དེ་རིང་ནི2026ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-02 09:04:46   |   76

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོའི་ཚེས1ནས་ཟླ3པའི་ཚེས25ཉིན་བར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས5.4%འཕར་ཡོད། དེས་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ཀྱི29.2%བཟུང་ཡོད།

  • ཚེས1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་དྭངས་གསལ་དུས་ཚིགས་གུང་གསེང་རིང་གི་བདེ་འཇགས་དོགས་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་ཏེ། དྭངས་གསལ་དུས་ཚིགས་གུང་གསེང་རིང་གི་གཙོ་གནད་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས1ཉིན་ནས་བཟུང་རང་རྒྱལ་ཆུ་བྲུབ་པའི་དུས་སུ་དངོས་སུ་སླེབས་པ་དང་། དེ་ལོ་མང་གི་ཆ་སྙོམས་དུས་ཚོད་དང་གཅིག་མཚུངས་རེད།

  • ཉེ་ཆར་མི་སྤྱི་པུ་གཞུང་ལས་ཐིང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུ་གཞུང་ལས་ཐིང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་གཞུང་ལས་ཁང་བཅས་ཀྱིས་ལས་མི་བསྡུ་བའི“བྱ་བ་གཅིག”ནུས་ལྡན་ངང་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་མཉམ་འབྲེལ་ཐོག་པར་འགྲེམ་བྱས།

  • ཚེས1ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱིས་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ། དུས་ཡུན་ལོ་གསུམ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་བཅོས་སྤུས་ཚད་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཉེ་དུས་རྒྱལ་ཁབ་རིག་དངོས་ཅུས་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་དང་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་གཞུང་ཁོངས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་རེ་རེ་བཞིན་རྩིས་བཤེར་བྱས་ཏེ་རྩིས་ཐོ་དང་དངོས་པོ་མཐུན་མིན་གྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས།

1.png

  • ཚེས1ཉིན། ཁམ་ཕུ་ཁྲེའི་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་རྒྱལ་སྤྱི་བདེ་པུས་ལས་དོན་ཚོགས་ཆུང་མངགས་ནས་ཁྲེན་ཀྲི་ཉེས་གསོག་ཚོགས་པའི་རྐང་འཛིན་ཁོངས་མི་གཙོ་བོ་སྟེ་ལི་ཞུང་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་ནས་རང་རྒྱལ་དུ་བཟུང་སྐྱེལ་བྱས།

    སྤྱི་ཚོགས།

  • ཚེས1ཉིན་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་དང་། ཞ་མོན་མཁའ་འགྲུལ་སྤྱི་གཉེར། ཀྲུང་གོ་མཉམ་འབྲེལ་མཁའ་འགྲུལ་སྤྱི་གཉེར་སོགས་མཁའ་འགྲུལ་སྤྱི་གཉེར་མང་པོས་སྤྱི་བསྒྲགས་སྤེལ་ནས་རྒྱལ་ནང་གི་མཁའ་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱས།

  • ཉེ་ཆར་ཞིན་ཅང་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་དང་། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ལིའུ་ཁོན་རེན་གྱིས་ལྐོག་རྔན་བླངས་པ་དང་ལྐོག་ཟ་བྱས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས1ཉིན་ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། སྤྱི་ཁྱབ་ཅིང་ལི་ཁུའུ་ཝུའེ་ཡིས་ལྐོག་རྔན་བླངས་པ་དང་། ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པ། ལྐོག་ཟ་བྱས་པ། གཞུང་ཁོངས་སྤྱི་གཉེར་གྱི་མི་སྣས་དབང་ཆ་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཡོངས་བསྒྲགས་བྱས་ཤིང་། ཁུའུ་ཝུའེ་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

2~3.jpg

  • ཟླ3ཚེས31ཉིན་ཚངས་ཐིག་ཆེ་ཤོས་ཀྱི“འབད་བརྩོན་རྟགས་ཅན”ཅང་སུའུ་ནན་ཐུང་ཀྲོའུ་མཚོ་ཁུག་དཔེ་སྟོན་ཁུལ་དུ་དངོས་སུ་སྤྱོད་མགོ་བརྩམས།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་འབུ་སྲིན་རིགས་གསར་པ99ཤེས་རྟོགས་བྱུང་བས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སླར་ཡང་བདེན་དཔང་གསར་པ་བསྣན་ཡོད། འབྲེལ་ཡོད་གྲུབ་འབྲས་རྒྱལ་སྤྱིའི་སྲོག་ཆགས་རིགས་དབྱེའི་དུས་དེབ《སྲོག་ཆགས་རིགས་དབྱེའི་དུས་དེབ》ཐོག་ཁྱབ་བསྒྲགས་བྱས་ཡོད།

  • ཨ་ཁ་མོ་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་དུས་ཚོད་ཕྱིར་ཐོག་འདུག་སྟེ། འགྲན་བསྡུར་དེ་ཟླ6པའི་ཚེས12ཉིན་གྱི་ཆུ་ཚོད་གསུམ་པར་འཚོག་རྒྱུ་རེད།

  • ཚེས1ཉིན་ནས་བཟུང་ནང་སོག་གི་རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར9.7དཔྱིད་དུས་ཀྱི་ཕྱུགས་འཚོ་མཚམས་འཇོག་པའི་དུས་སུ་སླེབས།

3.png

  • ཉེ་ཆར་ཧོ་ནན་ལིང་པའོ་ཡི་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཟུར་གཞོགས་སུ་ལོག་པ་དང་། ཁ་ལོ་བ་རླངས་འཁོར་ནང་ནས་སྒོར་འབུད་མ་ཐུབ་པའི་སྐབས་སུ། ལམ་ཁའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་སུན་ཕུང་ཧྥེ་དང་རླངས་འཁོར་ནང་གི་འགྲུལ་བ་སྟེ། མཐོ་འབྲིང་སློབ་མ་ཝང་ཡུས་ཧང་གཉིས་འཕྲལ་དུ་རླངས་འཁོར་ལས་བབས་ནས་མི་བསྐྱབས་པ་དང་། ཁ་ལོ་བ་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་།

    དོ་སྣང་།

4.jpg

  • ཉེ་ཆར། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཆོན་ཧུང་ཀྲེང་གི་བཅར་འདྲི་དུམ་བུ་ཞིག་ལ་དོ་ཁུར་ཆེན་པོ་ཐོབ་ཡོད། མོས་ཡུན་རིང་སེམས་ཁྲལ་བྱས་པའི་རྐྱེན་གྱིས་གཉིད་མི་ཁུག་པའི་ནད་བྱུང་བ་དྲང་མོར་བཤད་པ་དང་། དྲ་གྲོགས་རྣམས་ཀྱིས་དྲ་རྒྱའི་གཏུམ་སྤྱོད་མཚམས་འཇོག་རྒྱུའི་རེ་བ་ཡོད་ཅེས་བཤད། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་བརྗོད་ཡི་གེ་བྲིས་པ་སྟེ། དྲ་རྒྱའི་གླེང་ཕྱོགས་ལའང་མཐའ་མཚམས་ཡོད་པ་དང་། ཐལ་དྲགས་པ་དང་ཚོར་སྣང་གི་རྗེས་སུ་དེད་ན་ཐལ་ཆད་པའི་དྲ་རྒྱའི་གཏུམ་སྤྱོད་དང་བསམ་སྦྱོར་ངན་པའི་དམའ་འབེབས་སུ་འགྱུར་བས། རིན་ཐང་གི་ཁྲིད་ཕྱོགས་ལོག་པ་དང་། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཁ་བྲལ་དུ་གཏོང་ལ། འགལ་ཟླ་དང་གདོང་ཐུག་ཆེ་རུ་གཏོང་སྲིད། ཕྱོགས་ལྷུང་ངན་པ་དེ་རིགས་ལ་ལྟ་སྐུལ་དོ་དམ་སྡེ་ཚན་དང་ལས་སྟེགས་ཁེ་ལས་གང་ཡིན་རུང་ཚང་མས་དོགས་ཟོན་གང་ལེགས་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    འཚོ་བའི་ཞབས་ཞུ།

5.jpg

  • ཚེས2ཉིན་ནས་ཚེས4ཉིན་བར། ནུབ་བྱང་ས་ཁུལ་དང་། ཧྭ་པེ། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད་དང་། ཧོང་ཧོའེ་དང་དེ་བཞིན་ནང་སོག་གི་དབུས་ནུབ་རྒྱུད་སོགས་ཀྱི་དྲོད་ཚད་ཏུའུ4ནས6བར་མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མར་ཆག་ཚད8℃ཡན་ཟིན་རྒྱུ་རེད།


མཉམ་སྤྱོད།