དེ་རིང་ནི2026ལོའི་ཟླ04པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-10 09:08:46   |   35

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་ཟླ4ཚེས14ནས17ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་དཔར་འགྲེམ་བྱས་པའི《ཀྲུང་གོའི(ནང་སོག)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་གཞི》ཚེས9ཉིན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་རེད། ད་བར་དུ་ཀྲུང་གོའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ23བར་རྒྱ་ཆེར་བཏང་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར《རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》དཔར་འགྲེམ་བྱས།

  • ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་འཛད་སྤྱོད་དངོས་རྫས་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས4.8%འཕར་བ་དང་། འཛད་སྤྱོད་དངོས་རྫས་བཟོ་ལས་སྤྱི་ཡོངས་ནས་འཁོར་རྒྱུག་བྱེད་མགོ་ཡག་པོ་ཚུགས་ཡོད་པ་རེད།

  • དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར11.33སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས5.5%འཕར་ཡོད།

  • རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་གསུམ་པའི་ཟླ་མཇུག་བར་རྒྱལ་ཡོངས་བརྙན་འཕྲིན་འཕྲིན་ལམ་གྱིས་སྨན་རྫས་དྲིལ་སྒྲོག་གི་བརྡ་ཁྱབ་རྫུན་མ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཡོད།

99875205a664105b3114c135914d1a71.jpg

  • ཚེས9ཉིན་ཀྲུང་གོས་ལྷོ་སྣེར་རྟོག་ཞིབ་ཐེངས42པ་ལག་བསྟར་བྱས་པའི“གངས་འབྲུག”རྟགས་ཅན་རྒྱལ་ནང་དུ་ལོག་པ་རེད།

89c41673f674809b064d387da38ba316.jpg

  • ཚེས9ཉིན་གྱི་དུས་ཚོད3དང་སྐར་མ38སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་ཚན་སྐོར21གི་སྲུང་སྐར་འཕེན་གཏོང་བྱས་པ་རེད།

  • འཇར་པན་གྱིས“དགྲ་བོའི་རྟེན་གཞིར་ཕར་རྒོལ་བྱེད་ནུས་ལྡན་པའི”རྒྱང་རིང་འཕུར་མདེལ་བཀོད་སྒྲིག་བྱས་པར་དམིགས་ཏེ། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོའི་དམག་དཔུང་ལ་འཇིགས་སྐུལ་དང་འཁྲུག་རྐྱེན་སློང་བར་ངོ་རྒོལ་བྱེད་པའི་ནུས་པ་འདང་ངེས་ཡོད་པས། བཙན་འཛུལ་པར་ཐེག་དཀའ་བའི་རིན་དོད་འཇལ་དུ་བཅུག་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་ཡིན་ཞེས་ལན་བཏབ་པ་རེད།

    སྤྱི་ཚོགས།

  • 《དྲ་སྦྲེལ་ལས་སྟེགས་ཀྱི་རིན་གོང་བྱ་སྤྱོད་སྒྲིག་སྲོལ》དེ་རིང་ནས་བཟུང་ལག་བསྟར་བྱས་ཏེ། ལས་སྟེགས་ཁེ་ལས་ཀྱིས་ཁ་གསབ་དངུལ་གྲངས་དང་ཤུགས་ཚད་དྲིལ་སྒྲོག་རྫུན་མ་དང་འུད་སྒྲོག་བྱེད་མི་རུང་བ་ཁ་གསལ་བཟོས་ཡོད།

  • ཚེས9ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚན་ཞིབ་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད10བརྡ་ཁྱབ་བཏང་བ་རེད།

  • ཨན་ཧུའེ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཡའོ་ཡུས་ཀྲོའུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཚེས9ཉིན་ནུབ་བྱང་སློབ་ཆེན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་ནས། སློབ་གྲྭས་ཅ་ཆེ་གེ་མོའི་དོགས་ཡོད་དཔྱད་རྩོམ་བཤུ་འབྲི་བརྟག་དཔྱད་བྱེད་མགོ་བརྩམས་པ་རེད།

  • ཉིན་ཤས་གོང་། 《བདུད་ཕྲུག་ནོ་ཊ་ཡིས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གོ་ལ་ཧྲིལ་པོའི་སྤ་སེ་འཚོང་ཚད《ཐའེ་ཐན་ཉི་ཁེ་རྟགས་ཅན》ལས་བརྒལ་ནས། གོ་ལ་ཧྲིལ་པོའི་སྤ་སེ་འཚོང་ཚད་ཀྱི་ཨང་རིམ་བཞི་པར་སླེབས་ཡོད།

  • ཚེས9ཉིན་གྱི་ཆུ་ཚོད0བར། ཧེང་ཆིན་འགག་སྒོའི་ལོ་འཁོར་འདིའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི1000ལས་བརྒལ་ཞིང་། དེ་ན་ནིང་ལས་ཉིན29སྔ་སྣུར་དུ་འགག་སྒོ་ཤར་གཏོང་ཐུབ་ཚུན་གྱི་ཟིན་ཐོ་མགྱོགས་ཤོས་བཏོད་ཡོད།

ce0fd6d289d67d7e720998995ff99189.jpg

  • ཉེ་ཆར། མི་ཐབས་ལ་བརྟེན་ནས་ལོ29རིང་ས་མཐོའི་སྟག་མ་རྩ་ཆེན་རིགས་ཤིག་སྟེ་ཐུའུ་ཅན་སྟག་མ་སྐྱེད་སྲིང་བྱས་ཤིང་། དེ་སི་ཁྲོན་ཏུའུ་ཅང་ཡན་དུ་མེ་ཏོག་ཐེངས་དང་པོ་བཞད་ཡོད།

  • ཉེ་ཆར། རང་རྒྱལ་གྱིས་སི་རི་ལན་ཁའི་ཉེན་རྟོག་ཕྱོགས་དང་མཉམ་ལས་བྱས་ནས་རྒྱལ་ཁོངས་སྒྲོལ་བའི་གློག་འཕྲིན་གཡོ་ལེན་གྱི་ཉེས་གསོག་ལ་རྡུང་རྡེག་བཏང་བ་དང་། སི་རི་ལན་ཁའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པའི་གློག་འཕྲིན་གཡོ་ལེན་གྱི་མི་སྣ125རང་རྒྱལ་དུ་ཕྱིར་སློག་བྱ་རྒྱུ་ཡིན་པ་རེད།

640.gif

  • ཉེ་ཆར། སི་ཁྲོན་ལུའུ་ཀྲོའུ་ཡི་བུ་ཆུང་ཞིག་སྨི4ཡོད་པའི་ཁྲོན་པའི་ནང་དུ་ལྷུང་བ་དང་། བུད་མེད་གཅིག་གིས་རོགས་སྐྱོབ་ཚོད་ལྟ་བྱས་པར་ཕྱིར་ཡོང་མ་ཐུབ། ཕྱིར་འཚོང་ཨ་ཇོ་ཁྲེན་ཅུན་ཧྥེ་ཡིས་རློན་ཤུད་དྲི་ངན་ལ་མ་བལྟོས་པར་བློ་ཐག་རྦད་ཆོད་ཀྱིས་ཁྲོན་པའི་ནང་དུ་མཆོངས་ཏེ། ཉེན་ཁའི་གནས་སུ་གྱར་བའི་མི་གཉིས་བསྐྱབས་པ་རེད།

    དོ་སྣང་། 

580353e3b8f3ba9834b2895fafc5eb80.jpg

  • ཉེ་ཆར། པོད་མགྲོན་ཞིག་གིསAIཟློས་གར་ཐུང་གྲས《ཁམ་བུའི་མེ་ཏོག་གི་སྐྲ་རྒྱན》ནང་གི་ལྡོག་ཕྱོགས་ཀྱི་མི་སྣ་ཞིག་རང་ཉིད་ཀྱི་གནའ་བོའི་གྱོན་ཆས་གོན་པའི་ཚུགས་ཀ་དང་ཚད་མཐོའི་འདྲ་མཚུངས་ཡིན་པ་བརྗོད་ཡོད། མི་དམངས་རུའེ་ཡིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། AIའདྲེས་སྦྱོར་ནི་འགན་འཁྲི་མི་འཁུར་བའི་ཁ་གཡོར་ས་མིན། ཟློས་གར་ཐུང་ངུ་སོགས་གསར་དར་ལས་རྣམ་གྱི་ལས་གཉེར་པས་ལག་རྩལ་གསར་པ་སྤྱད་དེ་ནང་དོན་གསར་རྩོམ་བྱེད་སྐབས། བཅའ་ཁྲིམས་ཀྱི་མཐའ་ཚད་དང་ཀུན་སྤྱོད་ཀྱི་དམར་ཐིག་བརྟན་སྲུང་བྱས་ཏེ། ཁྲིམས་སྲུང་གི་མཐའ་མཚམས་ནང་དུ་ལག་རྩལ་གྱི་ཁེ་སྤོགས་ལོངས་སུ་སྤྱོད་དགོས་པ་ལས། “ལག་རྩལ་སྟབས་འཁེལ”ཞེས་པའི་མིང་ཐོག་ནས་མི་གཞན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་མི་རུང་།

    འཚོ་བའི་ཞབས་ཞུ།

02d78d90c1c2167746bfb1981d28937c.jpg

  • གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་དང་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་བཏང་། སྔོན་དཔག་བྱས་ན་ཚེས9ཉིན་གྱི་ཆུ་ཚོད20ནས་ཚེས10ཉིན་གྱི་ཆུ་ཚོད20བར། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་སི་ཁྲོན་དབུས་རྒྱུད། ཁྲུང་ཆིང་ཤར་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཧུའུ་ནན་ཤར་རྒྱུད། ཅང་ཞི་དབུས་བྱང་རྒྱུད། ཀྲེ་ཅང་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།

  • པེ་ཅིང་། 2026པེ་ཅིང་དབྱི་ཀྲོང་མི་གཟུགས་འཕྲུལ་མིའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་གི་རྒྱུ་རྐྱེན་ཧྲིལ་པོའི་ཚོད་ལྟ་དེ་ཟླ4ཚེས11ནས་ཚེས12ཉིན་བར། པེ་ཅིང་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྤེལ་རྒྱུ་དང་། ལམ་དུམ་ཁག་གཅིག་གི་གནས་སྐབས་འགྲིམ་འགྲུལ་དོ་དམ་བྱ་རྒྱུ་ཡིན་པ་རེད།

  • ཧྲའན་ཞི་ཞི་ཨན། ལག་བརྒྱུད་རླངས་འཁོར་འཛད་སྤྱོད་ཁ་གསབ་བྱེད་སྒོ་སྤེལ་མགོ་བརྩམས་པ་དང་། མི་སྒེར་འཛད་སྤྱོད་པས་ལག་བརྒྱུད་རླངས་འཁོར་ཉོས་ཚེ་ཆེས་མང་ཤོས་ལ་ཁ་གསབ་སྒོར4000ཐོབ་རྒྱུ་རེད།


མཉམ་སྤྱོད།