དེ་རིང་ནི2026ལོའི་ཟླ04པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-14 09:20:05   |   108

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་བཅའ་སྡོད་བྱེད་མགོ་ཚུགས།

  • ཀྲུང་དབྱང་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་འཕར་ཚད་སྒོར་དུང་ཕྱུར་ཁྲི15ཙམ་ཟིན་པ་དང་། དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་བ། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་ཁོར་ཡུག་ལྷུག་པོ་རྒྱུན་འཁྱོངས་ཐུབ་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མཛུབ་ཁྲིད་རང་བཞིན་གྱི་གྱོད་གཞི་ཁག་གཅིག་ཁྱབ་བསྒྲགས་བྱས་ནས་མངོན་མེད་ལྐོག་རྔན་ལེན་པའི་ཉེས་གསོག་གསར་པར་ཁྲིམས་ལྟར་ཆད་པ་གཅོད་རྒྱུར་དམིགས་ཡོད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་ཐད་གཏོང་བྱ་དགའ་སྤྲོད་པའི་གཏན་འབེབས་ཁག11ཁྱབ་བསྒྲགས་བྱས་པའི་ནང་། དྲ་ཚིགས་ལས་སྟེགས་ཀྱིས་ལོ8མན་གྱི་ན་སོ་དར་ལ་མ་བབས་པའི་མིར་བྱ་དགའ་སྤྲོད་པའི་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

  • ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་དངོས་མང་སྟོན་ཚོགས་སྐབས་དྲུག་པ་དེ་ཟླ4པའི་ཚེས13ནས་ཚེས18ཉིན་བར་ཧའེ་ནན་དུ་འཚོག་རྒྱུ་རེད། དེ་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་གླིང་ཕྲན་སྒོ་ཁྲལ་སྡོམ་རྗེས་འཁོར་སྐྱོད་བྱེད་པའི་རྗེས་ཀྱི“འགྲེམས་སྟོན་ཐོག་མ”རེད།

  • 2026ལོའི་དམག་དཔུང་སློབ་གླིང་གིས་དམག་མི་བསྡུ་བའི་ཞིབ་བཤེར་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ་རེད།

  • ཟླ4པའི་ཚེས9ནས་ཚེས12ཉིན་བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་རྒྱུན་ལྡན་སྐོར་ཞིབ་བྱས་པ་རེད།

  • ཨ་རི་ཕྱོགས་ཀྱིས་ཧོར་མུའུ་ཙེ་མཚོ་འགག་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མཚོ་འགག་ཤར་གཏོང་ལ་འགོག་རྐྱེན་བཟོ་བའི་འབྱུང་རྩ་ནི་དབྱི་རན་གྱི་དམག་འཁྲུག་ལ་ཐུག་ཡོད། གནད་དོན་དེ་ཐག་གཅོད་བྱེད་པའི་ཐབས་ལམ་ནི་དམག་མཚམས་འཇོག་རྒྱུ་དེ་རེད་ཅེས་བཤད།

སྤྱི་ཚོགས།

  • ས་གནས་ཁག་གིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་ཤིང་། བྱ་དགའ་མཐོ་ཤོས་སྒོར་ཁྲི20སྤྲོད་རྒྱུ་རེད།

  • ད་ལོ་ནི་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ཉི་ཤུ་འགོར་བ་རེད། ཟླ4པའི་ཚེས13ཉིན་བར་མཚོ་བོད་ལྕགས་ལམ་བརྒྱུད་སྐྱེལ་འདྲེན་བྱས་པའི་དངོས་ཟོག་སྡོམ་འབོར་ཏུན་དུང་ཕྱུར1ལས་བརྒལ།

  • ཧུའུ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རིན་གཞོན་པ་ཝུའུ་ལན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གནས་ནས་ཕྱིར་ཕུད་པ་རེད།

  • ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཧྲི་ཀྲང་གཞོན་པ་ཅང་ཏུན་ཐའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གནས་ནས་ཕྱིར་ཕུད་པ་རེད།

  • རྒྱལ་ཁབ་ཐ་མག་ཆེད་ཚོང་ཅུའི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཧན་ཀྲན་ཝུའུ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གནས་ནས་ཕྱིར་ཕུད་པ་རེད།

  • ཀྲུང་གོ་མིག་མངས་མཐུན་ཚོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཧུང་ཀྲི་དང་། ཞེ་ཅིང་། ཞུས་ཁྲའོ་བཅས“ཉོ་ཚོང་མིག་མངས”ནང་ཞུགས་པས་ཚེ་གང་འགྲན་བསྡུར་བྱེད་མི་ཆོག་པའི་བརྡ་ཁྱབ་བཏང་བ་རེད།

  • ཞང་ཀང་གིས་ཐ་མག་ཚོད་འཛིན་བྱེད་ཐབས་རིམ་སྤོར་བྱས་ཏེ། ཟླ4པའི་ཚེས30ཉིན་ནས་བཟུང་མི་སུ་འདྲ་ཞིག་གིས་ཀྱང་སྤྱི་དམངས་བྱ་ཡུལ་དུ་ཐ་མག་ཐོན་རྫས་རིགས་གཞན(དཔེར་ན་གློག་རྡུལ་ཐ་མག་དང་རྩྭ་རྩིའི་ཐ་མག ཚ་སྣོན་ཐ་མག)འཁྱེར་མི་ཆོག་པ་དང་། འཛད་སྤྱོད་པས་མ་འཐེན་ནའང་བཟུང་ཡོད་ཚེ་ཁྲིམས་འགལ་ཡིན་པ་རེད།

图片4.png

  • སྐབས་དང་པོའི་འཛམ་གླིང་གི་སྦྲག་འཛིན་ཡག་ཤོས་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། 《འཛམ་གླིང་རིག་གནས་ཤུལ་བཞག་སྟེ་པེ་ཅིང་གི་དཀྱིལ་འཁོར་ཐིག》གི་དམིགས་བསལ་སྦྲག་རྟགས་ལྔ་པ《ཅོང་རྔའི་ཐོག་ཁང》ཞེས་པར་བྱ་དགའ་ཐོབ་པ་རེད།

640.gif

  • ཉེ་ཆར། དྲོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཡུན་ནན་གྱི་མོང་ལེན་ལ་ཕྱེ་མ་ལེབ་མང་པོ་ཐོན་ཞིང་། ཕྱེ་མ་ལེབ་སྣ་ཚོགས་ཀྱིས་ལྡེམ་ལྡེམ་འཁྱུག་འཁྱུག་གིས་ཞབས་བྲོ་འཁྲབ་པ་དེ་འགུལ་སྐྱོད་ཀྱི་མེ་ཏོག་དང་འདྲ།

དོ་སྣང་།

图片2.png

  • ཉེ་ཆར། 2026ལོའི་སྐབས་ལྔ་པའི་ཀྲུང་གོ་གཞོན་ནུའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་པེ་ཅིང་འགྲན་ཁུལ་གྱི་སྐྱེས་པའི་ཚོགས་ཆུངU10ནང་ཏུང་ཁྲེང་ལུས་རྩལ་སློབ་གྲྭའི་ལི་མདོག16རུ་ཁག་དང་སྤོ་ལོ་རྒྱག་མཁན་ལན་རུ་ཁག་གིས་འགྲན་བསྡུར་རྫུན་མ་བྱས་པ་རེད། མི་དམངས་དཔྱད་གླེང་གིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། ཀྲུང་གོའི་རྐང་རྩེད་སྤོ་ལོ་རྨང་གཞི་བརྟན་དུ་གཏོང་བའི་བརྒྱུད་རིམ་ནང་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་ཀྱི་འདྲ་མཉམ་འགྲན་བསྡུར་དང་། འགྲན་བསྡུར་དངོས་སྲུང་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གནད་དོན་དེ་མྱུ་གུ་འབུས་པའི་དུས་སུ་མེད་པར་བཟོས་ནས་འདྲ་མཉམ་འགྲན་བསྡུར་ལ་འགན་ལེན་གང་ལེགས་ཐུབ་ཚེ་གཞི་ནས་འགྲན་བསྡུར་ལ་དོན་སྙིང་ངོ་མ་ལྡན་པ་དང་། རྐང་རྩེད་སྤོ་ལོ་རྒྱག་མཁན་ན་གཞོན་འཚར་ལོངས་འབྱུང་བར་ད་གཟོད་དོན་སྙིང་ལྡན།

འཚོ་བའི་ཞབས་ཞུ།

图片1.png

  • གནམ་གཤིས། ཚེས13ཉིན་གྱི་དགོང་མོ་ནས་ཚེས14ཉིན་བར། འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ལྷོའི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་སུ་སྔར་བཞིན་ཆར་པ་འབབ་པའི་གནམ་གཤིས་ཡོད་པ་དང་། དེའི་ནང་ཧུའུ་ནན་གྱི་དབུས་ལྷོ་རྒྱུད་དང་། ཅང་ཞིའི་དབུས་ལྷོ་རྒྱུད། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད།

  • བདེ་ཐང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉེ་ཆར《ཀྲུང་གོའི་འབྲས་སྐྲན་འགོག་པའི་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་བསྲུང་བྱ(2026ལོའི་པར་གཞི)》ཁྱབ་བསྒྲགས་བྱས་ནས་གསོ་རིག་གི་དཔང་རྟགས་གཞིར་བཟུང་བའི་འབྲས་སྐྲན་འགོག་པའི་གྲོས་འགོ15བཏོན་ཡོད།

  • འགྲེམ་སྟོན། “ལི་ཅིང་ཞུན་དང་ཁོང་གི་དུས་རབས”ཀྱི་འགྲེམ་སྟོན་དེ་རྒྱལ་ཁབ་རྟེན་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་དང་། སུའེ་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་དང་། དཔལ་འབྱོར་སྤེལ་རེས། སྤྱི་ཚོགས་རིག་གནས། མི་རིགས་མཉམ་འདྲེས་སོགས་ཕྱོགས་མང་པོའི་ཐད་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་བརྒྱུད་རིམ་ལྡན་པའི་ངང་བཀོད་ཡོད།


མཉམ་སྤྱོད།