དེ་རིང་ནི2026ལོའི་ཟླ04པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-17 09:14:38   |   34

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར(GDP)སྒོར་དུང་ཕྱུར334193ཡིན་པ་དང་། དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས5.0%འཕར་ནས་རྒྱལ་དམངས་དཔལ་འབྱོར་གྱི་མགོ་ཡག་པོ་ཞིག་ཚུགས་ཡོད་པ་མངོན་འགྱུར་བྱུང་།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པར། ཟླ་གསུམ་པར་རྒྱལ་མཚམས་སྒྲོལ་བའི་ཡོང་འབབ་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི1.7སླེབས་པ་དང་། དེ་དུས་མཚུངས་ལས26%འཕར་ཡོད།

  • ཟླ་གསུམ་པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས410.9སླེབས་པ་དང་། དེ་དུས་མཚུངས་ལས2.4%འཕར་ཡོད།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུCCCབདེན་དཔང་ར་སྤྲོད་ཀྱི་མཐའ་ཚད་སྲུང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ནས། རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་སྒྲིག་འཛུགས་བྱས་ཏེCCCབདེན་དཔང་ར་སྤྲོད་དོ་དམ་སྔར་བས་ནན་མོ་བྱ་རྒྱུ་རེད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཡོངས་བསྒྲགས་ངང་མ་རྐང་འོས་སྦྱོར་བྱེད་པ་དང་། ཚོགས་པའི་ནང་ཞུགས་རྒྱུར་བསླུ་འགུགས་བྱས་ནས་མ་རྐང་འོས་སྦྱོར་བྱེད་པ། ཁྲིམས་འགལ་ངང་རྐང་དངུལ་འོས་སྦྱོར་བྱེད་པའི་རྩིས་ཐོའི་ཨང་གྲངས་ཁག་གཅིག་ཁྲིམས་ལྟར་ཐག་གཅོད་བྱས་ནས་དཔེ་མཚོན་གྱོད་དཔེ་ཁག་ཅིག་བརྡ་ཁྱབ་བཏང་བ་རེད།

  • 2025ལོར་རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཁྲི1.4གསར་དུ་བཙུགས་ཤིང་། དེ་དུས་མཚུངས་ལས27.2%འཕར་ཡོད།

图片6.png

  • ཚེས16ཉིན། སྐབས་དྲུག་པའི་འཛད་སྤྱོད་པའི་དངོས་མང་སྟོན་ཚོགས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྒོ་ཕྱེས་པ་དང་། སྤྱི་དམངས་ཉིན་རེར་མི་ཐེངས་ཁྲི5ལས་བརྒལ་བ་སྟོན་ཚོགས་ལ་ཞུགས།

  • ཕྱི་འབྲེལ་པུས་ཨ་རིར་འགྲོ་བའི་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་མཚམས་སྒྲོལ་བའི་བདེ་འཇགས་ཉེན་ཁར་དོ་སྣང་བྱ་དགོས་པ་དང་། ཨ་རིའི་ཞི་ཡ་ཐུའུ་གནམ་ཐང་ནས་མངའ་ཁོངས་སུ་མི་འགྲོ་བའི་དྲན་སྐུལ་བྱས།

  • པུའུ་ཅི་ན་ཧྥ་སུའོ་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་པུའུ་ཅི་ན་ཧྥ་སུའོ་རུ་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་ཀྲུང་གོའི་སྤྱི་དམངས་ཀྱིས་བདེ་འཇགས་དོགས་ཟོན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་ཧ་ཅང་ཆེ་བའི་ས་ཁུལ་དུ་མི་འགྲོ་བའི་དྲན་སྐུལ་བྱས་པ་རེད།

སྤྱི་ཚོགས།

  • 《ཀྲུང་གོའི་དྲ་རྒྱའི་ལྟ་ཉན་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུའི(2026)》ནང2025ལོརAI(མི་ཐབས་རིག་ནུས)ལས་གྲུབ་པའི་བརྙན་ལམ་དང་སྒྲ་བརྙན་རིམ་རྩིས་བྱས་ན་དུང་ཕྱུར20ལས་བརྒལ་ཞིང་། དེ2024ལོ་ལས་ལྡབ14ཡན་འཕར་ཡོད་པ་རེད།

  • ཟླ་གསུམ་པར་གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རིན་གོང་ཟླ་བ་གོང་མ་དང་མཉམ་པ་ནས0.2%འཕར་ཡོད།

  • ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས6ཉིན་བར། འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི397.5སྐྱེལ་འདྲེན་བྱ་རྒྱུ་དང་དེ་ལོ་རིམ་བྱུང་གི“ལྔ་གཅིག”ངལ་གསོའི་རིང་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མཐོ་ཤོས་ཡིན་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཧུའུ་པེ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཀྲོའུ་ཞན་ཝང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ་རེད།

  • ཚེས16ཉིན། སྐབས་བཅུ་དྲུག་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མགོ་ཚུགས་པ་རེད། སྐབས་འདིའི་གློག་བརྙན་དུས་ཆེན་དུས་ཡུན་ཉིན10ཡིན་པ་དང་། “ཐེན་ཐན་བྱ་དགའ”དཔྱད་འདེམས་བྱ་རྒྱུ་དང་། སྐབས33པའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

  • ཚེས20ནས་ཚེས26ཉིན་བར། རྒྱལ་ཡོངས་སུ“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”ཐོག་མ་དེ་བསུ་རྒྱུ་རེད།

图片5.png

  • རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་གཉིས་པ“ཨའེ་ཏ·ཧྭ་ཁྲེང་རྟགས་ཅན”དེ་ཟླ11པའི་ཚེས6ཉིན་དངོས་སུ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་། དེ་སྔོན་གྱི་འཆར་གཞི་ལས་ཟླ་བ་གཉིས་ཀྱི་སྔ་སྣུར་བྱས་ཡོད།

  • ཉེ་ཆར། དྲ་རྒྱའི་ཐོག་ཐུང་ཅི་སློབ་ཆེན་གྱི་དགེ་རྒན་ཝང་ལགས་ཀྱིས་སྤེལ་བའི་འབྲེལ་ཡོད་དཔྱད་རྩོམ་གྱི་གྲངས་གཞིར་དོགས་པ་ཡོད་པའི་གནས་ཚུལ་ལ་དམིགས་ནས། ཚེས16ཉིན་ཐུང་ཅི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གསལ་བཤད་བྱས་པ་སྟེ། སློབ་གྲྭས་ཚད་མཐོའི་མཐོང་ཆེན་བྱས་ནས་བརྟག་དཔྱད་ཚོགས་ཆུང་བཙུགས་པ་རེད།

图片4.png

  • རང་རྒྱལ་གྱི་ཚན་རིག་པས་ཐོག་མར་མིས་བཟོས་པའི“ཟླུམ་གོར་དབྱིབས་ཀྱི་གློག་འཁྱུག”མངོན་འགྱུར་བྱས་ཏེ། ཟླུམ་གོར་དབྱིབས་ཀྱི་གློག་འཁྱུག་པའི་ངོ་བོ་ནི“གློག་ཁབ་ལེན་ཁེར་རྐྱང”ཡིན་པ་གསལ་སྟོན་དང་ར་སྤྲོད་བྱས་པ་དང་། འབྲེལ་ཡོད་གྲུབ་འབྲས་རྒྱལ་སྤྱིའི་དབང་གྲགས་རིག་གཞུང་དུས་དེབ《རང་བྱུང·འོད་རྡུལ་རིག་པ》རུ་བཀོད་ཡོད།

640 (1).gif

  • ཉེ་ཆར། ཅང་ཞི་ཀན་ཀྲོའུ་ཡི་རྒན་པ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་། ཉེན་ཁའི་དུས་སུ་ལོ58ལ་སླེབས་པའི་འགྲིམ་འགྲུལ་ཁྲིམས་འཛིན་མི་སྣ་ཝུའུ་ཏ་ལིན་མྱུར་དུ་རྒྱུག་ཆེ་བའི་ཆུ་རྒྱུན་དུ་མཆོངས་ནས་རྒན་པ་དེ་ཆུ་འགྲམ་དུ་བསྐྱབས།

དོ་སྣང་།

图片2.png

  • “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་ཚིགས་དང་པོའི་ཀྲུང་གོའི་དཔལ་འབྱོར“དུས་ཚིགས་དང་པོའི་སྙན་ཞུ”བཏོན་པ་སྟེ། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན། GDPདུས་མཚུངས་ལས5.0%འཕར་ཡོད། མི་དམངས་ཉིན་རེའི་ཚགས་པར་གྱི“དཔལ་འབྱོར་ཚ་གནད་མྱུར་དཔྱད”ཀྱིས་ཡིག་ཆ་བཀྲམ་དོན། འཕར་ཚད་འདི་ནི་ད་ལོའི་ལོ་ཧྲིལ་པོའི“4.5%-5%”འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་བར་མཚམས་ཀྱི་མཐོ་ཚད་དུ་སླེབས་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་པ་དང་། དམིགས་ཚད་གཙོ་བོ་སྔོན་དཔག་ལས་ལེགས་པ་ཡོད། མིག་སྔར་ཕྱི་ཕྱོགས་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་བཞིན་མང་པོ་ཡོད་པས་དཔལ་འབྱོར་བརྟན་ཐོག་ལེགས་སུ་འགྲོ་བའི་རྨང་གཞི་སྔར་བཞིན་སྲ་བརྟན་དང་བརྟན་དུ་གཏོང་དགོས། ཆར་རླུང་ཁྲོད་འཚར་ལོངས་དང་སྟོབས་ཆེར་འགྲོ་བའི་ཀྲུང་གོའི་དཔལ་འབྱོར་དེ་སྔར་བཞིན་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་དེ། “སྔོན་དཔག་ལས་ལེགས་པ”སྔར་ལས་མང་བ་གཏོད་ཐུབ་ངེས་རེད།

འཚོ་བའི་ཞབས་ཞུ།

图片1.png

  • གནམ་གཤིས། སྔོན་དཔག་བྱས་ན་དེ་རིང་འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ལྷོའི་བྱང་རྒྱུད། ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་དང་དྲག་ཆར་འབབ་རྒྱུ་རེད། ཚེས19ཉིན་ནས་བཟུང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ནུབ་རྒྱུད། ཧྭ་ལྷོའི་ནུབ་རྒྱུད་སོགས་སུ་ད་དུང་ཆར་པ་འབབ་རྒྱུ་རེད།

  • ཀོང་ཞི། “ཀོང་ཞིའི་ཟླ་གསུམ་པའི་ཚེས་གསུམ”གྱི་དུས་ཆེན་དང་། ལྔ་གཅིག ལྔ་པའི་ཚེས་ལྔའི་དུས་ཆེན་བཅས་ཀྱི་ངལ་གསོའི་དུས་ཚོད་གསུམ་རིང“འཛད་སྤྱོད་འཛིན་ཤོག”ཁྲི300ལྷག་ཙམ་སྤྲད་ནས་འཛད་སྤྱོད་པར་དངོས་ཟོག་ཉོ་སྒྲུབ་ཀྱི་གཟིགས་སྐྱོང་ཕན་བདེ་བསྐྲུན་རྒྱུ་རེད།

  • ཁྲེང་ཏུའུ་དང་ཁྲུང་ཆིང་། ཚེས15ཉིན་ནས་བཟུང་ཁྲེང་ཡུས་གྲོང་སྦྲེལ་ལྕགས་ལམ་གྱིས་བབས་ཚུགས་གཅིག་ལས་ཐད་ཀར་ཐོན་པའི་ཚད་ཤིང་ལྕགས་ལམ་ཐེངས་མང་གཏོང་རྒྱུ་ཡིན་པ་དང་། དུས་ཚོད་ཐུང་ངུ་ལ་ཆུ་ཚོད་གཅིག་དང་སྐར་མ02ལས་མི་དགོས།


མཉམ་སྤྱོད།