དེ་རིང་ནི2026ལོའི་ཟླ04པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-08 09:16:11   |   49

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སློབ་གྲྭའི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཏོན་པ་རེད། 

  • ཟླ4ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ལིན་ལ་གློག་འཕྲིན་བཏང་ནས། ཁོང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད། 

  • ཉིན་ཤས་གོང་། 《ཐོན་ལས་སྦྲེལ་ཐག་གི་བདེ་འཇགས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་བྱས། 

  • ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་སྐོར8ཀྱིས་ས་གནས་དང་ཚན་པ20རུ་བཅའ་སྡོད་ལས་དོན་ལེགས་སྒྲུབ་བྱས་པ་རེད། 

  • 2025ལོར་རྒྱལ་ཡོངས་ཀྱི་བྱ་གཞག་ཚན་པ་དང་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་བརྡ་ཁྱབ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི2ལས་ཐོག་མར་བརྒལ་ནས། 2020ལོ་ལས་ཡོང་འབབ་གཞི་ཁྱོན་ལྡབ་གཅིག་འཕར་ཡོད། 

  • 2026ལོའི་ཟླ3པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར33421ཡིན། 

3eca80c8433aaf41ee03c49fac400050.jpg

  • ཚེས7ཉིན། ཧའེ་ནན་གྱི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ“མདའ་གཅིག་དང་སྲུང་སྐར་བཅོ་བརྒྱད”ཀྱི་བྱེད་ཐབས་ཐོག་ནས། གཡོར་སྟོང་སྐར་ཚོམ་གྱི་ཁག་བདུན་པའི་དྲ་བའི་སྲུང་སྐར་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་ནས་འཕེན་གཏོང་ལེགས་གྲུབ་བྱུང་ཡོད། 

  • འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས2030ལོ་ནས་བཟུང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་ལེགས་སྐྱེས་འགྲན་བསྡུར་འཛུགས་རྒྱུ་དང་། མ་ལ་སུང་རྒྱང་རྒྱུག་རྣམ་གྲངས་དེ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཁྲོད་ནས་རང་ཚུགས་ངང་སྤེལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 

  • ཚེས7ཉིན་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་བཏང་ནས། དབྱི་རན་ལ“དོ་དགོང་ཤེས་དཔལ་ཧྲིལ་པོ་མེད་པར་འགྱུར་རྒྱུ་རེད”ཅེས་འཇིགས་སྐུལ་བྱས་པ་རེད། 

    སྤྱི་ཚོགས།

  • རྒྱལ་ཁབ་ཀྱིས་བཅོས་སྣུམ་གྱི་རིན་གོང་ལ་མུ་མཐུད་སྙོམས་སྒྲིག་བྱེད་ཐབས་སྤྱད་དེ། བཅོས་སྣུམ་གྱི་རིན་གོང་རྐྱེན་སྲོལ་ལྟར་རྩིས་བརྒྱབ་ན། ཚེས7ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ(ཚད་ལྡན་ཐོན་རྫས)གྱི་རིན་གོང་སོ་སོར་ཏུན་རེར་སྒོར800དང་སྒོར770སྤར་དགོས་པ་དང་། སྙོམས་སྒྲིག་བྱས་རྗེས་དོན་དངོས་ཐོག་སྒོར420དང་སྒོར400སྤོར་དགོས། 

  • དྭངས་གསལ་དུས་ཆེན་གྱི་ངལ་གསོའི་ཉིན་གསུམ་རིང་། རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་གནས་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར1.35ཡོད་པ་དེ་དུས་མཚུངས་ལས6.8%འཕར་ཡོད། 

  • ད་ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་ཁྱོན་མི་ཐེངས་ཁྲི677.9ས་མཚམས་ནས་འགྲོ་འོང་བྱས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི226ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས9.1%འཕར་ཡོད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཉེ་དུས་སྡོད་དམངས་ཀྱི་ཆུ་གློག་ཚད་འཇལ་དང་གྲོན་བསྡུའི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་སྤེལ་ནས། འབྲེལ་ཡོད་ཁེ་ལས་ལ་རིམ་རྩིས་བྱས་ན་གྲོན་དངུལ་སྒོར་དུང་ཕྱུར3.01ཕྱིར་སློག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། མིག་སྔར་ཚང་མ་འཛད་སྤྱོད་པར་ཕྱིར་སློག་བྱས་ཡོད། 

  • རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་དང་ལས་འཛིན་དཔོན་གཞོན་པ་ཝང་ཝུན་ལིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ཞིབ་དཔྱོད་ལས་ཁུངས་ཀྱིས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཧྲེང་ཀྲང་གཞོན་པ་དང་། ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་ཐིང་ཀྲང་ཡེ་ཧན་པིང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད། 

  • རང་རྒྱལ་གྱི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས42པས་གནས་ཚུལ་སྤེལ་བར་གཞིགས་ན། རྟོག་ཞིབ་བྱེད་རིང་འཁྱགས་འོག་མཚེའུ་རུ་ཁག་གིས་རང་རྒྱལ་གྱི་ལྷོ་སྣེའི་འཁྱགས་རིམ་གྱི་ཆུ་ཚ་པོ་གསོར་འབིགས་ཚོད་ལྟ་ཐེངས་དང་པོ་ལེགས་གྲུབ་བྱུང་ནས། གཏིང་ཚད་སྨི3413ལ་སླེབས་པ་དེས་རང་རྒྱལ་ལ་ལྷོ་སྣེའི་འཁྱགས་ཁེབས་དང་བྱང་སྣེའི་འཁྱགས་ཁེབས་ཡོངས་ལ་གསོར་འབིགས་རྩད་ཞིབ་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ་མཚོན་ཡོད། 

  • ཚེས7ཉིན། རང་རྒྱལ་གྱི་ཆུ་ཆེས་གཏིང་ཟབ་ཤོས་ཀྱི་མཚོ་གཏིང་རླུང་གློག་རྣམ་གྲངས་ཏེ། ཧྭ་ནེང་ཧྲན་ཏུང་ཕྱེད་གླིང་གི་བྱང་ནས་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ཤོང་ཚད་ཡོངས་དྲ་སྦྲེལ་གློག་འདོན་བྱས་པ་རེད། 

894bb154623a9105a4ded759269433c9.jpg

  • ཉེ་ཆར་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གཡི་དཀར་ཞིག་བདེ་བླག་ངང་བསྐྱབས་པ་དང་། ཕྱིས་སུ་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་དེར་ཕྱི་རོལ་དུ་གློད་པའི་ཆ་རྐྱེན་འཛོམས་མིན་བརྡར་ཤ་གཅོད་རྒྱུ་ཡིན་པ་རེད། 

    དོ་སྣང་།

31669283f3b986bc7addcce439e9ca88.jpg

  • དྭངས་གསལ་དུས་ཆེན་སྐབས། ཉིང་ཞ་ཀུའུ་ཡོན་གྱིས་དགེ་རྒན་གྲགས་ཅན3000ལྷག་སྒྲིག་འཛུགས་བྱས་ཏེ་རྐང་བགྲོད་ལེ་དབར108ཕྱིན་ནས་རེན་ཧྲན་རི་བོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས། ལོ31རིང་རྒྱུན་འཁྱོངས་བྱས་པའི་བྱེད་སྒོ་དེར་དོ་ཁུར་ཆེན་པོ་ཐོབ་ཀྱང་དོགས་འདྲི་ཁ་ཤས་ཀྱང་བྱུང་ཡོད། མི་དམངས་ཀྱིས་དཔྱད་གཏམ་སྤེལ་བ་ནི། མིང་བཙོག་བཟོས་ནས“བར་ཆད་སློབ་གསོ”དང་། འགུལ་ཙམ་ནས“ངོམ་སྟོན”སོགས་ཀྱི་ཤོག་བྱང་སྦྱོར་བ་སོགས་མ་བྱེད། འོས་འཚམ་དང་ལུགས་མཐུན། ཕན་ནུས་ལྡན་པ་བཅས་ཡིན་ན། ཕྲུ་གུ་འཚར་ལོངས་ཡོང་བར་རོགས་རམ་བྱེད་ཐུབ་པ་མ་ཟད། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་བསམ་པའི་སྟོབས་ཤུགས་གསོག་འཇོག་ཀྱང་བྱེད་ཐུབ། སྔོན་གཤེགས་དཔའ་བོར་མཆོད་འབུལ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་ནི་རྒྱལ་ཁབ་དང་མི་རིགས་ཧྲིལ་པོའི་བསམ་པའི་ཁྲག་རྒྱུན་དང་འབྲེལ་བ་ཡོད་པའི་དོན་ཆེན་ཡིན། 

    འཚོ་བའི་ཞབས་ཞུ།

86b6fa425ce97f82c2487537aae841b8.jpg

  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་བཏང་བ་སྟེ། དེ་རིང་ཧུའུ་པེ་དང་ཀོང་ཞི། ཁྲུང་ཆིང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལྔ་ལ་རིམ་པ་བཅུ་ཡན་གྱི་རླུང་ཆེན་དྲག་པོ་ཡོད་པ་རེད། 

  • པེ་ཅིང་། ཏ་ཞིང་གནམ་ཐང་གི་པ་ཧྲི་འགྲུལ་སྐྱེལ་རླངས་འཁོར་གྱི་རེས་སྐོར་གསར་པའི་ལམ་ཐིག་ལེགས་སྒྲིག་བྱས་ནས་མཚན་མོའི་ཀྲུང་ཀོན་སྡེ་བའི་ལམ་ཐིག་གཉེར་སྐྱོང་དུས་ཚོད་ཐོ་རེངས་ཆུ་ཚོད3:00བར་རིང་དུ་བཏང་བའི་ནང་ཆུ་ཚོད1:00གོང་གི་རླངས་འཁོར་གཏོང་བའི་བར་ཐག་སྐར་མ20ཡི་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་དང་། ཆུ་ཚོད1:00ནས3:00བར་གྱི་འཁོར་ཁང་སྐར་མ30ནང་ཚུན་དུ་ཚོད་འཛིན་བྱས་ནས། འགྲུལ་པ་གང་ན་ལམ་སང་གཏོང་བ་ཡིན།

  • ཅང་ཞི། ཟླ4ཚེས7ཉིན་གྱི་ཆུ་ཚོད8པ་ནས་ཚེས21ཉིན་གྱི་ཆུ་ཚོད16པའི་བར། G60ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ལི་ཡོན་ནས་ཏུང་ཤང་དུམ་བུའི་ལྟེ་གནས་ཆེན་པོ་གསུམ་གྱི་དཀྲི་ལམ་དང་ལམ་དུམ་གཙོ་བོ་ཁག་གཅིག་བཀག་སྡོམ་བྱས་ནས་ཨར་ལས་བྱ་རྒྱུ་རེད། 


མཉམ་སྤྱོད།