དེ་རིང་ནི2026ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-01 09:21:27   |   135

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ4ཚེས1ཉིན་དཔེ་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས་བདུན་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ།《སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བ》ཞེས་པ་སྤེལ་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར21534ཟིན་པ་དེ་དུས་མཚུངས་ལས11.7%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་རྐུབ་སྟེགས7མན་གྱི(རྐུབ་སྟེགས7ཚུད་པ)འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་སྐབས་མུ་མཐུད་འགྲོ་སྐྱོད་གྲོན་དངུལ་རྩ་ཆག་གཏོང་རྒྱུ་རེད།

  • སློབ་གསོ་པུས་རང་རྒྱལ་གྱི་མཐོ་སློབ་ཀྱིས་ཐོན་ལས་གྲུབ་ཆའི་རིག་ནུས་རིམ་སྤོར་ལ་གཞིགས་ནས་ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་དང་འཚམ་པའི་རིག་ཚན་ཆེད་ལས་ཁག་གཅིག་གསར་དུ་འཛུགས་དགོས་ཞེས་བཏོན།

  • ཞིང་ལས་གྲོང་གསེབ་པུས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་སྤྱིའི་ཆ་ནས་སླར་གསོ་བྱུང་ཡོད་པ་དང་། ཉ་འཛིན་མི་ཆོག་པའི་བཀའ་རྒྱ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།

  • ཉེ་ཆར་དམངས་སྲིད་པུས་ལས་རིགས་མཐུན་ཚོགས་རྫུས་མ་སོགས་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་དཔེ་མཚོན་གྱོད་དཔེ8ཡོངས་བསྒྲགས་བྱས།

1.jpg

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་དང་ལོ་སིའི་ལྕགས་ལམ2021ལོའི་ཟླ12ཚེས3ཉིན་ཤར་གཏོང་བྱས་ཚུན་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི7000ལས་བརྒལ་ཡོད།

  • ཕྱི་འབྲེལ་པུས་བཤད་དོན། ཟླ3ཚེས31ཉིན་འབྲེལ་ཡོད་ཕྱོགས་དང་མཐུན་སྦྱོར་བྱས་པ་བརྒྱུད་ཉེ་ཆར་ཀྲུང་གོ་ཕྱོགས་ཀྱི་གྲུ་གཟིངས་གསུམ་ཧོར་མུའུ་ཙི་མཚོ་འགག་བརྒྱུད་ཡོད་པས་འབྲེལ་ཡོད་ཕྱོགས་ཀྱིས་གཞོགས་འདེགས་བྱས་པར་ཐུགས་རྗེ་ཆེ་ཞུས།

  • ཟླ3པའི་ཚེས31ཉིན། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་མཚོ་ཁུག་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སླར་གསོ་བྱ་རྒྱུའི་སྐོར་གྱི་གྲོས་མགོ་ལྔ་བཏོན།

    སྤྱི་ཚོགས།

  • ཟླ3ཚེས31ཉིན། རང་རྒྱལ་གྱི་ཚྭ་མེད་མཚེའུ་ཆེ་ཤོས་པོ་དབྱང་མཚེའུ་ཡི་ཆུ་ཁ་སྨི12ཀྱི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ཆུ་ཆུང་བའི་དུས་དངོས་སུ་མཇུག་འགྲིལ།

  • ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང“བརྒྱད་གཅིག་གཟེངས་རྟགས”ཐོབ་མཁན་ཆན་ཆི་ཧུའུ་ཡིས་ཉེ་ཆར་སླར་ཡང་དགེ་སྒྲུབ་དངུལ་སྒོར་ཁྲི100ཞལ་འདེབས་བརྒྱབ་ནས་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱ་རྒྱུར་སྤྱད།

  • ཟླ3པའི་ཚེས31ཉིན། “ལྕགས་ལམ་འཛུགས་སྐྲུན་གྱི་ཟམ་ཀ་ཨང1”རྟགས་ཅན་ཅང་སུའུ་ནན་ཐུང་དུ་དངོས་སུ་སྤྱོད་མགོ་བརྩམས།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཀྲུའུ་ཞི་གཞོན་པ་ཝང་ཅན་ཅུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བརྒྱབ།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དམངས་སྲིད་པུ་དང་མཉམ་དུ་གཏན་འབེབས་པར་འགྲེམ་བྱས་ཏེ་དུར་འཇུག་ཁྱབ་ཁོངས་སུ་རིན་གོང་གསལ་པོ་འགོད་དགོས་པ་ལས་སྤྱིར་ན“ངོ་འཕྲད་གྲོས་མོལ”དང“སྒོར100ཡི་ཡན”སོགས་ཀྱི་ཁ་གསལ་མིན་པའི་གསལ་བཤད་བཟོ་མི་ཆོག་པའི་བླང་བྱ་བཏོན།

  • ཧྲང་ཧེ་ཁྲལ་དོན་སྡེ་ཚན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་ནས་ཅུས་ཆེ་གེ་མོའི་དཔྱ་ཁྲལ་དང་འབྲེལ་བའི་དོན་ཚན་ཐེར་འདོན་ལ་ལན་བཏབ།

3.png

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་སྐར་མ་མིག་དམར་གྱི་ཚྭ་རླུང་ཅན་གྱི་སྣང་ཚུལ་གསལ་སྟོན་བྱས་པ་དང་ཞིབ་འཇུག་གྲུབ་འབྲས་དེ་ཉེ་ཆར་རིག་གཞུང་དུས་དེབ《ཚན་རིག་བརྡ་ཁྱབ》ཐོག་སྤེལ་ཡོད།

  • ལུའོ་ཧྲན་ཅི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས2028ལོའི་ལུའོ་ཧྲན་ཅི་ཨོ་རྩལ་འགྲན་ཚོགས་ཀྱི་སྤ་སེ་ཟླ4ཚེས9ཉིན་ནས་བཟུང་སྤྱི་དམངས་ལ་བཙོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

    དོ་སྣང་།

4.jpg

  • པེ་ཅིང་གི་དུས་ཚོད་ཟླ3ཚེས28ཉིན། འཛམ་གླིང་གི་རིམ་འདས་མོ་ཊའི་གཟེངས་རྟགས་འགྲན་བསྡུར་གྱི་འགྲན་རའི་ཐོག ཀྲུང་གོའི་མོ་ཊ་སྟེ་ཀྲང་ཞུའེ་མོ་ཊས་སྐར་ཆ4ཙམ་གྱི་ལེགས་ཆའི་ཐོག་ནས་ཨང་དང་པོ་བླངས། དེ་ཡིས་ཏུའུ་ཁ་ཏི་དང་། ཡ་མ་ཧ། ཁྲོན་ཆི་སོགས་ཀྱིས་ལོ་བཅུ་གྲངས་ཀྱི་རིང་ལ་ཨང་དང་པོ་བླངས་པ་ལས་བརྒལ། ཕྱི་ཉིན(ཚེས29ཉིན)སྤེལ་བའི་ཐེངས་གཉིས་པའི་འགྲན་སྡུར་ཁྲོད། ཀྲང་ཞུའེ་མོ་ཊས་ཡང་བསྐྱར་རྒྱལ་ཁ་བླངས་ཏེ། བསྟུད་མར་ཐེངས་གཉིས་ལ་རྒྱལ་ཁ་ཐོབ་པ་རེད། མི་དམངས་ཉིན་རེའི་དཔྱད་བརྗོད་ཀྱིས་བརྗོད་དོན། འབད་འཐབ་བྱ་རྒྱུ་ནི་མི་སྒེར་གྱི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གསང་གྲངས་ཡིན་ལ། རྒྱལ་ཁབ་ཀྱིས་རླབས་གཤག་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་ཡིན། ང་ཚོས་ཡིད་ཆེས་བརྟན་པོ་དང་བབ་བསྟུན་མདུན་སྐྱོད་བྱས་ཚེ་རང་ཉིད་ལ་དབང་བའི་རྒྱལ་ཁ་བསུ་ཐུབ་ངེས་རེད།

    འཚོ་བའི་ཞབས་ཞུ།

5.jpg

  • དེ་རིང་དང་སང་ཉིན་གཉིས་རིང་། རང་རྒྱལ་ལ་ཤུགས་རྐྱེན་ཐེབས་པའི་མཁའ་རླུང་གྲང་མོ་མང་། འོན་ཀྱང་ཤུགས་ཚད་ཞན། ཆར་པ་ཡང་ཡང་བབས་པའི་རྐྱེན་གྱིས་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་འཕར་ཆག་མངོན་གསལ་ཡིན། དེའི་ནང་བྱང་ཤར་དང་ཧྭ་བྱང་ས་ཁུལ་ནི་དྲོད་ཚད་འཕར་ཆག་ཆེ་ཤོས་ཀྱི་ས་ཁོངས་རེད།


མཉམ་སྤྱོད།