དེ་རིང་ནི2026ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-07 09:21:02   |   50

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི84537.8ཡིན་པ་དེ་དུས་མཚུངས་ཀྱི2025ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་དུས་ཚོད་ལས6%འཕར་ཡོད། 

  • ཚེས6ཉིན། རྒྱལ་ཡོངས་ལྕགས་ལམ་གུང་གསེང་རིང་ཕྱིར་ལོག་བྱེད་མཁན་མང་ཤོས་ཀྱི་དུས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི2080སྐྱེལ་འདྲེན་བྱ་རྒྱུ་རེད། 

  • དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གཙོ་གནད་སིལ་འཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཉིན་རེའི་ཆ་སྙོམས་ཕྱིར་འཚོང་བྱེད་ཚད་དུས་མཚུངས་ལས2.4%འཕར་ཡོད། 

  • ཚོང་དོན་པུ་སོགས་སྡེ་ཁག་དྲུག་གིས་ཉིན་ཤས་སྔོན་དུ་བསམ་འཆར་དཔར་འགྲེམ་བྱས་ནས་ནུས་པ་ཆེ་རུ་གཏོང་བ་དང་གསར་གཏོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་ལྔའི་ཐད་ནས་བྱེད་ཐབས་ཁག16བཏོན་ནས། གློག་རྡུལ་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་མ་ལག་བཙུགས་ཏེ་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་པ་རེད། 

350e04177984620465d16efc17cb1f09.jpg

  • ཚེས6ཉིན་གྱི་སྔ་དྲོ། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་གཤོང་སའི་འོད་དྲོད་གློག་ཁང་བོད་ལྗོངས་སུ་སྐྲུན་མགོ་བརྩམས། 

  • སོ་ཏི་ཨ་རབ་དང་ཨུ་རུ་སུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་སྣུམ་ཐོན་རྒྱལ་ཁབ་གཙོ་བོ8ཀྱིས་ཟླ་ལྔ་པར་ཉིན་རེར་ཆ་སྙོམས་མ་བཅོས་རྡོ་སྣུམ་ཟོམ་ཁྲི20.6ཐོན་འཕར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། 

  • ས་གནས་དེ་གའི་དུས་ཚོད་ཚེས6ཉིན་གྱི་སྔ་དྲོ། དབྱི་རན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་དབྱི་རན་གྱིས“གནས་སྐབས་དམག་མཚམས་འཇོག་པ”དེ་བརྗེ་རེས་ཆ་རྐྱེན་དུ་བྱས་ནས་ཧོར་མུའུ་ཙེ་མཚོ་འགག་སླར་ཡང་སྒོ་དབྱེ་མི་སྲིད་ཅེས་བཤད་པ་རེད། 

  • ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་དེ་སྔའི་ཙུང་ཐུང་དབྱི་ཞི་ཡུའེ་འཛིན་བཟུང་ལ་འགོག་རྐྱེན་བཟོས་པའི་གྱོད་གཞིའི་འདྲི་གཅོད་གཉིས་པར་དམིགས་བསལ་ཞིབ་དཔྱོད་ཚན་སྐོར་གྱིས་ལོ་བཅུའི་དུས་བཀག་བཙོན་འཇུག་བྱ་རྒྱུའི་རེ་བ་བཏོན་པ་རེད། 

    སྤྱི་ཚོགས།

  • དམངས་སྲིད་པུས་བསྡོམས་རྩིས་བྱས་པར་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་ཉིན་གསུམ་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱིས་ས་གནས་ས་ཐོག་ཏུ་དུར་མཆོད་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི6273.4ལ་སྣེ་ལེན་ཞུས་པའི་ནང་། མེ་ཏོག་གི་དུར་མཆོད་སོགས་ལྗང་མདོག་ཐཱན་ཉུང་གི་དུར་མཆོད་བྱེད་སྟངས་སྤྱད་པའི་མང་ཚོགས་ཀྱིས་བཅུ་ཆ་དྲུག་ལྷག་ཙམ་བཟུང་ཡོད་པ་རེད། 

  • 2025ལོར་ཁྲལ་དོན་སྡེ་ཁག་གིས་རྐང་དབང་བཤུག་སྤྲོད་དང་རིག་གནས་རོལ་རྩེད་ཐད་གཏོང་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེ་བའི་མི་སྒེར4223ལ་ཞིབ་བཤེར་བྱས་པ་དང་། ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར71ཡོད། 

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས6ཉིན་བར། 2026ལོའི་དྭངས་གསལ་དུས་ཚིགས་སྐབས་ཀྱི་གློག་བརྙན་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར3ལས་བརྒལ་ནས། ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་དྭངས་གསལ་དུས་སྐབས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། 

  • ཚེས6ཉིན་བར། སྐབས139པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་སྔོན་བཀོད་བྱས་པའི་མི་གྲངས་ཁྲི19ལས་བརྒལ་ཡོད་པ་རེད། 

adaa11fc26e3c836a90dfbb3529323de.jpg

  • རང་རྒྱལ་གྱི་སྙིང་ཁམས་ཁྲག་རྩའི་བརྙན་པར་རིག་པའི་གསར་གཏོད་པ་གཙོ་བོ་ཡོན་ཧྲི་ལིའུ་ཡུས་ཆིང་ལ་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས6ཉིན་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ103ཡིན་པ་རེད། 

  • ཉེ་ཆར་པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་ནས་ཀུ་ཤུ་སྤྱོད་མཁན་ལiMessageནུས་པ་བརྒྱུད་འབྱོར་བའི“ཁྲིམས་རྩོད་པའི་ཡི་གེ”དང“བསྡུ་སྐུལ་བརྡ་ཐོ”སོགས་ཡིག་ཆར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

b97690367f22277165e6cac897404509.jpg

  •  ས་གནས་དེ་གའི་དུས་ཚོད་ཚེས5ཉིན་ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲའོ་ཞིན་ཐུང་གིས2026སི་ནུའོ་ཁེའི་སྐོར་སྐྱོད་ལེགས་སྐྱེས་འགྲན་བསྡུར་གྱི་རྟིང་རྩོད་ནང་ཨང་དང་པོ་བླངས་ནས། ལོ་རྒྱུས་ཐོག་གི་འགྲན་ཐེངས་རྐྱང་པའི་སྤོ་ལོ་རྒྱག་མཁན་གྱི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་བདམས་ཐོན་པ་དང་པོར་གྱུར་པ་རེད། 

  • དུས་ཚིགས་དང་པོར་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་དང་རླངས་འཁོར་གཏོང་ཚད་རིམ་རྩིས་བྱས་ན་མི་ཐེངས་ཁྲི800དང་རླངས་འཁོར་ཁྲི173ལས་བརྒལ་ནས། དེ་གཉིས་ཀས་ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་ཚུན་གྱི་དུས་མཚུངས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད།

640.gif

  •  སི་ཁྲོན་དབྱི་པིན་གྱི་རྒན་པ་ཞིག་རི་ལྡེབས་སུ་རྐང་འཁོར་དེད་ནས་འགྲོ་སྐབས་ས་ལ་འགྱེལ་བ་དང་། ལམ་བར་དུ་ཡོད་པའི་ཕྲུ་གུ་ཚོ་རང་འགུལ་ངང་མདུན་དུ་བསྐྱོད་དེ་རོགས་སྐྱོར་བྱས་པ་དང་འབྲེལ་མཉམ་དུ་རྐང་འཁོར་རི་ལྡེབས་སུ་འདེད་རོགས་བྱས་པ་རེད། 

    དོ་སྣང་། 

9f84b7540eaf908744918203709f2ee4.jpg

  • ཉེ་ཆར“ཨོ་སི་ཁྲུ་ལེ་ཡའི་ཐོག་མའི་ཐུམ་སྒྲིལ་ནང་འདྲེན”བྱས་པའི“ཡིའུ་སི་དབྱི”ཞེས་འབོད་པའི་བདེ་སྲུང་ཐོན་རྫས་དམར་རྗེན་དུ་བཏོན་པ་དང་། དེ་སྔ་ཚོང་ཟོག་ཁྱབ་སྒྲོག་བྱས་པའི་གྲགས་ཅན་མི་སྣ་མང་པོས་སྔ་རྗེས་སུ་དགོངས་དག་ཞུས་པས། སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། མི་དམངས་ཀྱིས་དཔྱད་གཏམ་སྤེལ་བ་ནི་འདི་ལྟ་སྟེ། གྲགས་ཅན་མི་སྣ་གཙོ་བོས་ཚོང་ཟོག་ཁྱབ་སྒྲོག་བྱས་པ་ནོར་འཁྲུལ་བྱུང་བ་དེའི་ཐོག་ནས་འགན་འཁྲིའི་འདུ་ཤེས་སྟོང་པར་ལུས་པ་མཚོན་ཡོད། ཐད་གཏོང་ཚོང་ཟོག་ཕྱིར་འཚོང་བྱེད་ཚད་ཁོ་ན་དོན་གཉེར་བྱེད་མི་རུང་བར་དེ་མཚུངས་ཀྱི་འགན་འཁྲི་ལྷག་ཏུ་འཁུར་དགོས། དེ་ནི“གནས་ཚུལ་མི་ཤེས་པ”དང་“ཁ་ཆད་གྲོལ་ཟིན་པ”ཞེས་པའི་ཚིག་གཅིག་གིས་འགན་འཁྲི་ལས་ཐར་ཐུབ་པ་ཞིག་གཏན་ནས་མིན་ལ། དགོངས་དག་ཞུ་བའི་ཚིག་གཅིག་གིས་དོན་དག་མེད་པར་གྱུར་བ་ཞིག་དེ་བས་ཀྱང་མིན། རྙོག་འཛིང་ཆེ་བའི་གནས་ཚུལ་རྩ་བཅོས་དང་དྲ་རྒྱའི་འཛད་སྤྱོད་ཁོར་ཡུག་གཙང་བཟོ་བྱེད་པར་ད་དུང་ཕྱོགས་མང་པོས་མཐུན་སྦྱོར་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་དགོས།

    འཚོ་བའི་ཞབས་ཞུ།

e4bdacdca804e0c3f204b0f073f0a952.jpg

  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས6ཉིན་རླུང་ཆེན་གྱི་སྔོན་བརྡ་སྔོན་པོ་བཏང་བ་དང་། སྔོན་དཔག་བྱས་ན་ཚེས6ཉིན་གྱི་མཚན་མོ་ནས་ཚེས8ཉིན་བར། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ནང་སོག བྱང་ཤར་ས་ཁུལ། ལྷོ་ནུབ་ས་ཁུལ་སོགས་སུ་རླུང་ཆེན་གྱི་གནམ་གཤིས་ཡོད་པ་རེད།

  •  ཐེན་ཅིན། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གིས་བྱ་ཐབས་དཔར་འགྲེམ་བྱས་ནས་སྨན་བཅོས་གུན་སྐྱོབ་ཀྱི་རོགས་སྐྱོབ་ཁྱབ་ཁོངས་སླར་ཡང་ཆེ་རུ་གཏོང་རྒྱུ་ཁ་གསལ་བཟོས་ཡོད། སྔར་ཡོད་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། མ་མཐའི་འཚོ་བ་འགན་ལེན་གྱི་མཐའ་མཚམས་ཁྱིམ་ཚང་གི་ཁོངས་མི་སོགས་རོགས་སྐྱོབ་ཚོགས་སྤྱིའི་རྨང་གཞིའི་ཐོག་དྭ་ཕྲུག་སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། 

  • ཧོ་པེ། 2026ལོའི་མཐོ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ཆེད། ཁྱོན་ཞིབ་ཕྲའི་བྱ་ཐབས20བཏོན་པའི་ནང་ཆ་རྐྱེན་འཛོམས་པའི་མཐོ་སློབ་ཐོན་སློབ་མར་ལས་གཏོད་ཁག་ཐེག་དངུལ་བུན་མཐོ་ཤོས་སྒོར་ཁྲི30མཁོ་འདོན་བྱ་རྒྱུ་ཚུད་ཡོད། 


མཉམ་སྤྱོད།