དེ་རིང་ནི2026ལོའི་ཟླ04པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-16 09:30:26   |   44

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

图片7.png

  • ཟླ4པའིཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་ཞིང་། གྲོས་མོལ་སྔོན་ལ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་མདུན་གྱི་ཐང་ཆེན་དུ་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ཡུས་ལ་བསུ་མའི་མཛད་སྒོ་སྤེལ།

图片6.png

  • ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་ཕྱི་འབྲེལ་པུ་ཀྲང་ལ་ཧྥུ་ལུའོ་ཧྥུ་དང་མཇལ་འཕྲད་གནང་།

  • ཟླ4པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས་བརྒྱད་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པ་ལ་སྐུལ་འདེད་དང་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ》ཞེས་པའི་གསུང་རྩོམ་གལ་ཆེན་སྤེལ།

  • ཉེ་ཆར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ཚོགས་ཆུང15སྔ་རྗེས་སུ་སྐོར་ཞིབ་ལས་ཁུངས་སོ་སོར་བཅའ་སྡོད་བྱེད་མགོ་བརྩམས་ཏེ། དུས་ཡུན་ཟླ་བ་གཉིས་དང་ཕྱེད་ཀ་ཙམ་གྱི་རྒྱུན་ལྡན་སྐོར་ཞིབ་བྱེད་མགོ་ཚུགས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《མ་འཇོག་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

图片5.png

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཀྲེ་ཅང་ཁྲང་ཧྲན་རི་བོ་དང་སི་ཁྲོན་གྱི་སྐུ་བླ་རི་བོ་དེ་འཛམ་གླིང་ས་གཤིས་སྤྱི་གླིང་དུ་དངོས་སུ་གྱུར་པ་རེད།

  • ཚེས14ཉིན་བར། ད་ལོ་ཀྲུང་གོ་དང་ཡོ་རོབ་བར་དུས་གཏན་མེ་འཁོར2000ལས་བརྒལ་བ་ཤར་གཏོང་ཐུབ་པ་དང་། དངོས་ཟོག་ཚད་ལྡན་སྒམ200804སྐྱེལ་འདྲེན་བྱས། འཕར་ཚད44.8%ཟིན་ཡོད།

  • དབྱི་རན་ཕྱོགས་ཀྱིས་ཚེས15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་དབྱི་རན་གྱི་གྲུ་ཁར་མཚོ་ཐོག་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་ཀྱང་དབྱི་རན་གྱི་མཚོ་ཐོག་སྐྱེལ་འདྲེན་སྔར་བཞིན་རྒྱུན་གཏན་དང་རྒྱུན་མཐུད་ངང་བྱེད་ཀྱིན་ཡོད།

  • ཨ་རིའི་ཏེ་ཀྲོའུ་ཡིས“ཡུན་རིང་རང་བཞིན་གྱི་རྫས་འགྱུར་དངོས་པོའི”གནད་དོན་ཐད་ལུའུ་ལུའུ་ལེ་མེང(Lululemon)ལ་བརྟག་དཔྱད་བྱས་པ་རེད།

སྤྱི་ཚོགས།

  • 《ཀྲུང་གོའི་དྲ་རྒྱའི་ལྟ་ཉན་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ(2026ལོ)》ཁྱབ་བསྒྲགས་བྱས་པར་གཞིགས་ན། 2025ལོའི་ཟླ12པའི་བར་རང་རྒྱལ་གྱི་དྲ་རྒྱའི་ལྟ་ཉན་སྤྱོད་མཁན་དུང་ཕྱུར10.99ཟིན་པ་དང་། དེ་དུས་མཚུངས་ལས་མི་ཁྲི776འཕར་ཡོད།

  • རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཉེ་ཆར2025ལོ་ནས2026ལོའི་བར་གྱི་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཐེར་འདོན་བྱས་པར་གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་། ཁྱོན་མང་ཚོགས103ལ་གཟེངས་བསྟོད་དང་བྱ་དགའ་ཐོབ་ཡོད།

  • མི་དམངས་མཚོ་དམག་གིས་ཉེ་དུས་ས་ཆ་མང་པོར་དམག་གྲུ་སྒོ་འབྱེད་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། མིག་སྔར་པེ་ཧའེ་དམག་གྲུ་རུ་ཁག་དང་ལྷོ་རྒྱ་མཚོའི་དམག་གྲུ་རུ་ཁག་གིས་བྱེད་སྒོའི་སྤྱི་བསྒྲགས་སྤེལ་ཡོད།

  • ཚེས15ཉིན་སྐབས139པའི་ཀོང་ཀྲོའུ་ཚོང་འདུས་འགྲེམ་ཚོགས་ཀོང་ཀྲོའུ་རུ་དངོས་སུ་འཚོགས་པ་རེད།

图片4.png

  • ཚེས15ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའིHH-200མཁའ་འགྲུལ་ཚོང་སྤྱོད་ཀྱི་མི་མེད་སྐྱེལ་འདྲེན་མ་ལག་ཐེངས་དང་པོ་བདེ་བླག་ངང་འཕུར་སྐྱོད་བྱས་པ་རེད།

图片3.png

  • གོ་ལ་ཧྲིལ་པོའི་ཏུན་ཁྲི་རིམ་པའི་གློག་སྒུལ་རྐྱང་པའི་རིག་ནུས་དོས་སྒམ་གྲུ་གཟིངས་ཆེ་ཤོས་དེ་ཚེས15ཉིན་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ནས་ཐོག་མར་ལམ་ལ་ཆས་དེ་ཚོང་ལས་གཉེར་སྐྱོང་ནང་དངོས་སུ་ཞུགས་ཡོད་པ་རེད།

  • ཚེས14ཉིན། སུང་ཧྭ་ཅང་གཙང་པོའི་ཆུ་གཞུང་ཅ་མུའུ་སི་དུམ་བུར་གཙང་པོའི་དར་ཁ་ཕྱེས་པ་དང་དར་ཁ་ཕྱེས་པའི་དུས་ཚོད་དེ་སྔོན་དང་གཅིག་མཚུངས་ཡིན།

  • 2026ལོའི་མི་གཟུགས་འཕྲུལ་མིའི་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་དེ་ཚེས19ཉིན་པེ་ཅིང་དབྱི་ཀྲོང་དུ་མགོ་བརྩམ་རྒྱུ་རེད།

640.gif

  • སི་ཁྲོན་ཀོང་ཨན་གྱི་བུ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ཨ་མ་ཆུ་ནང་དུ་མཆོང་ནས་སྐྱོབ་ཀྱང་སྐྱོབ་མ་ཐུབ། ཉེན་ཁ་ཆེ་བའི་འགག་རྩའི་དུས་སུ་ཆུ་འགྲམ་གྱི་མི་རྣམས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱིས་ལག་པ་འཐེན་ནས་མི་གཉིས་ངོགས་སུ་བསྐྱབས་པ་རེད།

དོ་སྣང་།

图片2.png

  • ཉེ་ཆར། ལོ་རབས90པའི་བཟའ་ཟླ་གཉིས་ཀྱིསAIཡོ་བྱད་སྤྱད་དེ་ནང་དོན་འབོར་ཆེན་ཐོན་སྐྱེད་བྱས་ཏེ། ལས་སྟེགས་རྩིས་རྒྱག་ཐབས་ལ་བསྟུན་པའི་རྩོམ་ཡིག་བྲིས་པ་དང་། སློབ་སྦྱོང་བྱེད་མཁན་ཁ་ཤས་ཀྱིས་ད་དུང་ཁོ་ཚོར་ཁག་ཐེག་དངུལ་སྤྲད་པ་རེད། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་དོན། གལ་ཏེAIདེ“ཁེ་སྤོགས་ལེན་བྱེད་ཀྱི་ཡོ་བྱད”དུ་བརྩིས་ཏེ། གཞི་ཁྱོན་ཅན་དང་འབོར་ཚད་ཅན་གྱི“མི་ངོ་མ་མིན་པའི་རང་འགུལ་ཅན་གྱི་གསར་རྩོམ”ཁོ་ན་དོན་གཉེར་བྱས་ཚེ། གསར་རྩོམ་གྱི་དོན་དངོས་དང་འགལ་ནས་ཐ་ཤལ་དང་། རྫུན་མ། ནང་དོན་ཟབ་མོ་མིན་པ་བཅས་ཀྱི“གྲངས་འཛིན་བཤལ་ཆུ”ཐོན་སྐྱེད་བྱེད་ངེས་རེད། སྤུས་ལེགས་ནང་དོན་ནི་མྱུར་ལམ་དང་འབོར་ཚད་ལ་ཐུག་མེད་པར་ཉིན་མཚན་དབྱེར་མེད་ཀྱིས་གསར་རྩོམ་བྱས་པ་བརྒྱུད་མིའི་རིགས་ཀྱི་བརྩེ་བ་ཟབ་མོ་དང་རིན་ཐང་གི་ཐུན་མོང་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རེད།

འཚོ་བའི་ཞབས་ཞུ།

图片1.png

  • གནམ་གཤིས། འབྱུང་འགྱུར་ཉིན་གཉིས་ནང་ལྷོ་ཕྱོགས་སུ་རེས་སྐོར་གསར་པའི་ཆར་པ་འབབ་རྒྱུ་དང་འབྲེལ་གཏད་རྒྱུག་གི་གནམ་གཤིས་ཡོད་རྒྱུ་རེད། བྱང་ཕྱོགས་ས་ཁུལ་དུའང་ནུབ་ནས་ཤར་ཕྱོགས་སུ་གཞི་ཁྱོན་ཆེ་བའི་ཆར་པ་འབབ་རྒྱུ་རེད།

  • ཧའེ་ནན། ཚེས15ཉིན་ནས་བཟུང2026ལོའི“ལྔ་གཅིག”ངལ་གསོའི་དུས་སུ་ཆུང་ཀྲོའུ་མཚོ་འགག་གི་མཚོ་སྒྲོལ་གྲུ་གཟིངས་ཀྱི་སྤ་སེ་དངོས་སུ་འཚོང་མགོ་ཚུགས་པ་དང་། གླིང་ཕྲན་ནས་འགྲོ་འོང་བྱེད་པའི་གྲུ་གཟིངས་ཀྱི་སྤ་སེ་ཉིན15ཡི་སྔ་སྣུར་དུ་འཚོང་རྒྱུ་རེད།

  • ཧུའུ་ནན། ཧུའུ་ནན་ཞིང་ཆེན་རྟེན་མཛོད་ཁང་དང་ཧུའུ་ནན་སྔོན་གཤེགས་དཔའ་བོའི་སྤྱི་གླིང་གི་འགྲེམ་གླིང་མཉམ་འདྲེས་བྱེད་པའི་བགྲོད་ལམ་དངོས་སུ་སྤྱོད་མགོ་ཚུགས་པ་རེད། རྗེས་སུ་སྤྱི་གླིང་ལ་ཉུལ་རྗེས་ཐད་ཀར་འགྲེམ་སྟོན་ལ་བལྟ་རུ་འགྲོ་ཐུབ། འགྲེམ་སྟོན་ལ་བལྟས་ཚར་རྗེས་སྤྱི་གླིང་ལ་ཐོན་ཡོད།


མཉམ་སྤྱོད།