དེ་རིང་ནི2026ལོའི་ཟླ04པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-09 09:07:39   |   60

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

42b1db27e374e28df9eee37e3b6c709c.jpg

  • ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས། བསམ་བློའི་ཀུན་སྤྱོད་དག་ཐེར་དང་ཆབ་སྲིད་དག་ཐེར་གཏིང་ཟབ་ཏུ་བཏང་སྟེ། ཆབ་སྲིད་ཀྱི་རྣམ་པ་གསར་རྐྱང་གི་ཐོག་ནས་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་པ་ནན་གྱིས་བསྟན། 

  • ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་གནང་ནས་དགོས་མཁོས་སྣེ་ཁྲིད་དང་སྒྱུར་བཅོས་འགག་སྒྲོལ། ཚན་རྩལ་གྱི་ནུས་པ། སྒོ་དབྱེ་མཉམ་ལས་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་པ་ནན་གྱིས་བསྟན། 

  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་བྱ་ཡུལ་ཁྱབ་བསྒྲགས་བྱས། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཞུང་ཁོངས་རྒྱུ་ནོར་ལས་དོན་ཅུ་གསར་དུ་བཙུགས། 

87ddffc2bc3bff8c074c57edc5dce76e.jpg

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་སྨན་བཅོས་གུན་སྐྱོབ་ཀྱི་སྟབས་བདེའི་གཏོང་སྤྲོད་ས་ཁུལ་གྱི་མིང་ཐོ་ཁག་དང་པོ་ཡོངས་བསྒྲགས་བྱས། 

  • མཐོ་གཉིས་ཀྱིས་མཉམ་འབྲེལ་ཐོག་དམངས་སྤྱོད་མཁའ་འགྲུལ་གྱི་འཕུར་སྐྱོད་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་དོན་གྱོད་གཞི་སྒྲུབ་པའི་ཁྲིམས་འཛིན་འགྲེལ་བཤད་ཁྱབ་བསྒྲགས་བྱས་ནས། གནམ་གྲུའི་ཐོག་སྒྲིག་འགལ་ངང་གྲུ་ཁང་སྒོ་ཕྱེ་བ་སོགས་ཉེས་གསོག་གི་ཚད་གཞི་ཁ་གསལ་བཟོས་ཡོད། 

  • རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་དཔེ་འདེམས་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན། མི་བཅུ་ཆའི་བདུན་གྱིས་མེ་གསོད་འཕྲུལ་ཆས་ཡང་དག་སྤྱོད་མི་ཤེས་ཤིང་། རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་སྡེ་ཁག་མང་པོ་དང་མཉམ་དུ་མེ་གསོད་རྒྱུན་ཤེས་ཁྱབ་གདལ་ཆེན་པོ་དང་གཞི་རྩའི་རྩལ་ནུས་གསོ་སྦྱོང་ཆེན་པོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། 

  • རང་རྒྱལ་གྱིས་གྲངས་གཞིའི་ཁྱབ་ཁོངས་ཀྱི་ཐ་སྙད་འགྲེལ་བཤད་དང་ཚད་གཞི་བཟོ་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། 《གྲངས་གཞིའི་རྨང་གཞིའི་ཐ་སྙད》སོགས་རྒྱལ་ཁབ་ཀྱི་ཚད་གཞི་ཁག22ཉེ་ཆར་སྤྱི་ཚོགས་ལ་ཕྱོགས་ནས་བསམ་འཆར་བསྡུ་ལེན་བྱས་པ་རེད། 

  • ཚེས8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ངོགས་གཉིས་ཀྱི་བྱ་བ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཁྱིམ་གྱི་བྱ་བ་ཞིག་ཡིན་པས། ནང་མིས་གྲོས་བསྡུར་བྱས་ནས་སྒྲུབ་དགོས་པ་དང་ངོགས་གཉིས་ཀྱི་སྤུན་ཟླར་རང་ཉིད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་བློ་གྲོས་དང་ནུས་པ་གང་ལེགས་ལྡན་ཡོད་ཅེས་བཤད་པ་རེད། 

037a46970e1630dc2e470b757921caec.jpg

  • ཉེ་ཆར་མཚོ་དམག་ཨན་ཆིང་དམག་གྲུ་དང་ལི་ཧྲུའེ་དམག་གྲུ། པིན་ཀྲོའུ་དམག་གྲུ་སོགས་དམག་གྲུ་མང་པོས་ཤུགས་ཚད་མཐོ་བ་དང་སློབ་ཚན་མང་བའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་སྒྲིག་འཛུགས་བྱས་ནས་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་དཔུང་སྡེའི་ཕྱོགས་བསྡུས་རྒོལ་འགོག་དང་རྒྱུན་མཐུད་དམག་འཐབ་ཀྱི་ནུས་པ་སྦྱོང་བརྡར་བྱས་པ་རེད། 

    སྤྱི་ཚོགས།

  • ཚེས8ཉིན་ནས་བཟུང་། ལྕགས་ལམ་སྡེ་ཁག་གིས་མྱུར་བགྲོད་ལྕགས་ལམ་གྱི་གཅེས་ཉར་སྲོག་ཆགས་མངགས་འདྲེན་ཞབས་ཞུ་ལེགས་སུ་བཏང་ནས། “གཅེས་ཉར་ཁྲིད་ནས་སྐྱོད”པ་དང“གཅེས་ཉར་ཁེར་སྐྱོད”ཀྱི་མངགས་འདྲེན་བྱེད་སྟངས་གཉིས་མཁོ་འདོན་བྱས་ཡོད། 

  • ནུབ་བྱང་བཟོ་ལས་སློབ་ཆེན་དང་པེ་ཅིང་ལུགས་བཟོ་སློབ་ཆེན་སོགས་མཐོ་སློབ་མང་པོ་ཞིག་གིས“འབུམ་རམས་པ་དང་རབ་འབྱམས་པ་ཟུང་དུ་འབྲེལ་བའི”བསླབ་གནས་གཉིས་ལྡན་གྱི་རྣམ་གྲངས་སྔ་རྗེས་སུ་སྤེལ་མགོ་བརྩམས་ནས། འབུམ་རམས་པའི་སློབ་མས་མི་ཐབས་རིག་ནུས་སོགས་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་སྦྱོང་རྒྱུར་སྐུལ་ལྕག་བྱས་པ་རེད། 

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ན་གྱེས་རྡུལ་གློག་རྫས་ཀྱི་ཚ་བ་ཚོད་འཛིན་མི་ཐུབ་པའི་དཀའ་གནད་བསལ་ནས། ནུས་རྒྱུ་གསར་པའི་གློག་རྫས་བདེ་འཇགས་ཀྱི་དཀའ་གནད་སེལ་ཆེད་ལག་རྩལ་གསར་རྐྱང་གི་ཇུས་གཞི་མཁོ་འདོན་བྱས་ཡོད། 

  • རང་རྒྱལ་གྱིས་ནུས་རྒྱུ་གཙང་མའི་གྲུ་གཟིངས་ཆེ་གྲས་བཟོ་སྐྲུན་ཁྱབ་ཁོངས་སུ་ཚད་བརྒལ་ཆེན་པོ་བྱུང་ནས། སྨི་རྒྱ་དཔངས་གྲུ་བཞི་ཁྲི18ཅན་གྱི་གཤེར་འགྱུར་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་ཐོག་མ་དེ་ཚེས8ཉིན་ཅང་སུའུ་ནན་ཐུང་དུ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྤྱི་བསྒྲགས་སྤེལ་ནས། “གློག་གསར་བ”སྤྱོད་མི་ཆོག་པ་ཁྱབ་བསྒྲགས་བྱས་པ་རེད། 

  • “ཀྲོའུ་ཅི་མགྲོན་ཁང”གི་ཚོགས་མིའི་དོན་ཚན་གྱིས་འཛད་སྤྱོད་པའི་དབང་ཆར་ཚོད་འཛིན་བྱས་པས། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་མཉམ་འབྲེལ་ཐོག་ཁ་ཆད་གྲོས་མོལ་བྱས་པ་རེད། 

  • ཧེ་ལུང་ཅང་ཞིབ་དཔྱོད་ལས་ཁུངས་ཀྱིས་དེ་སྔའི་ཀྲུང་གོ་རྫས་འགྱུར་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ཏང་ཙུའུ་ཁོངས་མི་དང་སྤྱི་གཉེར་གཞོན་པ་ཧྥེང་ཀྲི་པིན་གྱིས་ལྐོག་རྔན་བླངས་པ་དང་། ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པ། གཞུང་ཁོངས་སྤྱི་གཉེར་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་བཅས་ལ་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད། 

  • ཆུ་མཆོང་ལུས་རྩལ་པ་ཆོན་ཧུང་ཁྲན་ལ་དྲ་རྒྱའི་གཏུམ་སྤྱོད་ཕོག་ནས། ཀོང་ཏུང་ཞིང་ཆེན་ལུས་རྩལ་ཅུ་ཨར་ཧྲ་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱིས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས་པ་རེད། 

  • རྒྱལ་ཁབ་ཀྱི་ཕིང་ཕང་སྤོ་ལོའི་རུ་ཁག་གིས2026ལོན་ཏོན་གྱི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཚོགས་པའི་འགྲན་བསྡུར་གྱི་དཔུང་ཤུགས་ཁྱབ་བསྒྲགས་བྱས་པ་དང་། ཝང་ཁྲུའུ་ཆིན་དང་སུན་དབྱིང་ཧྲ་སོགས་རུ་མི10བདམས་ཐོན་བྱུང་བ་དང་། ཧྥན་ཀྲེན་ཏུང་གིས་མི་སྒེར་གྱི་རྐྱེན་པས་འགྲན་ཞུགས་ཐོབ་ཐང་རང་མོས་ངང་དོར་བ་རེད། 

5e9b42032af2f1ae2a144ffcba4e5653.jpg

  • ཉིང་ཞ་ཡི་ལོ56ལ་སླེབས་པའི་ཁ་ལོ་བ་ཀྲོའུ་ཆི་ཧུང་གིས་འགྲུལ་སྐྱེལ་ལས་འགན་སྒྲུབ་པའི་ལམ་བར་དུ་གློ་བུར་དུ་ན་ཚ་བྱུང་བ་དང་། ཁོང་གིས་ཚེ་སྲོག་གི་མཐའ་མའི་སྐར་ཆ5ཡི་ནང་ཉེན་སེལ་བྱེད་ཐབས་སྤྱད་ནས། རླངས་འཁོར་ནང་གི་འགྲུལ་པ45ཡི་བདེ་འཇགས་སྲུང་སྐྱོབ་བྱས་པ་རེད། 

    དོ་སྣང་།

640.gif

  • ཉེ་ཆར་སྐྱེས་པ་ཞིག་ལག་པ་གཉིས་ལ་བརྟེན་ནས་ལམ་དུ་བསྐྱོད་པའི་བརྙན་ལམ་ལ་བརྟེན་ནས། མཐའ་མཚམས་སུ་གཞི་ཚུགས་པའི་གྲོང་གསེབ་ཀྱི་སྨན་པ་ལི་ཡི་ལས་གཏོད་སྤྱི་དམངས་ཀྱི་མིག་ལམ་དུ་མངོན། མི་དམངས་ཀྱིས་དཔྱད་གཏམ་སྤེལ་བ་ནི་འདི་ལྟ་སྟེ། ཚེ་སྲོག་གི་མཐོ་ཚད་ནི་ཐོག་མ་ཉིད་ནས་ལུས་ཀྱི་ཉམས་འགྱུར་དང་རྒྱུ་ནོར། མིང་སྟོང་བཅས་ལ་རག་ལས་མེད་པར་བསམ་པའི་འཕར་ཚད་ལ་རག་ལས་ཡོད་པ་སྟེ། སེམས་ལ་དད་པ་ཡོད་པ་དང་མི་ཚེར་དགའ་ཞེན་ཆེ་བ། རང་ཉིད་ལ་ཁྱད་ཆོས་ལྡན་པ། མི་གཞན་ལ་འོད་སྣང་སྦྱིན་པ་བཅས་ཀྱི་ཐོག་ནས་འཛམ་གླིང་ལ་དྲོ་སྐྱིད་སྦྱིན་ཐུབ། 

    འཚོ་བའི་ཞབས་ཞུ།

a81ab419abd34dd37a4efdf6681b7a43.jpg

  • གནམ་གཤིས། ཚེས8ཉིན་གྱི་མཚན་མོ་ནས་ཚེས10ཉིན་བར། ཅང་ཧན་དང་ཅང་ཧོའེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ཁྲུང་ཆིང་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་ཡོད་པ་མ་ཟད། དུས་ཐུང་ཆར་པ་ཆེན་པོ་འབབ་པ་དང་། གློག་འཁྱུག་རླུང་ཆེན་དང་སེར་བ་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས8ཉིན་གྱི་དགོང་མོར་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་དང་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་སེར་པོ་མུ་མཐུད་ཁྱབ་བསྒྲགས་བྱས་པ་རེད། 

  • ཞིབ་འཇུག་རྒྱུགས་སྤྲོད། 2026ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུ“སྙོམས་སྒྲིག་ཞབས་ཞུའི་མ་ལག”ཚེས8ཉིན་ཤར་གཏོང་ཐུབ་ཡོད། 

  • པེ་ཅིང་། གྲོང་ཁྱེར་སྤྱི་བདེ་ཅུ་འགྲིམ་འགྲུལ་དོ་དམ་ཅུ་དང་རྒྱལ་སའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཨུ་ལྷན་གཞུང་ལས་ཁང་གིས་ཐུན་མོང་ཐོག་རྐང་འཁོར་མ་ཡིན་པའི་ཤེས་དཔལ་ཕྱིར་སྐྱོད་ཀྱི་གྲོས་མགོའི་ཡི་གེ་ཁྱབ་བསྒྲགས་བྱས་ནས། སྡོད་དམངས་ལ་རྨོག་ཞྭ་གྱོན་ནས་བདེ་འཇགས་ངང་ཁྲིམས་སྲུང་དགོས་པའི་འབོད་སྐུལ་བྱས་པ་རེད། 


མཉམ་སྤྱོད།