དེ་རིང་ནི2026ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-03 09:08:43   |   151

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཁེ་ལས་ཀྱི་ཡིད་རྟོན་གནས་ཚུལ་གྱི་ཕྱོགས་བསྡུས་གདེང་འཇོག་མ་ལག་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམ་བྱས།

  • ཚེས2ཉིན་ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་དང་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་ནས“གནམ་རྒྱ2026”གི་བྱ་སྤྱོད་སྤེལ་མགོ་ཚུགས།

  • དྲ་འཕྲིན་གཞུང་ལས་ཁང་དང་བཟོ་འཕྲིན་པུ། སྤྱི་བདེ་པུ་བཅས་ཀྱིས་སྤྱི་བསྒྲགས་སྤེལ་དོན། ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནསAppཡིས་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་རེད།

  • ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་སུ་བདེན་པའི་རྒྱབ་ལངས་བྱེད་མཁན་རིམ་རྩིས་བྱས་ན་མི་ཁྲི17.8ལས་བརྒལ་ཡོད་པ་གཏན་འཁེལ་བྱས།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཚེས2ཉིན་བུད་མེད་དང་བྱིས་པ་བསླུ་ཚོང་བརྒྱབ་པའི་ཉེས་གསོག་མཁན་ལ་ཆད་པ་ནན་མོ་བཅད་པའི་དཔེ་མཚོན་གྱོད་དཔེ4ཁྱབ་བསྒྲགས་བྱས།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲངས་འཛིན་མི་དམངས་ཤོག་སྒོར་གྱི་ལས་སྒོའི་གཉེར་སྐྱོང་སྒྲིག་གཞི12གསར་སྣོན་བྱས་པ་དང་ཀྲུང་དབྱང་དངུལ་ཁང་གི་མཐའ་སྣེའི་གྲངས་འཛིན་མི་དམངས་ཤོག་སྒོར་མ་ལག་དང་འབྲེལ་མཐུད་ཀྱང་བྱས་ཡོད།

1.jpg

  • ད་ལོའི་དུས་ཚིགས་དང་པོར། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར“ཀྲུང་གོའི་བགྲོད་ལམ”གྱི་འགག་རྩའི་མཚམས་ཚིགས་དང་ནང་སོག་ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར1145བཏང་ནས་འགྲོ་སྐྱོད་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ས་གནས་དེ་གའི་ཚེས1ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་རང་སྒེར་གྱིས་བསྒྲགས་དོན། དབྱི་རན་གྱི་དམག་འཁྲུག་ལ“མགྱོགས་མྱུར་དང་། ཐག་གཅོད་རང་བཞིན། ཟིལ་གནོན་རང་བཞིན་བཅས་ཀྱི་རྒྱལ་ཁ་ཐོབ་ཡོད།”

    སྤྱི་ཚོགས།

  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས2026ལོའི་བཟོ་ཚོགས་ཀྱི་ལས་ཞུགས་ཞབས་ཞུའི་བྱ་སྤྱོད་དངོས་སུ་སྤེལ་ནས་ལོ་ཧྲིལ་པོར་ལས་གནས་ཁྲི300མཁོ་འདོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

  • AIཡིས་ངོ་གདོང་བརྗེ་བ་དང་གློག་བརྙན་བརྙན་འཕྲིན་གྱི་རྒྱུ་ཆ་བཅོས་བསྒྱུར་སོགས་ཀྱི་ཐད་ཉེ་ཆར་ཀྲུང་གོ་རླུང་འཕྲིན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཁྲབ་སྟོན་པ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་ནན་མོ་སྤེལ།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བརྒྱབ།

  • ད་ལོའི་དུས་ཚིགས་དང་པོར་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་པའི་ཤང་ཀང་དང་ཨའོ་མོན་གྱི་རྟགས་རྐྱང་པའི་རླངས་འཁོར་ཐེངས་གྲངས་ཁྲི103ཟིན་པ་དེ་དུས་མཚུངས་ལས17%འཕར་ཡོད།

  • ཧྲན་ཞི་ཐའེ་ཡོན་གྱི་གྲོང་མི་འགའ་ཞིག་གིས་ཁོངས་གཏོགས་ཁུལ་གྱི“རྐང་བགྲོད་རུ་ཁག”གིས་ཐོ་རེངས་ཆུ་ཚོད་བཞི་པར་རོལ་དབྱངས་བཏང་ནས་མང་ཚོགས་ལ་རྙོག་དྲ་བཟོ་གི་ཡོད་ཅེས་བཤད། མིག་སྔར་ལས་དོན་མི་སྣས་དཔུང་ཁག་དེའི་འགན་འཁུར་བར་ཁ་ཆད་གླེང་མོལ་བྱས་པ་དང་འབྲེལ་དག་ཐེར་གྱི་བླང་བྱ་ཁ་གསལ་བཟོས།

2.png

  • ཚེས2ཉིན། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས2026ལོའི་གཅིག་སྡུད་སྦྱོང་བརྡར་ཁག་དང་པོའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཝུའུ་མེང་ཅེ་དང་། ཀྲོང་ཡུས་ཧྲན། ཀྲང་ཙི་ཞོན་སོགས་ལུས་རྩལ་པ17བདམས་ཡོད།

3.jpg

  • ས་གནས་དེ་གའི་ཚེས1ཉིན། ལོ16ལ་སླེབས་པའི་ཀྲུང་གོའི་ལུས་རྩལ་པ་ཕན་ཆི་མའོ་ཡིས2026ལོའི་འཛམ་གླིང་གཞོན་ནུ་ལོ་ཆུང་གྲི་རྩལ་ལེགས་སྐྱེས་འགྲན་བསྡུར་གྱི་གཞོན་ནུ་ཚོགས་ཆུང་གི་བུད་མེད་གྲི་རྩལ་གྱི་མི་སྒེར་གྱི་ཨང་དང་པོ་བླངས།

  • ཟླ4པའི་ཚེས1ནས་ཟླ7པའི་ཚེས31ཉིན་བར། ཧྲའན་ཞིའི་རྨ་ཆུའི་འབབ་རྒྱུད་དུ་ཉ་འཛིན་མི་ཆོག་པའི་ཉ་རྒྱ་བཏང་།

    དོ་སྣང་།

6.jpg

  • ཉེ་ཆར།“ཀྲང་ཞུའེ་འཁོར་གཏོང”ལ་དོ་སྣང་བྱེད་མཁན་མང་བ་མ་ཟད། དེ་དང་འབྲེལ་བའི་བཅར་འདྲི་ཞིག་རྒྱ་ཁྱབ་ཏུ་ཁྱབ་བཞིན་ཡོད། ཁྲུང་ཆིང་སྲིད་གཞུང་གིས་རྒྱབ་སྐྱོར་གང་དག་བྱས་ཡོད་ཅེས་འདྲི་སྐབས། ཀྲང་ཞུའེ་ཡིས་སྦ་གསང་མེད་པར་“རྒྱབ་སྐྱོར་གཅིག་ཀྱང་བྱས་མེད་”ཅེས་ལན་བཏབ། དེ་ལྟར་དྲང་མོར་ལན་བཏབ་པའི་བརྙན་དེར་སྨྱན་སྦྱོར་ཁག་གཅིག་གིས་མགོ་རྔ་བཅད་ནས་བརྒྱུད་བསྐུར་དང་། ཡང་ན་ས་གནས་དེ་གའི་སྲིད་གཞུང་གི “མིག་རྒྱ”ལ་འཕྱ་སྨོད་བྱེད་པའམ་ཡང་ན་ཀྲང་ཞུའེ་ཡི་གྲུབ་འབྲས་དེ་དཔའ་བོ་ཁེར་རྒྱུག་གི་གྲུབ་འབྲས་ཡིན་པར་འགྲེལ་བཤད་བརྒྱབ། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་བ་སྟེ། སྲིད་གཞུང་གི་རྒྱབ་སྐྱོར་བྱེད་སྟངས་ནི“ཟུངས་ཁྲག་སྣོན་པ”ཁོ་ན་ཙམ་མ་ཡིན་པར། སྣ་མང་གི“ནུས་པ་སྣོན་པ”ཡིན། ད་ཆ་སྲིད་གཞུང་གིས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པ་དེ་སྔ་ས་ནས“མ་དངུལ་དང་དངོས་ཟོག་གི་རོགས་སྐྱོར”ལས་བརྒལ་ཡོད་པ་དང་། མ་དངུལ་གཏོང་བ་དང་། སྲིད་ཇུས་ཀྱི་རོགས་སྐྱོར། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཐད་ཀར་རྒྱབ་སྐྱོར་བྱེད་པ་མ་ཟད། ད་དུང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཐོན་ལས་སྐྱེ་ཁམས་སྐྱེད་སྲིང་བྱེད་པ་སོགས་གཞན་བརྒྱུད་ཀྱི་རྒྱབ་སྐྱོར་སོགས་ཀྱང་ཡོད།

    འཚོ་བའི་ཞབས་ཞུ།

5.jpg

  • དེ་རིང་དང་སང་ཉིན་བར། རེས་སྐོར་གསར་པའི་ཆར་པ་དང་གཏད་རྒྱུག་དྲག་པོའི་གནམ་གཤིས་འདུག་པ་དང་། ཧུའུ་ནན་དང་ཅང་ཞི་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།