དེ་རིང་ནི2026ལོའི་ཟླ04པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-15 09:32:13   |   49

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

图片9.png

  • ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཕྲད་གནང་།

图片8.png

  • ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་དང་མཇལ་འཕྲད་གནང་།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏན་ཉི་ཨེར·ཧྥུ་ལང་ཞི་སི་ཁོ·ཁྲ་པོ་ཡིས་ཟླ4པའི་ཚེས16ནས་ཚེས22ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་རྫས་ཀྱི་རིན་གོང་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ཁྱབ་བསྒྲགས་བྱས་ཤིང་། བྱེད་ཐབས་ཁག14བཏོན་ཏེ་མི་སེར་གྱིས་ནད་ལ་ལྟ་བ་དང་སྨན་སྤྱོད་པར་སྟབས་བདེ་བསྐྲུན་ཡོད།

  • ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས15%འཕར་ཞིང་། སྒོར་དུང་ཕྱུར་ཁྲི11.84ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཁ་ནད་དང་། གསང་རྒྱུད་ཟགས་གཤེར། བསམ་པའི་གསོ་རིག་བཅས་ཁྱབ་ཁོངས་གསུམ2026ལོའི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱད་པའི་རང་བཤེར་རང་བཅོས་ལས་དོན་ནང་བཅུག་ཡོད།

图片7.png

  • ཚེས14ཉིན། རང་རྒྱལ་གྱིས་ཤར་རླུང་ཚོང་ལས་དབྱིངས་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་དུ་ཤུགས་མདའ་ཨང་དང་པོ་རྟགས་ཅན་གྱི་རྒྱང་སྐྱོད་མེ་ཤུགས་འཕུར་མདའ་བཅུ་གཉིས་སྤྱད་དེ་སྲུང་སྐར07A02སོགས་སྲུང་སྐར8བདེ་བླག་ངང་འཕེན་གཏོང་བྱས་ཤིང་། སྲུང་སྐར་སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་སླེབས་ཡོད།

  • ཚེས14ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག2308དམག་གྲུའི་དཔུང་ཁག་གིས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་སྐོར་ཞིབ་བྱས་པ་རེད།

  • ཚེས14ཉིན། ཕྱི་འབྲེལ་པུས་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཕྱོགས་སོ་སོས་དམག་མཚམས་འཇོག་པའི་བཀོད་སྒྲིག་ལ་བརྩི་སྲུང་ནན་མོ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས།

  • འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས14ཉིན་འཇར་པན་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་གྲི་ཆས་བཅའ་ཁྲིམས་ལས་འགལ་བའི་དོགས་གཞི་ཡོད་པའི་ཐོག་ནས་འཇར་པན་དུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་དུ་བཙན་མཆོང་བྱེད་མཁན་འཇར་པན་སྐམ་སའི་རང་སྲུང་རུ་ཁག་གི་རིམ་པ་གསུམ་པའི་དམག་དཔོན་ཚུན་ཐེན་ཧོང་ཏ་སླར་ཡང་འཛིན་བཟུང་བྱས་པ་རེད།

སྤྱི་ཚོགས།

图片6.png

  • ལྕགས་ལམ12306གྱིས2026ལོའི་ལྔ་གཅིག་དུས་ཆེན་རིང་གི་སྤ་སེ་ཉོ་བའི་ལོ་ཐོ་ཁྱབ་བསྒྲགས་བྱས།

  • ཚེས14ཉིན། རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཚན་རིག་རིག་ནུས་རྩིས་རྒྱག་ཁྱུ་ཚོགས་ཧོ་ནན་ཀྲེང་ཀྲོའུ་རུ་གནས་པའི་རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་དྲ་སྦྲེལ་གྱི་ལྟེ་བའི་ལྷུ་ཚིགས་སུ་སྤྱོད་མགོ་ཚུགས།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་། དཔལ་འབྱོར་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པ་པི་ཅིང་ཆོན་གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ་རེད།

  • ཀྲུང་གོ་གོ་མཚོན་སྒྲིག་ཆས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཝེ་ཏུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལིའུ་ཝེ་ཏུང་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

  • ཚེས13ནས་ཚེས14ཉིན་བར། ཧེང་ཏ་སྡེ་ཚོགས་དང་ཧེང་ཏ་ས་ཁང་བདག་ཁོངས། ཞུས་ཅ་དབྱིན་གྱོད་གཞི་བཅས་ཀྱི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ་རེད།

  • ཚེས14ཉིན་གྱི་དུས་ཚོད12དང་སྐར་མ08བར། 2026ལོ་འཁོར་གྱི་གློག་བརྙན་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར125ལས་བརྒལ་ཡོད་པ་རེད།

图片5.png

  • ང་རྒྱལ་གྱིས་ཤར་རྒྱུད་མཚོ་ཁོངས་ཀྱིམཚོ་གཏིང་རྫས་འགྱུར་གཞི་རྒྱུའི་རི་མོཐོག་མར་ཁྱབ་བསྒྲགས་བྱས་ཤིང་། འབྲེལ་ཡོད་མཚོ་འགྲམ་རྒྱུད་དང་མཚོ་ཁོངས་བར་མཐོངས་འཆར་འགོད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཐོན་ཁུངས་རྩད་ཞིབ་སོགས་ཀྱི་ལས་དོན་ལ་གྲངས་གཞིའི་འདེགས་སྐྱོར་གནད་འཁེལ་མཁོ་འདོན་བྱས་ཡོད།

  • ཚེས13ཉིན། པེ་ཅིང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཧ་ལུའོ་སྤྱི་གཉེར་ལ་སྐོང་འདྲི་བྱས་ཏེ། ཧ་ལུའོ་སྤྱི་གཉེར་གྱིས་སྒྲིག་འགལ་ངང་ཐོ་འགོད་སྙན་སེང་མ་ཞུས་པའི་རླངས་འཁོར་འབོར་ཆེན་ཁྲོམ་ར་བཏང་པ་བསྟན། ཚེས17ཉིན་གྱི་སྔོན་ལ་ཁྲིམས་འགལ་ངང་བཏང་བའི་རླངས་འཁོར་ཚང་མ་ཕྱིར་བསྡུ་དགོས་པའི་བཀའ་བཏང་བ་རེད།

  • ཉོ་མཁན་ལུའུ་ག་གེ་མོས་གློག་རྡུལ་ཚོང་དོན་ལས་སྟེགས་སུ“ཉིན་བདུན་རིང་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག”ཆོག་པའི་རྩ་དོན་ཐེངས་མང་སྤྱད་དེ་བདེན་རྫུན་བརྗེ་བའི་བྱེད་ཐབས་ལ་བརྟེན་ནས་ནག་ཉེས་བཟོས་པས་ཁྲིམས་ཁང་གིས་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ཟླ་བ་དྲུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

640 (1).gif

  • ཀྲེ་ཅང་ཧུའུ་ཀྲོའུ་ཡི་མི་དམངས་སྡོད་ཁང་ཞིག་གློག་སྒུལ་རླངས་འཁོར་ལ་མེ་ཤོར་བའི་རྐྱེན་གྱིས་གློ་བུར་དུ་མེ་སྐྱོན་བྱུང་བ་དང་། ཕྱི་འཚོང་ཕོ་གསར་ཧོང་པོ་ཡིས་སྐབས་ཤིག་རིང་མེ་གསོད་འཕྲུལ་ཆས་ཁྱེར་ནས་མེ་སྐྱོན་ཤོར་སར་འཛུལ་ཏེ་མི་མང་པོའི་གཞོགས་འདེགས་འོག་མེ་སྐྱོན་ཚོད་འཛིན་བྱས་ནས་ཉེན་ཁ་དེ་བས་ཆེ་བ་མི་ཡོང་བ་བྱས།

དོ་སྣང་།

图片3.png

  • ཉེ་ཆར། བྱང་ཕྱོགས་ཀྱི་ས་ཆ་མང་པོ་ཞིག“སྡོང་བལ་ལྷུང་བའི་དུས་ཚིགས”སུ་སླེབས་པ་དང་མི་མི་ཉུང་བ་ཞིག་སྣ་ཟ་བ་དང་། མིག་དམར་པོ་གྱུར་པ། ཧབ་སྦྲིད་རྒྱུན་ཆད་མེད་པར་རྒྱག་པ་སོགས་ཀྱི་སྣང་ཚུལ་ཡོད། དྲ་གྲོགས་ཤིག་གིས་དབུགས་ཐེངས་གཅིག་གིས་ལྕང་མ་སྡོང་བོ་ཚང་མ་གཅོད་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཤིང་སྡོང་གསར་དུ་འབུས་པའི་དུས་ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་ཀྱི་ནུས་པ་མགྱོགས་མྱུར་སླར་གསོ་བྱེད་ཐབས་བྲལ། མི་དམངས་དཔྱད་གླེང་གིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་པར་བྲེལ་འཚུབ་ཆེ་མི་རུང་ལ་མཚམས་ཀྱང་འཇོག་མི་རུང་། མིག་སྔར་སྡོང་བལ་བཅོས་སྐྱོང་བྱེད་བཞིན་ཡོད། འཕེལ་རྒྱས་ནི་སྐྱོན་དང་བྲལ་བ་ཞིག་མིན་ལ། གནད་དོན་ཡང་ཞག་གཅིག་རིང་མེད་པར་འགྱུར་མི་སྲིད། འོན་ཀྱང་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཁ་གཏད་འཇལ་བ། གནད་དོན་ཐག་གཅོད་བཅས་བྱེད་པའི་བརྒྱུད་རིམ་ནང་གྲོང་ཁྱེར་དེ་བས་བདེ་སྡོད་ཡོང་བ་དང་། བཅོས་སྐྱོང་དེ་བས་ཞིབ་ཚགས་སུ་ཕྱིན་པ། འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད།

འཚོ་བའི་ཞབས་ཞུ།

图片2.png

  • གནམ་གཤིས། ཚེས15ཉིན་ནས་བཟུང་འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད་དང་། ཧྭ་ལྷོའི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་སུ་ཆར་པ་འབབ་ཚད་ཆེ་རུ་འགྲོ་རྒྱུ་དང་། ཚེས15ནས་ཚེས17ཉིན་བར་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ནང་སོག་གི་དབུས་ཤར་རྒྱུད། ཧྭ་བྱང། ཧོང་ཧོའེ་དང་དེ་བཞིན་བྱང་ཤར་ས་ཁུལ་སོགས་སུ་སྔ་རྗེས་སུ་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་དྲག་ཆར་འབབ་རྒྱུ་རེད།

图片1.png

  • མེ་ཏོག་གི་ཟེའུ་རྡུལ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀྲུང་གོ་གནམ་གཤིས་ཅུས་ཚེས14ཉིན་མཉམ་འབྲེལ་ཐོག་འབྱུང་འགྱུར་གཟའ་འཁོར་གཅིག་གི་མེ་ཏོག་གི་ཟེའུ་རྡུལ་གར་ཚད་སྔོན་བརྡ་གཏོང་བའི་ཞབས་ཞུའི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་རེད།

  • ཅང་ཞིའི་ནན་ཁྲང་། ཚེས14ཉིན“ཧན་རྒྱལ་རབས་ཀྱི་ཧའེ་ཧྲུའུ་ཧོའུ་རྒྱལ་ཁབ་ཀྱི་ཁྲམ་ཡིག་རིག་གནས་འགྲེམ་སྟོན”ནན་ཁྲང་ཧན་རྒྱལ་རབས་ཀྱི་ཧའེ་ཧྲུའུ་ཧོའུ་རྒྱལ་ཁབ་གནའ་ཤུལ་རྟེན་མཛོད་ཁང་དུ་འགྲེམ་སྟོན་བྱེད་མགོ་ཚུགས་པ་དང་། གསར་དུ་ཉམས་གསོ་བྱས་པའི་ཁྲམ་ཡིག་བརྒྱ་ལྷག་ཙམ་ཐོག་མར་འགྲེམས་སྟོན་བྱས་པ་རེད།


མཉམ་སྤྱོད།