སོགས་ཁྱིམ་ཚང་གི་གཏུམ་སྤྱོད་ཁོངས་སུ་གཏོགས་པ་ཁ་གསལ་བཟོས།

2.jpg

  • ཚེས30ཉིན་གྱི་ཆུ་ཚོད19ཙམ་ལ་ཤུགས་མདའ་ཨང་གཉིས་པའི་རྒྱང་ཚོར་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་འཕེན་གཏོང་བྱས། དེ་ཡིས་རྒྱང་སྐྱོད་ལམ་བུ་གསར་པའི་སྲུང་སྐར01དང་། རྒྱང་སྐྱོད་ལམ་བུ་གསར་པའི་སྲུང་སྐར02དང་། གནམ་མཐོང་སྲུང་སྐར01བཅས་གསུམ་སྔོན་ནས་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱལ།

  • ཚེས30ཉིན་ཕྱི་འབྲེལ་པུས་འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མི་ཀུའུ་ཝུའུ་ཀུའེ་སིར་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

  • ཚེས30ཉིན་གསར་དུ་བཟོ་བཅོས་བརྒྱབ་པའི《པུར་འཇུག་དོ་དམ་སྲོལ་ཡིག》ལག་བསྟར་བྱེད་མགོ་བརྩམས་ཤིང་། པུར་འཇུག་ལས་རིགས་ཀྱི་སྤྱི་ཕན་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད།

  • ཧྲན་ཞི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ་ཡོ་ཕུའུ་ཡུས་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་རྟོག་དཔྱོད་བྱེད་བཞིན་ཡོད།

  • ཚེས30ཉིན་གྱི་སྔ་དྲོར། རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་གྱི་དུས་གཏན་གནམ་གྲུCA121པེ་ཅིང་རྒྱལ་སའི་གནམ་ཐང་ནས་བྱང་ཁོ་རེ་ཡའི་ཕོང་དབྱང་དུ་འཕུར། དེ་ཡིས་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་གྱི་ཀྲུང་བྱང་མཁའ་ལམ་སླར་གསོ་ཐུབ་པ་མཚོན་ཡོད།

  • མིག་སྔའི་བར་སིལ་ཚོང་སྨན་རྫས་ཚོང་ཁང1000ཙམ་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ལྡན་པའི“བདེ་ཐང་ས་ཚིགས”སུ་རིམ་སྤོར་བྱས་ཡོད།

3.jpg

  • རང་རྒྱལ་གྱི་ཏུན7རིམ་པའི་སྐྱེལ་འདྲེན་མི་མེད་གནམ་གྲུ་ཆེ་གྲས་དང་པོ་སྟེ། ཁྲང་དབྱིང-8ཉེ་ཆར་ཀྲེང་ཀྲོའུ་ཧྲེང་ཅེ་གནམ་ཐང་ནས་ཐོག་མར་འཕུར་རྒྱུ་རེད།

4.jpg

  • ཉེ་ཆར་ལུང་མོན་བྲག་ཕུག་སྲུང་སྐྱོང་བྱེད་རིང་། ལས་དོན་མི་སྣས་བྲག་ལྡེབས་ནས་ཐང་རྒྱལ་རབས་ཀྱི་བྲག་བརྐོས《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ》དབྱེ་འབྱེད་བྱས། དེ་ནི་ཉེ་བའི་ལོ་ཤས་རིང་གི་རང་རྒྱལ་ནང་བསྟན་གྱི་བྲག་བརྐོས་དཔྱད་གཞི་གལ་ཆེན་ཞིག་རེད།

  • སུན་ཆེ་གེ་མོས་དྲ་རྒྱའི་ལས་སྟེགས་ཐོག་བཏོན་པའི་ཨ་མ་ཚེ་ལས་འདས་རྗེས་ཐེམ་ཐོ་དང་། ཐོབ་ཐང་ལག་ཁྱེར་གཉེར་བ་དང་། གཉེན་སྒྲིག་ཐོ་འགོད་བྱས་པའི་གནད་དོན་ལ་དམིགས་ནས་ཧོ་ནན་ཕིང་ཏིང་ཧྲན་གྲོང་ཁྱེར་མཉམ་འབྲེལ་རྟོག་དཔྱོད་ཚོགས་ཆུང་གིས་ཚེས30ཉིན་རྟོག་དཔྱོད་གནས་ཚུལ་གྱི་བརྡ་ཁྱབ་བཏང་།

5.png

  • གཟི་ཚ་སྡེ་དགུའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ2017ལོའི་ཟླ8ཚེས8ཉིན་ས་ཡོམ་བྱུང་བའི་རྗེས་སུ་དོམ་ཁྲའི་གཟུགས་བརྙན་ཐོག་མར་པར་ལེན་བྱས།

6.jpg

  • ཉེ་ཆར་ཅང་སུའུ་ཡན་ཁྲེང་དུ་མི་དམངས་ཉེན་རྟོག་པ་སུན་ཁའེ་ཡིས་རྐུ་འཁྱེར་དོགས་ཅན་རྗེས་འདེད་བྱེད་སྐབས་ལུས་ཤུགས་ཟད་ནས་རྒྱུག་མི་ཐུབ་པའི་སྐབས་སུ། མངགས་ཟས་སྐྱེལ་མཁན་ཀྲོའུ་ཡིས་ཁོ་མོ་ཏྲིས་སྐྱེལ་ནས་མུ་མཐུད་རྗེས་འདེད་བྱས་པས། ཉེན་རྟོག་ཕྱོགས་ལ་གཞོགས་འདེགས་བྱས་ནས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས།

    དོ་སྣང་།

7.png

  • ཉེ་བའི་ལོ་ཤས་རིང་། ལག་ཁྱེར་ཁ་པར “བགས་མར་བླངས་ཏེ་ཉོ་བའི་ཚབ་བྱེད་པའི”བྱེད་སྟངས་ལ་འཛད་སྤྱོད་པ་ཁག་གཅིག་གིས་དོ་ཁུར་བྱེད་ཀྱི་ཡོད་པ་དང་། མི་ལ་ལས་ཡིད་རྟོན་སྙན་ཞུ་མི་དགོས་པ་དང་། ཚད་གཞི་དམའ་བ”སོགས་ཀྱི་དྲིལ་སྒྲོག་ལ་ཡིད་ཆེས་བྱེད་ཀྱི་ཡོད། “ཁ་པར་བགས་མར་བླངས་ཏེ་ཉོ་བའི་ཚབ་བྱེད་པའི”གན་རྒྱར་མིང་རྟགས་བཀོད་རྗེས་ཅི་ཡིན་འདི་ཡིན་མ་ཤེས་པར་དངུལ་གཡར་བའི་དོན་དག་བྱུང་བཞིན་ཡོད། མི་དམངས་དཔྱད་བརྗོད་ཀྱིས་བརྗོད་དོན། “བོགས་མར་ལེན་པ་རྫུན་བཟོ་དང་། མི་ལ་མགོ་སྐོར་གཏོང་བའི” རྙོག་འཛིང་ཆེ་བའི་གནས་ཚུལ་སྣ་ཚོགས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་གཏོང་བཞིན་ཡོད་ལ། ཚོང་རའི་སྒྲིག་ལམ་དཀྲུག་བཞིན་ཡོད། དེ་ཡིས་ལས་སྟེགས་ཀྱིས་འགན་འཁྲི་འཁུར་མེད་པ་དང་། ལྟ་སྐུལ་དོ་དམ་ཐད་ཞན་ཆ་ཡོད་པ། ལས་རིགས་ཀྱི་རང་གཅུན་ཆུ་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཕྱིར་མངོན་ཡོད། འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་གསར་པར་གཞིགས་ཏེ་བོགས་གཏོང་དང་དངུལ་བུན་གཏོང་ལེན་གྱི་མཐའ་མཚམས་ཁ་གསལ་བཟོས་ཏེ། ཐོབ་ཐང་མེད་པའི་བོགས་གཏོང་དང་གཏུམ་སྤྱོད་ཀྱིས་བསྡུ་རྒྱུར་རྡུང་རྡེག་ཚ་ནན་གཏོང་དགོས། བོགས་གཏོང་ལས་སྟེགས་ཀྱིས་སྒྲིག་སྲོལ་དང་མཐུན་པའི་མཐའ་ཚད་ནན་སྲུང་བྱེད་དགོས། ཡིད་རྟོན་བོགས་གཏོང་ཞབས་ཞུའི་ངོ་བོ་མ་འགྱུར་ན་གཞི་ནས་འཛད་སྤྱོད་པའི་དངུལ་ཁུག་དང་བདེ་འཇགས་ཚོར་སེམས་ལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ།

    འཚོ་བའི་ཞབས་ཞུ།

9.jpg

  • ཚེས30ནས་ཚེས31ཉིན་བར། ལྷོ་ཕྱོགས་ས་ཁུལ་དུ་སྔར་བཞིན་གཞི་ཁྱོན་ཆེ་བའི་ཆར་པ་ཡོད། ཆར་རྒྱུད་རིམ་བཞིན་ཤར་ཕྱོགས་ནས་ལྷོ་ཕྱོགས་སུ་འགྲོ་བ་མ་ཟད། ཁ་གཏད་དྲག་པོའི་གནམ་གཤིས་ཀྱང་ཡོད། མཁའ་རླུང་གྲང་མོ་དང་ཆར་པ་བབས་པའི་ཐུན་མོང་གི་ཤུགས་རྐྱེན་འོག་བྱང་ཤར་དང་ཧྭ་བྱང་ནས་འབྲི་ཆུའི་དབུས་སྨད་རྒྱུད་སོགས་སུ་དྲོད་ཚད་གཅིག་རྗེས་གཉིས་མཐུད་ངང་མར་ཆག་རྒྱུ་རེད། ཧྭ་ནན་ས་ཁུལ་དུ་ཚ་བ་ཆེ་བ་དང་། ས་ཆ་ཁ་ཤས་སུ་དྲོད་ཚད་མཐོ་བའི་གནམ་གཤིས་མཐོང་རྒྱུ་ཡོད།


མཉམ་སྤྱོད།